Skip to main content Skip to search
21 Jun 2018
10 min 17 sec
Video Overview
Creators: 
Sonam Chophel, Duptho

Chophel from Gazari village in Phongmey, Trashigang tells about how he became a Jomo, or ritual healer in the pre-Buddhist Bön tradition. His autobiographical narrative oscillates between the reality of a difficult childhood and adulthood, and his experiences of a dream-like state in another world through which helper spirits guide him to become a Jomo. 

 

བཀྲིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ ག་ཛ་རི་གཡུས་ཚན་ལས་ ཆོས་འཕེལ་གྱིས་ ཁོ་ལུ་ ཨམ་ཇོ་མོ་འདི་རྒྱབ་སྦེ་ ག་དེ་སྦེ་འཛུལ་འཛུལཝ་་ཨིན་ནི་སྐོར་ལས་ ལོ་རྒྱུས་སླབ་ཨིན་མས། ཏེ་ཁོ་དེ་བསྒང་ ཆུང་ཀུ་སྦེ་སྡོད་པའི་སྐབས་ ཨམ་ཇོ་མོ་འཛུལ་ནི་སྦེ་ ལཱ་ཁག་བཏང་བའི་ལོ་རྒྱུས་དང་ ད་རེས་ནངས་པ་ ཁོ་ར་ཨམ་ཇོ་མོའི་དཔའ་བོ་འབད་དེ་ གཡུས་ཁའི་མི་དང་ ཨམ་ཇོ་མོའི་བར་ན་ བརྡ་དོན་སྤྲོད་མི་བཟུམ་ཅིག་ལུ་གྱུར་ཡོདཔ་ད་ མི་ཚུ་ནཝ་ཚཝ་རེ་འབད་བའི་སྐབས་ཡང་ ཁོ་གིས་ ཨམ་ཇོ་མོ་འདི་རྒྱབ་སྟེ་བརྟེན་ཏེ་ བཅོས་ཁ་རྐྱབ་ནི་ཚུ་འབད་དོ་ཡོདཔ་མས། ཏེ་ཨམ་ཇོ་མོ་འདི་ མེ་རག་དང་སག་སྟེང་གི་ མི་ཚུའི་དོན་ལུ་སྐྱབས་དང་མགོན་ཞུ་ས་གཙོ་བོ་ཅིག་ཨིན་པས། 

 

Transcript search
No results found for this search
0 of 0
  • ཆོས་འཕེལ་ Chophel
    ཧེ་མ་ ང་འདི་དང་པ་རང་ ང་བཅས་མར་ ས་འདི་མར་ཨ་མར་ ཕུ་དུང་ཟོར་ཟེར་སའི་ལྟག་ལུ་ནོར་འཚོ་སྡོད་ཅི་ ཏེ་ང་འདི་ཧེ་མ་ མར་འགྱོ་བའི་སྐབས་ལུ་ ནོར་འཚོ་བར་འགྱོ་ཡི་ ཏེ་ནོར་འཚོ་བར་འགྱོ་བའི་སྐབས་ལུ་ ཏེ་ཆུ་ཚོད་ ཟླཝ་བདུན་པ་ཆུ་ཚོད་འབད་བ་ཅིན་ བཅུ་གཅིག་སོང་སྟེ་འདུག་ ཟླཝ་བདུན་པ་ནང་ཨིན། ནཱ་དྲོ་པ་འགྱོ་བའི་བསྒང་ལས་རང་ བདེ་ཏོག་ཏོ་ཅིག་མེདཔ་སྦེ་འགྱོ་ཡི།
  • ཆོས་འཕེལ་ Chophel
    ཏེ་བདེ་ཏོག་ཏོ་ཅིག་མེདཔ་སྦེ་འགྱོ་བའི་བསྒང་ལུ་ ཏེ་མར་འགྱོ་ དེ་ལས་ ཨ་ནཱི་མ་ཎི་གི་རྩ་བར་སྡོད་ཅི། མ་ཎི་ཅིག་བསྐོར་སྦེ་ འ་ནཱི་སྦེ་སྡོད་པའི་སྐབས་ལུ་ འོག་ལས་མི་ཅིག་གིས་སྐད་རྐྱབ་དེས་ དེ་ལས་ཨ་ནཱི་སྐད་རྐྱབ་ད་ལུ་ ཏེ་ང་ག་ཨིན་ན་ཟེར་ ནུ་གཅུང་ཅིག་ཨིནམ་བཟུམ་འདུག་ཟེར་ ང་བདེ་ཏོག་ཏོ་ཅིག་ཡང་མི་འོང་པས་ཟེར་ ང་འདི་འ་ནཱི་སྦེ་མནོ་ཡི་ ཏེ་དེ་སྦེ་མནོ་སྦེ་ སྐད་རྐྱབ་དེས་ ང་གིས་ཡང་སྐད་རྐྱབ་དནི་ ལན་རྐྱབ་ནི་རྐྱབ་དེས་ ཡར་མགྱོགས་པར་འཐོན་ནི་མིན་འདུག
  • ཆོས་འཕེལ་ Chophel
    ཏེ་འ་ནཱི་མ་འཐོན་ཞིནམ་ལས་ ཨ་ཙི་ཅིག་སྡོད་ཅི་ང་སྡོད་སྦེ་ ཚུར་ཁ་ཐུག་ཤིང་གཅིག་ཡོད་ ཏེ་འ་ནཱི་ཤིང་རྩ་བར་འགྱོ་སྡོདཔ་ད་ དེ་ལས་ད་རུང་སྐད་རྐྱབ་ལྟཝ་ད་འཐོན་ནི་མིན་འདུག མ་འཐོན་ཞིནམ་ལས་ ཁོ་འོང་ནི་མིན་འདུག་ཟེར་ ག་གིས་ཅིག་གིས་དགོད་བྲོ་འབདཝ་ཨིན་ན་ཟེར་ ང་ནུ་གཅུང་གིས་དགོད་བྲོ་འབདཝ་མས་ཟེར་མནོ་སྡོདཔ་ད་ལུ་ འདྲེ་ངོ་མ་ཐོན་འོང་ཡི་ཏེ་ འདྲེ་ངོ་མ་འབད་ཐོན། འདྲེ་ངོ་མ་ཟེར་རུང་ ངནི་ཁམས་བདེ་ཏོག་ཏོ་ཅིག་མེདཔ་སྦེ་སྡོད་པའི་སྐབས་ལུ་ མིའི་གཟུགས་འདི་འཁན་པ་ནང་ལས་ཐོན་འོང་ཡི་ ཏེ་གཞུ་འ་ནཱིམ་ཅིག་གསག་སྟེ་འདུག
  • ཆོས་འཕེལ་ Chophel
    ཏེ་འ་ནཱི་མི་གི་གཟུགས་འདི་ ག་བཟུམ་ཅིག་འདུག་ཟེར་བ་ཅིན་ ཏེ་ལ་ཆུ་ཡོད་མེན་ན་ལགས་ ལ་ཆུ་བཞུ་སྦེ་གདོང་ལུ་དབུར་དབུརཝ་བཟུམ་སྦེ་འདུག གདོང་ལུ་དབུར་དབུརཝ་བཟུམ་སྦེ་ ཛའི་་་་ ཧ་ལས་སི་སི་འདུག ཏེ་ཁོ་གིས་ང་ལུ་ མདའ་གཞུ་བཏོན་ འཕྲངམ་འཕྲང་སར་དྲངས་འོང་དེས་ ངེའི་རྟིང་བདའ་འོངམ་ད་ལུ་ ང་གིས་འཁརཝ་གིས་ [ཟ་ལ་ཤིང་?]འཁརཝ་སྡོད་ཡི་ ཁྱིམ་ན་ལས་འབག་འགྱོ་འགྱོཝ་ འ་ནཱི་[ཟ་ལ་ཤིང་?]འཁརཝ་གིས་དྲངས་ཡི་ཁོ་ དྲངས་བཏང་ཞིནམ་ལས་ ང་ཚར་གཅིག་ ང་ཡང་དྲན་མེད་བརྒྱལ་ཡར་སོ་ནུག
  • ཆོས་འཕེལ་ Chophel
    ཏེ་འ་ནཱི་ ཡང་ན་འདྲེ་ཨིན་ན་ ག་ཅི་ཨིན་ན་ང་གིས་གནམ་མེད་ས་མེད་ཅིག་མ་ཤེས་ ཏེ་དེ་ལས་ཨ་མར་ནོར་གྱི་གྱང་ས་ཅིག་སྡོད་ཅི་ ནོར་གྱི་གྱང་ས་ལུ་ ཨང་རྒས་ཅིག་སྡོད་ཅི་ ཨང་རྒས་སེང་གེ་ཟེར་ ཏེ་ང་འ་ནཱི་སྦེ་ནཝ་མས་ཟེར་ མོ་ལུ་འ་ནཱི་བཟུམ་འདྲེ་ཕྱད་ཅི་ཟེར་མ་སླབ་ ང་ནཝ་མས་ ཁྱོད་ཀྱིས་མགྱོགས་པར་ཁ་འཐེན་ཅིག་འབད་གནང་ཟེར་སླབ་སྦེ་ མོ་གི་ནོར་གྱི་གྱང་ས་ལྷོད་སྦེ་སླབ་ད་ དྲན་མེད་ཡར་སོང་ནུག
  • ཆོས་འཕེལ་ Chophel
    དྲན་མེད་སོང་སྦེ་ དེ་ལས་ཁོང་ཆ་ཁྱབ་ ནཱ་ཁྱིམ་ནང་གི་མི་ཚུ་འགྱོཝ་ ཡར་འབག་འོང་ ང་ནཱ་ཁྱིམ་ནང་ལྷོད་དེ་དྲནམ་ཚོརཝ་ད་ ནཱ་ཁྱིམ་ནང་ལྷོད་ནུག ཏེ་ཁྱིམ་ནང་ལྷོད་སྦེ་ ཁོང་ཆ་ཁྱབ་རིམ་གྲོ་འབད་ ལོ་གསུམ་བཞི་དེ་ཅིག་འགྱོ་འགྱོཝ་ཨིན་མས། ཏེ་ང་བཅས་ལུ་ཧེ་མ་ལས་ མི་རྒྱུད་ཡང་མེད་ ང་ཟེར་མི་འདི་ མི་གནགཔ་ཉག་རྐྱང་ཨིན་ ཏེ་ང་ཕམ་སྤྱང་ཀའི་མི་ཉམ་ཆུང་ཅིག་ཨིན། དེ་འབདཝ་ལས་ ང་ག་ནི་ཡང་མ་ཤེས་པའི་མི་ཅིག་ཨིན་ ཨིན་ཏེ་ར་འབད་རུང་ ད་རུང་ག་ནི་ཡང་མ་ཤེས་པར་ དེ་སྦེ་སྡོད་པའི་བསྒང་རང་།
  • ཆོས་འཕེལ་ Chophel
    ཏེ་ དེ་བསྒང་ ང་ན་བའི་ན་ཐངས་འདི་ ག་དེ་འབད་ན་ཡི་ཟེར་བ་ཅིན་ ཟླཝ་དགུ་པ་ ཚེས་འདི་དཔྱད་རི་མི་བཏང་པས་ང་ ཏེ་ང་དང་ཨ་ཞེམོ་ང་བཅས་གཉིས་ རེད་ལེན་པར་འགྱོ་ཡི་ ནད་གཞི་ཐོབ་ནི་གི་ཐོབ་ཐངས་ དེ་ཚེ་ལས་ཐོབ་ཅི་ ཁམས་བདེ་ཏོག་ཏོ་མེདཔ་འབད་མི་འདི་ ཏེ་ཨ་མར་ རེད་ལེན་པར་མར་ [དཀར་སང་?]ཤི་ཡི་མེན་ན་ འ་ནཱི་གི་ཁྱིམ་ནང་ འ་ནཱི་བཟུམ་སྦེ་རེད་ལེན་པར་འགྱོ་ཡི་ མར་ལས་ཨ་ཞེམོ་གིས་ཕག་ཤ་འབག་འོང་ནུག
  • ཆོས་འཕེལ་ Chophel
    ཕག་ཤ་འདི་བསིལ་སྐམ་ཡར་སོ་ནུག མར་ཟ་མི་མིན་འདུག་ཟེར་ ཡར་ཨ་ཞེམོ་གིས་འབག་འོང་ནུག ང་ཧེ་མ་ཕག་ཤ་ཡང་ཟཝ་ཨིན་ སྒོང་རྡོག་ཡང་ཟཝ་ཨིན་ ཏེ་ཁྱབ་མཉམ་ཟ་མི་ཅིག་ཨིན་ དེ་འབདཝ་ལས་ འ་ནཱི་བཟུམ་འབད་ནི་འདི་དཔྱད་རི་རང་མེད་ ཏེ་དེ་ལས་ཨ་ཞེམོ་གིས་ཕག་ཤ་བཙོ་བྱིན་ཡི་ འ་ནཱི་ཟ་ཞིནམ་ལས་ རེད་ནཱ་ཁྱིམ་ནང་ལྷོད་ ཕག་ཤ་བཙོ་ཟ་ཞིནམ་ལས་ འ་ནཱི་ཕག་ཤ་ཟ་ཡི་ བཀྲིས་སྒང་ལས་འབག་འོང་ནུག ཨ་ཞེམོ་ང་བཅས་གཉིས་ རེད་ལེན་པར་འགྱོ་ཡི་ རྟ་བདའ་མར་འགྱོ་ རེད་ལེན་འབག་འོང་ ནཱ་ལྷོད་ཕག་ཤ་བཙོ་ནུག ཆུང་ཀུ་ཨ་ནཱིམ་ཅིག་རེ་འབད་བཞི་དེ་ཅིག་བཙོ་སྟེ་འདུག
  • ཆོས་འཕེལ་ Chophel
    ཏེ་བཙོ་ཟ་ ཏེ་ཟ་ཞིནམ་ལས་ཨ་ཙི་ཁ་ལསནི་ དེ་ལས་ངནི་ མ་འདྲཝ་ཅིག་འབད་ཡི། མ་འདྲཝ་ག་ཅི་འབད་དེས་ཟེར་བ་ཅིན་ གནམ་མེད་ས་མེད་[ཧའེ་?]འབད་དེ་མིག་ཆུ་འཐོན་དེས་ མིག་ཆུ་ཁྱབ་ཁྱ་སྦེ་ཐོན་ ཏེ་ཨ་ཞེམོ་ལུ་སླབ་ཅི་ ཨ་ཞེམོ་གིས་ དབའེ་ཁྱོད་ག་ཅི་འབདཝ་སྨོ་ད་རེས་ཟེར་སླབ་དེས་ ཏེ་ང་གིས་ མ་ཤེས་ག་ཅི་འབདཝ་ཨིན་ན་ ཟེར་སླབ་ཅི་ ཁྱོད་འདྲེ་འཛུལཝ་འདྲས་ས་ འདྲེ་འཛུལ་ གཤིན་འདྲེ་འཛུལཝ་ཨིན་མས་ ཟེར་སླབ་དེས་ཨ་ཞེམོ་གིས་ གཤིན་འདྲེ་རང་མེནམ་འོང་མེན་ན་ ཟེར་སླབ་ད་ལུ་ ཏེ་དེ་ལས་ ག་ཅི་འབདཝ་ཨིན་ན་ ཧ་མི་གོ་བས་ཟེར་ སྒོང་རྡོག་བསྲེགས་ནུག་ མོ་བཏབ་སྦེ།
  • ཆོས་འཕེལ་ Chophel
    ད་རུང་སྒོང་རྡོག་བསྲེགས་ཅི་བ་ལགས། སྒོང་རྡོག་བསྲེག་བཏངམ་ད་ལུ་ ད་རུང་འོང་ཡི་ཏེ་ [ཧའེ་?]རྐྱབ་ ཁ་ལས་སྐྱུག་ཡི་དེ་ལས་ ཁ་ལས་སྐྱུག་ དེ་ལསན་ཏེ་ གཟུགས་བདར་ སོ་སོ་ཅིག་འབད་ཡར་སོངཔ་མས་ ཏེ་དེ་ལས་འ་ནཱ་ལས་ཚུར་འབདནི་ ཧེང་སྐལ་འབད་ཡི་ངནི་ དེ་ལསནི་ཧེང་སྐལ་ ཧེང་སྐལ་རང་འབད་དེ་ དེ་ལསནི་ག་ཅི་ཡང་མེནམ་སྦེ་འབད་དེ་ རང་གི་མི་ཨིན་ན་མེན་ན་ མ་པ་ལས་རང་ངོ་མ་ཤེསཔ་ཡར་སོ་ཡི་ ཏེ་དེ་ལས་ ཉིམ་རེ་ཉིམ་རེ་ སོ་སོ་འགྱོ་ སོ་སོ་ཅིག་རང་འབད་དེ། ཨ་ནཱ་ལས་ང་གིས་ཡང་ འཆོལ་ཞིནམ་ལས་ བློ་ག་དེ་སྦེ་སླབ་ཅི་ག་ དཔྱད་རི་ཡང་མེད་ ང་རང་འཆོལ་ཞིནམ་ལས།
  • ཆོས་འཕེལ་ Chophel
    ཏེ་རོགས་ཀྱིས་སླབ་ད་ལུ་ ཧེ་མ་ཨ་ནཱི་སྦེ་འབད་ཡི་ ལ་ལུ་གིས་འབད་བ་ཅིན་ ཇོ་མོ་གི་རྒྱབ་རང་ཨིན་མས་ཟེར་སླབ་དེས་ [ཇོ་མོ་ཀོ་ཤེ་?]ལུ་ཡང་ ཚར་གསུམ་འཁྱིད་འབག་ཡི་ དེ་འབད་རུང་མི་བཏུབ་པས་སླབ་དེས་ ཨ་ཞིམོ་དང་ནཱ་ལུང་པའི་མི་ཚུ་གིས་ག་ར་གིས་ ཁ་འཐོན་སླབ་མས་ཟེར་ཡང་སླབ་དེས་ མོ་ཧེ་མ་བྱུང་བའི་འབྱུང་ས་འདི་བོད་ར་ལུང་ལས་ཨིན་ཟེར་ མོ་འདི་ཧེ་མ་བྱིའུ་ཅུང་གི་སྐྱེ་བ་འབད་ལོ་དྲུག་སྡོད་ཅི་ཟེར་སླབ་དེས་ ཟེར་སླབ་དེས་ ལོ་དྲུག དེ་ལས་བྱིའུ་ཅུང་གི་སྐྱེ་བ་འབད་ལོ་དྲུག་སྡོད་སྦེ།
  • ཆོས་འཕེལ་ Chophel
    དེ་ལས་བྱིའུ་ཅུང་ཤི་ དེ་ལས་ཨ་ནཱ་ལས་ དགེ་སློང་གི་སྐྱེ་བ་འབད་ལོ་སུམ་ཅུ་ ཁལ་གཅིག་དང་དགུ་ ལོ་སུམ་ཅུ་ལང་ནི་འབདཝ་ད་ལོ་གཅིག་གིས་མ་ལངསམ་ འ་ནཱི་ཅིག་གི་བར་ན་འ་ནཱི་སྦེ་སྡོད་ དེ་ལས་འ་ནཱ་ལས་གྱི་གསོབ་སྟེ་ཤི་སོ་ཡི་ཟེར་ འ་ནཱ་ལས་ཤི་ཞིནམ་ལས་ ཏེ་ད་གཅིག་ལས་འབད་བ་ཅིན་ ག་ཅི་ཨིན་ན་མ་ཤེས་ཏེ་ད་ རྒྱབ་ཁ་ལས་རྒྱབ་ཟེར་སླབ་ནི་ཨིན་ན་ ཡང་ཅིན་སྐྱེ་བོ་ཐོབ་ཅི་ཟེར་སླབ་ནི་ཨིན་ན་ འ་ནཱི་འདི་ང་གིས་སླབ་མི་ཚུགས་པས་ ཏེ་མོ་གིས་འ་ནཱི་སྦེ་ང་འབད་སར་འོང་ཡི་ཟེར་ ཏེ་འོང་ནི་འདི་ད་ལྟོ་སྦོམ་འགྱོ་ཞིནམ་ལས་འོང་འོངམ་མེན་ཟེར་ མོ་གིས་ཁ་ནང་ལས་འ་ནཱི་སྦེ་གསུངས་དེས་ལོ།
  • ཆོས་འཕེལ་ Chophel
    ཏེ་ཁ་ལས་ག་དེ་སྦེ་སླབ་དེས་ཟེར་བ་ཅིན་ ཁྱོད་ཀྱི་ཨའི་གི་མངལ་ལུ་ཆགས་པའི་བསྒང་ལས་རང་ ང་ཨ་ནཱི་སྦེ་འོང་ཡི་ཟེར་ འབྱུང་ཐངས་འ་ནཱི་སྦེ་བྱུང་བྱུངམ་ཨིན་ དེ་ལས་ང་བཅས་ར་བདག་འཛིན་ག་དེ་སྦེ་འབད་ཡི། ཁྱོད་ར་ཨའི་གི་མངལ་ལུ་སྡོད་པའི་བསྒང་ལས་རང་ ང་བཅས་ཀྱིས་བདག་འཛིན་འབད་ཡི་ཟེར་ ཏེ་ཨའི་འབད་བ་ཅིན་ གདོང་ལུ་མཚན་རྟགས་ཧིང་ནག་འ་ནཱི་སྦེ་ཡོད་ཟེར་ དེ་ལས་འ་ནཱི་ ཁྱོད་སྐྱེཝ་ད་ཟླཝ་དང་པ་ཚེས་བཅོ་ལྔའི་ཚེ་ལུ་སྐྱེས་ཡི་ཟེར་ ཏེ་གདོང་འབད་བ་ཅིན་ ཤར་ཁ་ཐུག་ལུ་སྒོར་ཡར་སོ་ཡི་ཟེར་ མོ་གིས་ཁ་འ་ནཱི་སྦེ་ ང་འ་ནཱི་སྦེ་འཆོལ་འབད་བའི་སྐབས་ལུ་ འ་ནཱི་སྦེ་འཐོན་ཡི་ཟེར་སླབ་དེས་ལགས། ང་རའི་མགུ་ཏོ་ཁ་ལུ་འབདན་ ཏེ་རྡོ་རྗེ་རྒྱ་གྲམ་གཅིག་ཡོད་ ཟེར་སླབ་དེས་ལོ་ལགས།
  • ཆོས་འཕེལ་ Chophel
    ངེའི་མགུ་ཏོ་ཁར་རྡོ་རྗེ་རྒྱ་གྲམ་ཡོད་ ཏེ་རྐང་མར་འབད་བ་ཅིན་ ཏེ་མེ་ཏོག་པདྨ་ཡོད་ཟེར་སླབ་དེས་ ཏེ་རྐང་མར་ཡོད་ རྐང་མར་པར་རིས་ཡོད་ ལྟ་མ་ང་གིས་ཁྱོད་གཉིས་ལུ་བལྟ་བཅུག་གེ་ ཏེ་ལག་པར་ཡང་ཡོད་ མདང་ཞག་རོགས་ཁ་ལས་འ་ནཱི་སྦེ་སླབ་ཞིནམ་ལས་ མ་བདེནམ་མེན་པས་ བདེནམ་མས། ང་རའི་ལགཔ་གི་འདི་ ང་རའི་རྨི་ལམ་ནང་རྟགས་པ་བྱིན་དེས་ ཁྱོད་རའི་ལག་པར་འ་ནཱི་བཟུམ་ཅིག་ཡོད་ ཁྱོད་ར་བལྟ་ཤིག་ཟེར་སླབ་སྦེ་ ང་གི་ལག་པར་བལྟཝ་ད་ལུ་ ངེའི་ལག་པར་ཨ་ནཱི་གཏན་གཏན་རང་ཡོད།
  • ཆོས་འཕེལ་ Chophel
    ཏེ་འ་ནཱི་བཟུམ་སྦེ་ ང་འ་ནཱི་སྦེ་བྱུང་ཡི་ ཏེ་ད་ཡང་ཅིན་སྐྱེ་བོ་རང་ཨིན་ན་ རོགས་ལྷ་རང་བྱོན་བྱོནམ་ཨིན་ན་ དེ་སྦེ་ཨིན་ཟེར་ ང་གིས་ཁུངས་བཀལ་མི་ཤེས་པས། ང་དེ་སྦེ་འབད་ཞིནམ་ལས་ ཤུལ་ལས་ ང་རའི་རྨི་ལམ་ལུ་ག་དེ་སྦེ་སྟོན་ཡི་ཟེར་བ་ཅིན་ ང་གིས་བཅོ་ཐབས་ཡང་འབད་ནི་ཡོད་ བཅོ་ཐབས་འདི་ ཆུ་ཚན་ནང་ལགཔ་བཙུགསཔ་ཨིན་ང་གིས་ ཆུ་ཚན་ནང་ལགཔ་བཙུགས་པའི་བསྒང་ལུ་ ཧེ་མ་མོ་གིས་གནང་བའི་སྐབས་ལུ་ མོ་རའི་ཐུགས་དང་ནུས་པ་ཡོད་པའི་རྟགས་མཚན་ཅིག་ཨིན་མས།
  • ཆོས་འཕེལ་ Chophel
    ཏེ་མོ་གིས་ཏེ་ སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ བདེ་བ་དང་ལྡན་པར་གྱུར་ཅིག་ཟེར་ སེམས་ཅན་ཐམས་ཅད་ལུ་ཕན་ཐོགས་ ལ་ལུ་ལྟོཝ་བཀྱེས་ ལ་ལུ་ཁ་སྐོམ་ སྡུག་བསྔལ་ཐོབ་སྟེ་ ངན་སོང་གི་སྡུག་བསྔལ་ཐོབ་སྟེ་ ག་བཟུམ་ཐོབ་སྟེ་ཡོད་མི་ག་ར་ ང་གིས་ཆུ་ཚན་ནང་ལགཔ་འ་ནཱི་སྦེ་ ཐེངས་ཕོག་གཅིག་རྐྱབ་པའི་སྐབས་ལུ་ ག་ར་གི་སྡུག་བསྔལ་གྲོལ་ཏེ་ སངས་རྒྱས་གོ་འཕང་ཐོབ་ གནམ་མེད་ས་མེད་བདེ་བ་སྦོམ་ཡོད་ཟེར་ ཏེ་འ་ནཱི་འདི་ཁྱོད་ཀྱིས་བརྟག་དཔྱད་རྐྱབ་སྦེ་འབད་ཟེར་ རྨི་ལམ་ནང་འ་ནཱི་བཟུམ་གསུངས་དེས།
  • ཆོས་འཕེལ་ Chophel
    རྨི་ལམ་ནང་འ་ནཱི་སྦེ་གསུངས་ཞིནམ་ལས་ ནངས་པར་བཟུམ་ཅིག་ཁར་ང་གིས་འ་ནཱི་བཟུམ་འབད་ཡི་ འབད་བའི་སྐབས་ལུ་ ང་གི་ལགཔ་ག་ནི་ཡང་འབད་ནི་མེད་ ང་གིས་འ་ནཱི་བཟུམ་སྦེ་བཅོ་ཐབས་འབད་ནི་འདི་ ལུང་འ་ནཱི་བཟུམ་སྦེ་རྨི་ལམ་ནང་འ་ནཱི་བཟུམ་རྟགས་པ་ཅིག་བྱུང་ཡི་ འ་ནཱི་འབད་ནི་དེ་གིས་ ང་གིས་ད་ལྟོ་ཡང་ རོགས་ག་ར་ལུ་འ་ནཱི་བཟུམ་བཅོ་ཐབས་འདི་ ལ་ལུ་ནཝ་མས་ཟེར་སླབ་མས།
  • ཆོས་འཕེལ་ Chophel
    ལ་ལུ་མགུ་ཏོ་ན་ ཏེ་འ་ནཱི་བཟུམ་འབད་མི་ཚུ་ལུ་ང་གིས་ ཏེ་འ་ནཱི་སྦེ་རྨི་ལམ་ནང་མཐོང་སྟེ་ ང་གིས་འབད་བྱིན་ཡི་ འབད་བྱིནམ་ལས་ མང་ཤོས་རང་ ན་མི་ཚ་མི་ཚུ་ག་ར་ ལ་ལུནི་དྲགཔ་མས་ཟེརཝ་མས་ ལ་ལུནི་དྲག་དོ་ག་མི་དྲག་དོ་ག་ ང་གིས་སླབ་མི་ཤེས་པས་ མང་ཤོས་ཀྱིས་རང་དྲགཔ་མས་ དྲགཔ་མས་ཟེར་སླབ་མས་ ང་གིས་འབད་ནི་འདི་འབད་བྱིནམ་ཨིན་ འ་ནཱི་སྦེ་ང་བཅས་ཀྱིས་ཡང་ འ་ནཱི་བཟུམ་ཨིན་ཟེར་ བྱུང་བའི་འབྱུང་ལུགས་ འ་ནཱི་བཟུམ་ཅིག་ཨིན་ཟེར།། །།