Skip to main content Skip to search
01 Sep 2018
2 min 28 sec
Video Overview
Creators: 
Sherig Dentshog , Ngawang Loday

Sangay Phuntsho from Chungkhar village narrates an account of Bangtsho Choje. He was once the ruler of Dungsam, who forced many people to work as slaves. Sangay remembers there was an old man named Meme Samdrup, who came from the lineage of Bangtsho Choje. He gave Bangtsho Choje's land to Sonam Zangmo, because she was the daughter of Meme Samdrup's elder sister. Before, the land was in the care of Kezang and the late Dendup from Yalang village. Later Sonam Zangmo filed a case and acquired the land. That is how she became owner of Bangtsho Choje's land.

པདྨ་དགའ་ཚལ་རྫོང་ཁག་ བཟོ་སྦལ་རྒེད་འོག་ ཁྱུང་མཁར་གཡུས་ཚན་ལས་ སངས་རྒྱས་ཕུན་ཚོགས་ཀྱིས་ འབངས་མཚོ་ཆོས་རྗེ་གི་ལོ་རྒྱུས་བཤད་མི་ནང་ འབངས་མཚོ་ཆོས་རྗེ་འདི་ ཧེ་མའི་དུས་ལུ་ གདུང་བསམ་སྐྱོང་མི་ཅིག་ཨིནམ་ད་ ཁོང་ཚུ་གིས་ མི་མང་ཤོས་ཅིག་ར་ དབང་བཙོང་གི་ཐོག་ལས་ ལཱ་འབད་བཅུག་སྟེ་ཡོདཔ་ཨིན་མས། ཁོ་གི་ ཨ་རྒས་བསམ་གྲུབ་འདི་ སེམས་ཁར་དྲན་དོ་ཡོདཔ་ད་ ཨ་རྒས་འདི་ འབངས་མཚོ་ཆོས་རྗེ་གི་རྒྱུད་པ་ཅིག་ཨིན་མས། ཁོ་གིས་ བང་མཚོ་ཆོས་རྗེ་གི་ས་གཞི་འདི་ བསོད་ནམས་བཟང་མོ་ལུ་བྱིན་ཏེ་ཡོདཔ་ད་ དེ་ཡང་ བསོད་ནམས་བཟང་མོ་འདི་ ཨ་རྒས་བསམ་གྲུབ་ཀྱི་ཨ་ཞེམོ་སྦོམ་ཤོས་ཀྱི་བུམོ་འབདཝ་ལས་ཨིན་མས། ས་གཞི་འདི་ ཡ་ལང་ལས་ སྐལ་བཟང་དང་ཚེ་འདས་དོན་གྲུབ་ཀྱིས་བདག་འཛིན་འབད་དེ་ཡོདཔ་ད་ ཤུལ་ལས་ བསོད་ནམས་བཟང་མོ་གིས་རྩོད་གཞི་ཕྱེ་སྟེ་མོ་གིས་ལེན་ཆི་ནུག དེ་གིས་སྦེ་ བང་མཚོ་ཆོས་རྗེ་གི་ས་གཞི་འདི་ མོ་གིས་ག་དེ་སྦེ་ཐོབ་ཅི་གའི་སྐོར་ལས་སྟོནམ་ཨིན་མས།

Transcript search
No results found for this search
0 of 0
  • སངས་རྒྱས་ཕུན་ཚོགས་ Sangay Phuntsho
    འབངས་མཚོ་ཆོས་རྗེ་གི་སྐོར་ལས་ཨིན་ཏེ་འབད་རུང་ ད་ལྟོ་ང་བཅས་ཀྱི་འབངས་མཚོ་ཟེར་མི་དེ་ཡང་ དང་ཕུ་གནམ་ལས་ཆགས་ཆགསཔ་ཨིན་ན་ གནམ་མེད་ས་མེད་ཁུངས་བཀལ་མི་ཚུགས་ ཏེ་ང་བཅས་དྲནཔ་ད་ལས་ཡར་བལྟཝ་ད་ལུ་ འབངས་མཚོ་ཆོས་རྗེ་ མེས་མེས་བསམ་གྲུབ་ཟེར་ འདུག་ཟེར་ཞུ་གེ་ལགས།
    Though it is about Bangtsho Choejay, we can not say how it (Bangtsho Choejay) started in the past. From the time we can remember, there was an old man from Bangtsho Choejay known as maymay Samdrup.
  • སངས་རྒྱས་ཕུན་ཚོགས་ Sangay Phuntsho
    ཏེ་མེས་མེས་བསམ་གྲུབ་དང་ ད་ལྟོ་ནཱ་ མ་ལིག་བར་མ་གི་ཨ་མ་འདི་ ཁོང་གཉིས་འདི་ མེས་མེས་བསམ་གྲུབ་ཀྱི་བུམོ་ཨིན་པས། མེས་མེས་བསམ་གྲུབ་ཀྱི་བུམོ་ཨིནམ་ལས་ ཏེ་ད་ལྟོ་ནཱ་ འབངས་མཚོ་གི་ས་གཞི་ས་རྟེན་བྱིན་དགོཔ་འདི་ ཁོ་རའི་བུམོ་སྦོམ་ཤོས་བུམོ་ཨིནམ་ལས་ འབངས་མཚོའི་ས་གཞི་ས་རྟེན་བྱིན་དགོ་པའི་དོན་དག་ག་ཅི་སྨོ་ཟེར་བ་ཅིན་ ཁོ་རའི་བུམོ་སྦོམ་ཤོས་ཨིན་ཟེར་ ཏེ་ཁོ་གི་བསོད་ནམས་བཟང་མོ་ཡང་ མེས་མེས་གིས་ལོས་ཕོག་ཧིང་ཕོག་འབད་བྱིན་དགོ་མི་འདི་ དོན་དག་འདི་ཨིན་ཟེར་ཞུ་གེ་ལགས།
    ?? The reason for giving the Bangtsho Choejay land to Sonam Zangmo is because she is the daughter of elder sister of maymay Samdrup.
  • སངས་རྒྱས་ཕུན་ཚོགས་ Sangay Phuntsho
    དེ་ལས་མར་ ཧེ་མ་ཁི་གདུང་ཟེར་ ཁོ་ར་ཨ་རིང་ མར་འབངས་མཚོ་ལུ་ཨིན་ མ་པ་ཟ་པ་སྦེ་ཡང་སྡོད་སྡོདཔ་ཨིན་པས། ག་ཅི་ཡང་སྡོད་སྡོདཔ་ཨིན་པས། འ་ནཱི་ཟ་པ་འདི་ དོན་དག་ག་ཅི་སྦེ་སྡོད་ཡི་ག་ ཤུལ་ལས་ག་ཅི་སྦེ་མེདཔ་འགྱོ་ཡི་ག་ འ་ནཱི་གནམ་མེད་ས་མེད་ཁུངས་བཀལ་མི་ཚུགས།
    In the past, known as Khe-dhung, the paddy field down there ownes to Bangtsho Choejay. There was people known as Zapa. The reason how Zapa formed and how they disappear is unknown.
  • སངས་རྒྱས་ཕུན་ཚོགས་ Sangay Phuntsho
    དེ་ལས་ ང་བཅས་ཀྱིས་ ཁོང་གི་ཁི་གདུང་ལུ་བྱཱ་ལཱ་ཚུ་འབད་བའི་སྐབས་ལུ་ ཨ་རིང་འདུག འ་ནཱ་ལཱ་འབདཝ་ད་ལུ་ ང་བཅས་ཀྱིས་ འབངས་མཚོ་གི་ལས་མི་ཚུ་གིས་འབད་འབདཝ་ཨིན་ཟེར་ ང་བཅས་ཀྱི་མིག་གིས་ཡང་མཐོང་ཡི་ ལགཔ་གིས་ཡང་བཟུང་བཟུངམ་ཨིན། ཏེ་འ་ནཱི་འདི་ གཏོར་དགོ་པའི་དོན་དག་ག་ཅི་སྦེ་ཨིན་ན་ ཏེ་ང་བཅས་ཀྱིས་ གནམ་མེད་ས་མེད་ཁུངས་བཀལ་མི་ཚུགས་ ཟེར་ཞུ་ནི་ལགས།
    Not only we saw the Bangtsho Choejay workers working in Khe-dhung, the paddy field but even we worked there. The reason for how it stopped, changed or disappear is unknown.
  • སངས་རྒྱས་ཕུན་ཚོགས་ Sangay Phuntsho
    དེ་ལས་ ཤུལ་ལས་འབདཝ་ད་ ཏེ་འ་ནཱི་ས་འདི་ ད་ལྟོ་ནཱ་ བསོད་ནམས་བཟང་མོ་ལུ་བྱིན་མི་དོན་དག་ག་ཅི་སྨོ་ཟེར་བ་ཅིན་ དང་པ་ཟེརཝ་ད་ ཧེ་མ་རོགས་ནཱ་ ཡ་ལངས་དང་ཤོ་མར་ཐུང་གི་ མེས་མེས་སྐལ་བཟང་དང་ མེས་མེས་དོན་གྲུབ་ཤི་མི་ལུ་སྤྲོད་ནུག མེས་མེས་གིས།
    And the reason for land to be owned by Sonam Zangmo is, Before the land was handed over to Kezang and late Dendup of Yalang and Shomar Thung by Maymay Samdrup.
  • སངས་རྒྱས་ཕུན་ཚོགས་ Sangay Phuntsho
    དེ་ལས་ཤུལ་ལས་ ཁོང་ལོག་ལྷོད་ཞིནམ་ལས་ ཕར་ཚུར་རྩོད་གཞི་རྐྱབ་འབདཝ་ལས་ ལོག་སྟེ་རང་ བསོད་ནམས་བཟང་མོ་གི་མིང་ཐོག་ལུ་ཚུད་མི་འདི་ དོན་དག་འདི་ཨིན་ཟེར་ཞུ་ནི་ལགས།། །།
    Later, after they returned back, they fought lawsuit and owned the land by Sonam Zangmo.