21 Jun 2018
1 min 53 sec
Video Overview
Creators:
Duptho, Sonam Chophel
Donu from Zor village in Jamkhar Gewog, Trashiyangtse Dzongkhag narrates information about Baling village, including information about its historical ruler, Drungpa. He says that the village name Baling was given by Drungpa Chongala. The village remembers the glorious reign of Drungpa as an important part of local history.
བཀྲ་ཤིས་གཡང་རྩིས་ བྱམས་ཁར་རྒས་འོག་ གཡུས་འཟོར་ལས་ཨིན་མི་ རྡོ་ནུ་གྱིས་སྦས་ལིང་གཡུས་མཚན་དང་ དེ་ལས་སྦས་ལིང་གི་དཔོན་ དྲུང་པའི་སྐོར་ལས་ བཤད་ཡོདཔ་ཨིན་མས། གཡུས་མཚན་འདི་གིས་མིང་ དཔོན་དྲུང་པ་ལྕོང་ག་གིས་ བརྟགས་གནང་ཡོདཔ་ཨིན་མས།
- Jamkhar
- Trashiyangtse
- དོ་ནུ་ Donuབ་གླིང་ཟེར་བཅགས་གནང་མི་འདི་ དྲུང་པ་བཅོ་ལྔ་ལ་གིས་བཅགས་བཅགསཔ་ཨིན་པས་ལགས། ཏེ་དྲུང་པ་བཅོ་ལྔ་ལ་གི་ཧེ་མ་འདི་ རྫོང་ཤུལ་ཅིག་ཡོད་ལགས་ཆོས་སྲུང་ཆགས་ཆགསཔ་ཅིག་ ཏེ་འ་ནཱི་གི་མཐའ་འཁོར་ཚུ་ ཆུ་ཡང་འཐང་ཆུ་ དྲུང་པ་དང་ཕར་ཧོངས་མའི་དཀོན་གཉེར་དང་ འ་ནཱི་འཐུངས་ནུག ཏེ་འ་ནཱི་གི་སྦོ་ལོགས་ཁའི་ཆུ་ཡང་སྐམ་སུ་ཅིག་འབདཝ་མས།
- དོ་ནུ་ Donuཏེ་མི་ཚུ་གིས་ཡང་ ཁུ་སིམ་སི་འབད་ ང་བཅས་འདི་མ་ཤེས་ [ཁམ་ལོག་སི་སི་འབད་?] འབགཔ་མས་ལ་ལུ་གིས་འདི་ལགས། ཏེ་རང་གིས་ཞུ་གེ་ཟེརན་ ཕར་ལྷོད་རང་མི་ཚུགས་པས་ལགས་ ཏེ་ག་དེ་འབད་ནི། དེ་ལས་འ་ནཱི་དྲུང་པ་བཅོ་ལྔ་ལ་གི་བུ་ བཅུ་གཉིས་སྡོད་ཡི་ལོ་ལགས། འ་ནཱི་བཅུ་གཉིས་ལས་ དྲུང་པ་འཕྲིན་ལས་ཨིན་མས་ལགས།
- དོ་ནུ་ Donuཏེ་དྲུང་པ་འཕྲིན་ལས་ཀྱི་ཚབ་འདི་ སྣག་ཚང་ནང་ཧེ་མ་ལྕང་ལཱ་རྐྱབ་ དེ་ལས་དྲུང་པ་འཕྲིན་ལས་བཞག་ནུག་ལགས། སྟོང་ཞང་དྲུང་པ་ཟེར་སླབ་ཨིན་ཧེ་མ་ སྟོང་ཞང་གིས་དབང་ནུག་ལགས་ནཱ་ལུ། དེ་ལས་དྲུང་པ་ [ཚབ་?] གཏོར་མ་གོང་པ་ཨིན་མས་ལགས་ དྲུང་པ་གཅིག
- དོ་ནུ་ Donuདེ་ལས་དྲུང་པ་གཅིག་ནཱ་ ད་ལྟོ་ ཕྱག་སྒརཔ་འཆི་མེད་ཨིན་མས་ལགས། དེ་ལས་ཁེངས་རིན་འཛིན་མས་ལགས། དེ་ལས་ཁེངས་རིན་འཛིན་ལས་འདི་ ནཱ་དྲག་ཤོས་ཕུརཔ་རྡོ་རྗེ་ཨིན་མས་ལགས། དེ་ལས་དྲག་ཤོས་བསོད་ནམ་དཔལ་འབྱོར་ཨིན་མས་ལགས།
- དོ་ནུ་ Donuདེ་ལས་འ་ནཱ་ལས་འདི་ ཨ་ནཱི་དྲག་ཤོས་བསམ་བརྟན་གླིང་པ་ཨིན་མས་ལགས། དེ་ལས་ ནཱ་དྲུང་པ་ཆོས་འཕེལ་ལ་ཟེར་མི་གིས་མཇུག་བསྡུ་བསྡུཝ་ཨིན་ལགས།། །།