Skip to main content Skip to search
21 Jun 2018
3 min 21 sec
Video Overview
Creators: 
Duptho, Sonam Chophel
Transcript search
No results found for this search
0 of 0
  • དོ་ནུ། Donu
    ཧེ་མ་ ཨ་ནཱི་ ང་བཅས་དམག་མི་འགྱོ་བའི་སྐབས་ འཐུ་སྦེ་འབགཔ་ད་ལུ་ ལོ་བཅོ་བརྒྱད་ལས་ཡར་འབག་དེས་ལགས། ལོ་བཅོ་བརྒྱད་ ཏེ་ང་བཅས་བུ་སྤུན་ཆ་བཞི་ཡོད་ཟེར་ བུ་སྤུན་བཞི་སྡོད་ཡི་ འ་ནཱ་ལས་ ང་ཕོ་རྒནམ་སྦོམ་ཟེར་ ལོ་བཅོ་བརྒྱད་ཡར་སོ་ནུག་ཟེར་ འབག་ཡི་ལགས། དྲུང་པ་བཱ་བུ་དཀར་ཅུང་ལས་ཡར་ འགོ་དང་པ་གི་སྐབས་ལུ་ཨིན་ལགས།
  • དོ་ནུ་ Donu
    བཱ་བུ་དཀར་ཅུང་གི་སྐབས་ལུ་ དངུལ་ཕོགས་འབད་རུང་ ག་ཅི་འབད་རུང་ ཤི་ཀི་རེ་རྐྱངམ་ཅིག་འདུག་ལགས། གོ་ལ་ཡང་ང་བཅས་ར་གྱོན་ཏེ་ཨིན། ཏེ་དམག་གོ་ཡང་ཁ་ཤ་རེ་རེ་དང་ཞྭམོ་ཡང་ཚར་ཞྭམོ་ ང་བཅས་ད་ལྟོ་གཡུས་ཁའི་ཚར་ཞྭམོ་འདུག་མེན་ན་ལགས་ འ་ནཱི་བཙུགས་སྡོག་ཡི་ ཉིམ་གྱིས་འཚིགས་ བཀྲིས་སྒང་ལུ་ ཐང་བཅདཔ་ད་ལུ་ ཨ་ནཱི་ཀི་ལིང་ཤིང་གི་རྩ་བར་ ཐང་ཚུ་ག་ར་ ང་བཅས་ཀྱིས་བཟོ་ཡི་ལགས།
  • དོ་ནུ་ Donu
    དེ་ལས་ ས་ཚི་ཁ་ལུ་གནམ་གྲུ་བུད་འགྱོ་སྦེ་ རྟ་ཝང་ལུ་འགྱོ་ཡི་ལགས་ དེ་གི་ཤུལ་ལས་མཐོང་རོང་ལུ་སྡོད་ཅི་ལགས། དེ་གི་ཤུལ་ལས་བྱང་ཕུ་རྩེ་ལུ་སྡོད་ཅི་ལགས། དེ་གི་ཤུལ་ལས་ ཡར་[ཤིང་ཕོད་རྟ་ཕོད་ལུང་?]ལུ་སྡོད་ཅི་ལགས་ ཨ་ནཱི་[རྟ་ཕོད་ལུང་?]ལུ་ལྷོདཔ་ད་ ཏི་རུ་རེ་འདུག་ལགས་དངུལ་ཕོགས་ཟླཝ་རེ་ལུ།
  • དོ་ནུ་ Donu
    ཏེ་ཁུར་ཆ་འབག་མི་ལུ་འདི་ ཤི་ཀི་རེ་རྐྱངམ་ཅིག་ ཁུར་ཆ་འབག་སྟེ་ ནགས་ཚལ་ནང་ན་ ཁཝ་ནང་ན་ ཉིནམ་གཅིག་ལུ་ ཤི་ཀི་རེ་རྐྱངམ་ཅིག་བྱིན་འོང་ལགས་ རོགས་ཁུར་ཆ་སྐྱེལ་མི་ཚུ་ ཁུར་ཆ་འབག་མི་ཚུ་ལུ།
  • དོ་ནུ་ Donu
    ཏེ་འ་ནཱི་སྦེ་དཀའཝ་སྤྱད་ཅི་ དེ་སྦེ་འགྱོ་སྦེ་ ད་རུང་བསྟན་སྐྱོང་གླིང་ལུ་འགྱོ་སྦེ་ བསྟན་སྐྱོང་གླིང་ལུ་ ས་ཐང་ག་ར་ ང་བཅས་ཀྱིས་བཅད་བཅདཔ་ཨིན་ལགས་ག་ར་ ཏེ་དམག་མི་ནང་འཛུལ་ ལྟོ་རྒྱགས་འདིནི་ བསྟན་སྐྱོང་གླིང་ལུ་ལྷོདཔ་དནི་ ལྟོ་རང་འདུག ཚོདམ་འདི་ ནགས་སྐྱེས་འདུག
  • དོ་ནུ་ Donu
    ཚོད་བསྲེ་མེད་པར་ ཡར་ལྟོ་རྒྱགས་ཡང་ཡར་ ད་ལྟོ་ [རྟ་ཕོ་ལྡིང་ཟེར་ འདུག་བ་ ཅང་?] འ་ནཱ་ལས་ ཆུམ་ཚུ་རེད་འབག་འོང་སྦེ་ ཆུ་བརྒལ་ཏེ་ཚུར་ཁ་ཐུག་ལུ་ འཕྲུལ་འཐག་འཐག་སྟེ་ གནང་དེས་ལགས་ལྟོ་རྒྱགས། ནཱ་བཀྲིས་སྒང་ལུ་སྡོདཔ་ད་འདི་ གེ་ཟ་གི་ཕྱེ་དང་ ཁ་རང་རྐྱངམ་ཅིག་ཨིན་ལགས་ ཆུམ་ཡང་མིན་འདུག་ལགས།
  • དོ་ནུ་ Donu
    ཏེ་ ཟླཝ་རེ་ལུ་ ག་དེ་སྦེ་བཟོ་བཟའ་འོང་ཟེར་བ་ཅིན་ རྐྱང་བྲེ་༡༠ རེ་བྱིན་འོང་ལགས་ ལྟོ་རྒྱགས། ཕྱེ་དང་ཁ་རང་བསླ་བསྲེས་རྐྱབ་སྟེ། དེ་ལས་ཚོད་བསྲེ་གི་ མར་ཚར་གཅིག་བྱིན་འོང་ དེ་ལས་འ་ནཱི་ ཚོད་བསྲེ་གི་[བསྲེས?] གཡག་གི་རུ་ཏོ་ ༼རྡུག་པིན་༽ (མེདཔ་འགྱོ་འགྱོཝ་རེ་) མི་གཉིས་རེ་བསྡོམས་ཏེ་ སྲང་རེ་དེ་རེ་བྱིན་དེས་ལགས་ ས་ཚི་ཁ་སྡོདཔ་ད་ལུ།
  • དོ་ནུ་ Donu
    ཀྲོབ་མདའ་རང་ ནཱ་བཀྲིས་སྒང་ལུ་ལྷབ་པའི་སྐབས་ལུ་འདི་ ཁལ་ཕྱེད་དང་གཉིས་རྐྱངམ་ཅིག་འདུག་སྨེ་ ༣༠ རྐྱངམ་ཅིག་ ལྷོད་པའི་བསྒང་ཟེར་ མདེའུ་ལྔ་ལྔ་འགྱོ་འགྱོཝ་ཅིག་འདུག ཏེ་བསྟན་སྐྱོང་གླིང་ལུ་ལྷོདཔ་འདི་ [སིཊ་མཱན་ལོ་ སྟོབས་ལོ་ བེང་གཱལ་ལོ་ ཕར་རྒྱ་ནག་ལས་ རྒྱ་ནག་?] ཨཔ་ཁྱབ་བདག་མ་གཤགས་པར་སྡོད་ཡི་ལགས་དེ་བསྒང་། འ་ནཱ་ལས་ཨཔ་དོ་དོ་ཟེར་མི་ཅིག་ སྤ་རོ་ལུ་ལྷབ་པར་འགྱོ་ཡི་ལགས་ [སྡིག་ཚང་དང་?] འ་ནཱི་ ཚ་ཁ་ཚུ་ལྷབ་པར།། །།