Video Overview
Penjor, a 57 year-old man from Bartsa village, Karna Gewog, Dagana shares a brief history of Bartsa temple. The temple was established by Je Kinga Jamtsho and Je Tenzin Jamtsho. The temple has statues of many great saints; among them, the statues of Je Kinga and Je Tenzin are considered to be treasures. A set of Kanjur and Tenjur texts are also treasured in Bartsa temple, and it is believed that the texts were written by Je Kinga and Je Tenzin. The paper on which the texts were written was sponsored by a woman named Hadhom, a local villager. Different rituals such as Mani Zha Sum, Nunyen, Tshechu, Kanjur Recitation, Zhabdrung Kuchoe and Trochap are done annually in Bartsa temple by the villagers.
བར་ཚྭ་གཡུས་ཚན་ལས་ སྐྱེས་ལོ་ ༥༧ ལངས་མི་ དཔལ་འབྱོར་གྱིས་ དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ བར་ཚྭ་གཡུས་ཀྱི་ལྷ་ཁང་གི་སྐོར་ལས་ ལོ་རྒྱུས་མདོར་བསྡུས་ཅིག་ བརྗེ་སོར་འབདཝ་ཨིན་པས། བར་ཚྭའི་ལྷ་ཁང་འདི་ རྗེ་ཀུན་དགའ་རྒྱ་མཚོ་དང་ རྗེ་བསྟན་འཛིན་རྒྱ་མཚོ་གཉིས་བཞུགས་ཏེ་ བྱིན་གྱིས་བརླབས་གནང་གནངམ་ཨིནམ་ད་ ལྷ་ཁང་འདི་ནང་ བླ་མའི་སྐུ་འདྲ་ལེ་ཤ་ཅིག་ བཞུགས་སུ་གསོལ་ཡོདཔ་མི་ལས་ རྗེ་ཀུན་དགའ་རྒྱ་མཚོ་དང་ བསྟན་འཛིན་རྒྱ་མཚོའི་སྐུ་འདྲ་འདི་ ལྷ་ཁང་འདི་ནང་ བརྩི་མཐོང་ཅན་སྦེ་བརྩིཝ་ཨིན་པས། ད་རུང་ ལྷ་ཁང་ནང་ རྟེན་སྦེ་ཡོད་མི་ རྒྱལ་བའི་བཀའ་འགྱུར་ཚན་གཅིག་དང་ བསྟན་འགྱུར་ཚན་གཅིགཔ་འདི་ ལྷ་ཁང་གཞི་བཙུགས་མཛད་གནང་མི་ རྗེ་ཀུན་དགའ་དང་ རྗེ་བསྟན་འཛིན་གྱིས་ བྲིས་གནང་གནངམ་ཨིནམ་སྦེ་ ཡིད་ཆེས་བསྐྱེདཔ་ཨིན་པས། ཏེ་བཀའ་འགྱུར་དང་བསྟན་འགྱུར་ འབྲི་ནིའི་ཤོག་གུ་འདི་ གཡུས་ཁའི་ཨམ་སྲུང་ཧ་དོམ་ཟེར་མི་ཅིག་གིས་ སྦྱིན་བདག་འབད་འབདཝ་ཨིནམ་དང་ བར་ཚྭ་ལྷ་ཁང་ནང་ གཡུས་ཁའི་མི་ཚུ་གིས་ འབུམ་སྡེ་ཟེར་རུང་ མ་ཎི་ཞག་གསུམ་དང་ བསྙུང་གནས་ ཚེས་བཅུ་དང་ བཀའ་འགྱུར་ལྷག་ནི་ ཞབས་དྲུང་སྐུ་མཆོད་དང་ གཏོར་རྒྱབ་ཚུ་འབད་དོ་ཡོདཔ་ཨིན་པས།
- Dagana
- Bartsha
- དཔལ་འབྱོར་ད་ང་བཅས་ཀྱི་གདན་ས་བཅགས་མི་འདི་ ཏེ་ཀུན་དགའ་རྒྱ་མཚོ་དང་ཆོས་སྐྱིད་རྒྱ་མཚོ་ ཁོང་གཉིས་འབད་འདུག་བ་ལགས། གཉིས་འབད་ས་ལས་ ཏེ་ཀུན་དགའ་རྒྱ་མཚོ་འདི་ཨ་ཕི་ཨིན་མས་ལགས་ ཨ་ཕི་བར་ན་གི་ལགས། དེ་ལས་ཨ་ནཱི་ཆོས་སྐྱིད་རྒྱ་མཚོ་འདི་འ་ནཱི་ཨིན་ལགས།
- དཔལ་འབྱོར་དེ་ལས་འ་ནཱི་ཁོང་གཉིས་ཆ་གིས་གདན་ས་བཅགས་ དེ་ལས་ ཏེ་ཞབས་དྲུང་གི་སྐུ་འབག་འདི་ཨ་ཕི་ཨིན་ལགས། དེ་ལས་འ་ནཱི་སངས་རྒྱས་(ཆེ་ཆུང་?)གཉིསཔོ་འདི་ དང་ཕུག་ཡར་མཚམས་བྲག་དགོན་པ་ལས་ ཏེ་ང་བཅས་ནཱ་གཡུས་ཁའི་རྒན་ཤོས་ཚུ་གིས་ ཡར་གི་ཚུ་དང་བསྟུན་གྲོས་རྐྱབ་སྟེ་འབད་སྦེ་ ཏེ་འ་ནཱི་སངས་རྒྱས་གོང་འོག་གཉིསཔོ་འདི་ མཚམས་བྲག་དགོན་པ་ལས་མར་ ནཱ་རྒས་ཤོས་ཚུ་གིས་ཞུ་ཞུཝ་ཨིན་མས་ལགས།
- དཔལ་འབྱོར་ལྷ་ཁང་གི་མིང་ཡང་ བ་ཚཱ་བསམ་གྲུབ་ཆོས་གླིང་ཟེར་ དེ་ལས་འ་ནཱི་གུ་རུ་དང་ འ་ནཱི་བཅུ་གཅི་གཞལ་ཚུ་འདི་ ཏེ་ལོག་ཁོང་ར་ཕམ་ཚུ་གིས་འབད་ ཏེ་ག་ཏེ་ལས་ཞུ་ཡི་ག་ ད་ང་གིས་ཞུ་མི་ཤེས་པས་ལགས། ཏེ་བླམ་གསུང་ཆོས་གནང་སྦེ་ ཏེ་ཨ་ཡི་ནང་བཞུགསཔ་ད་ བར་གྲོལ་བཞུགསཔ་ད་ལུ་ དེ་ལས་ཏེ་ང་བཅས་གནསཔོ་འདི་དང་ཆ་ བསྟུན་གྲོས་འབད་ ད་ཏོ་ཡར་རྡོ་དང་འ་ནཱི་ཚུ་རྫིང་འ་ནཱི་སྦེ་རྫིང་འབད་ར་ཡོད་ལགས་ ད་ལྟོ་ངོ་མ་འབད་ར་ཡོད་ལགས།
- དཔལ་འབྱོར་དེ་ལས་འ་ན་ལས་འབདཝ་ད་ ཏེ་བླ་མ་གིས་ ད་ཁྱོད་ཀྱི་ ད་ཁྱོད་ནཱ་གི་གནསཔོ་ཨིན་ཟེར་ཏེ་ ད་ཁྱོད་ཀྱིས་གཅིག་ཞབས་ཏོག་ཅིག་ཞུ་ཚུགས་བ་ཟེར་ ད་ང་གི་མནོ་དོན་ཅིག་འགྲུབ་ནི་ཡོད་ཟེར་གསུངམ་ད་ལུ་ དེ་ལས་ཨམ་དེ་གིས་ ད་བླ་མས་ག་གསུངམ་འདི་ ང་ཕྱགས་ཞུ་གེ་ཟེར་ ཏེ་ང་བཅས་འ་ནཱི་བཀའ་འགྱུར་ དེ་ལས་ཆོས་འབུམ་ ཏེ་རྟེན་འགྱུར་འབད་ ཡོད་རིགས་འདི་ བླམ་ཀུན་དགའ་རྒྱ་མཚོ་ཁོ་རང་གིས་གནང་ནི་འབད་ ཏེ་ཤོག་ཀུ་འདི་མ་ལང་མ་ལངམ་ དེ་ལས་ང་བཅས་ར་གནསཔོ་ ཨམ་ཧཱ་དོམ་སླབ་མི་དེ་གིས་གནང་ནི་འབད།
- དཔལ་འབྱོར་གནངས་ཚེ་ལས་རང་ ང་ནཱ་ལས་མི་གཏང་ནི་ཟེར་ ཏེ་ཡར་གི་ཚུ་ཁྱོད་ཀྱིས་གྲ་སྒྲིག་འབད་ད་ཟེར་ མི་སེར་ཚུ་དང་བསྟུན་གྲོས་མཛད་མཛདཔ་མས་ ཏེ་བསྟུན་གྲོས་དེ་སྦེ་འབདཝ་ད་ དེ་ལས་ང་བཅས་ར་མི་སེར་ཚུ་འུར་ལཱ་འབད་འཐོན་འགྱོ་བའི་་བསྒང་ལས་ འ་ནཱ་གཡུས་གུ་ལས་ཡར་འགྱོཝ་ཅིག་ ལམ་ག་ནི་བ་སྦོམ་བ་ལུ་ ཡར་ལྷོད་པའི་བསྒང་ལས་ ང་བཅས་འ་ནཱི་ཞིང་ནང་ལུ་གེ་ཟ་བཙུགས་བཙུགསཔ་བཟུམ་སྦེ་ ཨིན་མས་ལོ་ལགས། གཡུ་མ་ག་ནི་ཡང་མེད་ (འདལ་གནགམ་ངག་ཆ།?)
- དཔལ་འབྱོར་དེ་ལས་ དེ་ལས་ཏེ་ཉིམ་གཅིགཔོ་འདི་ འདལ་འདི་མ་ལང་ལངམ་སྦེ་བཤུབ་བཅུག་ དེ་ལས་ཏེ་ཡར་ལས་མར་གྱི་འདལ་འདི་སྤུ་ར་(ག་ར་)དོ་ནཱ་འབག་འོང་། དེ་ལས་ནཱ་གི་ཨ་ནཱི་ཕོག་ཚོད་བལྟ་འབད་བའི་བསྒང་ལས་ དེ་ལས་ ཏེ་བཀའ་འགྱུར་དང་འབུམ་ བསྟན་འགྱུར་ལངམ་འབད་ ལངས་སོང་འདུག་ཟེརཝ་མས་བ་ལགས།
- དཔལ་འབྱོར་དེ་ལས་ང་བཅས་རང་མི་སེར་ཚུ་ ཏེ་ཁོང་རང་གི་དང་ཕུག་ཁལ་བཏབ་ནི་འབད་འགྱོ་འགྱོཝ་མས་ལགས། ལམ་རང་མིག་གིས་མི་མཐོང་པས་ལོ་སྤུ་ར་(ག་ར་)ཚལ་མ་འ་ནཱི་སྦེ་ ཏེ་འ་ནཱི་སྦེ་ འབད་སྦེ་འབདཝ་ད་ དེ་ལས་ཏེ་ ལ་ལོག་གིས་བཏོག་སྦ་བཞག་བཞགཔ་ཡང་འཚོལ་མ་ཐོབ་ དེ་ལས་འ་ནཱི་སྦེ་ ལོ་རྒྱུས་འ་ནཱི་སྦེ་ཨིན་ཟེར་ དང་ཕུ་ཕམ་ཚུ་གིས་འ་ནཱི་འབད་བཤེད་ནི་འདུག་ལགས།
- དཔལ་འབྱོར་ཏེ་འདལ་ཤོག་འདི་ ཏེ་ང་བཅས་ར་ཨ་མ་གིས་གནང་གནངམ་མས་ལགས། དེ་ལས་ཡིག་རིགས་འདི་ ཏེ་ཀུན་དགའ་རྒྱ་མཚོ་དང་ཆོས་སྐྱིད་རྒྱ་མཚོ་གིས་གནང་གནངམ་ཨིན་མས་ལགས། ཏེ་འ་ན་ལས་མར་གྱི་འདི་སྤུ་ར་(ག་ར་)བཀའ་བགའ་འགྱུར་་ཨིན་ལགས། དེ་ལས་ཨ་ཕར་གྱི་འདི་སྤུ་ར་(ག་ར་)འབུམ་ དེ་ལས་བསྟན་འགྱུར་འདི་ ཏེ་ཕར་བདེ་སྐྱིད་གླིང་དགོན་པ་ལུས་སོ་འདུག་ལགས།
- དཔལ་འབྱོར་ཏེ་ང་བཅས་ནཱ་གི་འདི་བཀའ་འགྱུར་རྐྱངམ་ཅིག་རང་ཨིན་ལགས། ད་མིང་འབད་བ་ཅིན་བཀའ་འགྱུར་བསྟན་འགྱུར་འབད་རང་ཡོད་ལགས། ནཱ་གི་ཁྲམ་ནང་བལྟ་བ་ཅིན་འདི། ས་བཅགས་ དེམ་འབད་བའི་བསྒང་ལུ་ ཨམ་དེ་གིས་ ཏེ་ཆ་རོགས་ ཨམ་དེ་གིས་ ཏེ་མཛད་མཛདཔ་མས་ལགས་ གྲོགས་རམ་འདི་ཏེ་ ཇོམོ་སྟག་རིས་ཅནམ་ཨིན་ན་ ག་ཅི་ཨིན་ན་ཅིག་སླབ་མས་བ་ལགས་ མ་པ་ཨམ་དེ་གི་མིང་འདི།
- དཔལ་འབྱོར་མ་པ་མོ་ར་འདི་ ཡར་རྒེད་རྟ་ནང་ལས་ཨིན་མས་ལགས། ལྷ་ཁང་འདི་ནང་ལུ་འབུམ་སྡེ་འདི་ ཟླཝ་དང་པ་ནང་ མཎི་ཞག་གསུམ་འབད་མི་ཅིག་བཙུགས་ནི་ཡོད་ལགས། ཟླབ་གཉིས་པའི་ནང་ཚེས་བཅུ་ཉིམ་བདུན་འབད་མི་ཅིག་ཡོད་ལགས། ཚེས་བཅུ་ཉིམ་གསུམ། བཀའ་འགྱུར་ཉིམ་གསུམ། བརྒྱ་བཞི་ཉིམ་གཅིག་འབདཝ་ད་ ཉིམ་བདུན་བཏང་ནི་འདུག་ལགས།
- དཔལ་འབྱོར་དེ་ལས་ ཟླཝ་གསུམ་པའི་ནང་ལུ་ ཨ་ནཱི་ཞབས་དྲུང་གི་སྐུ་མཆོད་ཉིམ་གཅིག་བཟུང་ནི་འདུག་ལགས། དེ་ལས་ ཟླཝ་བཞི་པའི་ནང་སྨྱུང་གནས་ཆ་གཅིག་བཟུང་ནི་ཡོད་ལགས། ཟླབ་བདུན་པའི་ནང་ལུ་ སྨྱུང་གནས་ད་རུང་ཡང་ཆ་གཅིག་བཟུང་ནི་ཡོད་ལགས། དེ་ལས་ ཟླཝ་བརྒྱད་པའི་ཚེས་བཅུ་ཅིག་བཟུང་ནི་ཡོད་ ཚེས་བཅུ་ཉིམ་གཅིག་ལགས། ཟླཝ་བཅུ་པའི་ནང་ཉེར་དགུ་གི་གཏོར་རྒྱབ་ཟེར་ གཏོར་རྒྱབ་ ཕུརཔ་ཞག་གསུམ་བཏང་དགོ་པས་ལགས།
- དཔལ་འབྱོར་ད་ཏོ་ཚུན་ཚོད་ཀྱི་ནང་འཁོད་ ང་བཅས་བུཚུ་ཚུ་གིས་ཡང་འ་ནཱི་འབད་མཛད་ དེ་སྦེ་རང་ཡོད་ཟེར་ཞུ་ནི་ལགས། ཟླ་རིམ་བཞིན་དུ་མ་ཆད་པར་རང་ལགས། ཏེ་འཆམ་རྐྱབ་ས་འདི་ འ་ནཱི་སྤང་ འ་ནཱི་སྤང་འདི་ཨིན་ལགས། དེ་ལས་ཆོ་གཔ་ཚུ་འ་ནཱ་ལས་མར་བཞུགས་ དེ་ལས་འཆམ་འདི་ འ་ནཱི་གི་འོག་ཐོག་ལས་འཐོནམ་ཨིན་ལགས། འཆམ་འདི་འ་ནཱ་ལས་མར་འཐོན་འབད་སྦེ་ ཏེ་འཆམ་འདི་འ་ནཱ་རྐྱབ།
- དཔལ་འབྱོར་དེ་ལས་ཏེ་ ཆོས་རྗེ་གིས་དབང་གནངམ་ད་འདི་ བཞུགས་ཁྲི་འདི་ཨ་མི་ཨིན་ལགས། ཆོས་རྗེ་གིས་དབང་གནངམ་ད་གི་བཞུགས་ཁྲི་འདི། འ་མི་ནང་བཞུགས་སྦེ་ (དབང་)བཞུགས་ཁྲི་འདི་འ་མི་ནང་ལས་གནང་ དེ་ལས་ཏེ་ འཆམ་ཉིམ་གསུམ་འདི་ ཚེས་བཅུ་ཉིམ་གསུམ་འདི་ འཆམ་འདི་གྲོལཝ་ཅིག་ དེ་ལས་ཏེ་ ཉིམ་གཅིག་སྐུ་ངལ་གནང་ དེ་ལས་ཏེ་ ཉིམ་གསུམ་བཀའ་འགྱུར་དང་ བཀའ་འགྱུར་ལྷག ཉིམ་གཅིག་སྐུ་ངལ་བཞུགསཔ་ཨིན་ལགས།
- དཔལ་འབྱོར་ཉིམ་གཅིག་སྐུ་ངལ་བཞུགསཔ་ཅིག་ དེ་ལས་ཏེ་ སྤྱི་གཞི་གི་ ང་བཅས་སྤྱི་གཞི་དཀོན་མཆོག་བཏང་མི་སྦྱིན་བདག་ཆ་ཁྱབ་ གཙོ་བོ་གསུམ་ཨིན་ན་ཅིག་ཡོད་ལགས། ཏེ་ཉིམ་གཅིག་ དེ་ལས་ཨ་ནཱི་སྤྱི་གཞི་དཀོན་མཆོག་དེ་བཏང་། དེ་ལས་ ནཱ་ལས་འབད་ དེ་ལས་ དང་ཕུ་ལམ་ ནཱ་ལས་ཕར་ ནཱ་ལས་ཕར་འགྱོ་དགོ་ལགས། ནཱ་ལས་ཕར་ དོས་འབག་མི་ཚུ་ ཨ་ཕར་ བྷང་ག་ལི་སླབ་སར་འགྱོ་ དེ་ལས་ཨ་ནཱི་གཟའ་ཆུ་གནས་ཟེར་ ཡོདཔ་ཨིན་ལགས།
- དཔལ་འབྱོར་དེ་ལས་ ཏེ་བླམ་དཔོན་གཡོག་ཚུ་སྤུ་ར་(ག་ར་)ནཱ་ལས་ཕར་ དོས་འབག་མི་ཚུ་ཧེན་འབད་ ཕར་(ག་ཤར་?)རྐྱབ་པར་འགྱོ་ ཆུ་ཕར་ཁར་བྷང་ག་ལི་སླབ་སར་ དེ་ལས་བླམ་བུ་ དེ་ལས་ཏེ་ཨ་ནཱི་གནས་འདི་མཇལ་ ནཱ་ལས་ཕར་འབྱོནམ་ད་གནས་འདི་མཇལ་ ཕྱི་རུ་དགུང་ཞག་འདི་ ཕར་ལུངམ་ཕར་ཁར་ ཨ་ནཱི་བྷང་ག་ལི་སླབ་སར་བཞུགས་སྦེ་ དེ་ལས་ཡར་ལས་ཕར་འགྱོཝ་ཅིག་ དེ་ལས་ཕར་ ག་ན་ཁ་དང་ཉིན་གདུགས་ཁ་འགྱོཝ་ཨིན་ ཟེར་ཞུ་ནི་ལགས།། །།