Skip to main content Skip to search
21 Jun 2018
25 min 21 sec
Ariana Maki
Video Overview
Creators: 
Duptho, Sonam Chophel

In this video, Dorji Phuntsho narrates the story of Ama Jomo, the local protector of the nomadic communities of Merak and Sakteng. Most eastern Bhutanese also pay homage to this female deity. Ama Jomo is believed to be the manifestation of Jomo Remati, Palden Lhamo or Mahakali. She was born out of emptiness, adorned with the glory of the universe. Ama Jomo visited many places in Radhi on the way to Jomo Kunkhar Phodrang in Merak. Many village names in Radhi are associated with Ama Jomo’s arrival.  

 

གློག་བརྙན་འདི་ནང་ རྡོ་རྗེ་ཕུན་ཚོགས་ཀྱིས་ ཨམ་ཇོ་མོའི་སྲུང་བཏངམ་ཨིནམ་ད་ ཨམ་ཇོ་མོ་འདི་ མེ་རག་དང་སག་སྟེང་གི་ འབྱོགཔ་ཚུའི་སྲུང་མ་ཨིན་རུང་ བཀྲིས་སྒང་གི་མི་མང་ཤོས་ཅིག་གིས་ མོ་ལྷ་འདི་བསྟེནམ་ཨིན་མས། ཨམ་ཇོ་མོ་འདི་ ཇོ་མོ་རེ་མ་ཏིའི་དང་ དཔལ་ལྡན་ལྷ་མོའི་སྤྲུལ་པ་ཨིནམ་མ་ད་ མོ་གིས་ མེ་རག་ལུ་ ཇོ་མོ་ཀུན་མཁར་ཕོ་བྲང་ལུ་བྱོན་པའི་ཞོར་ཁ་ ར་དྷི་རྒེད་འོག་གི་ ས་གནས་ལེ་ཤ་ཅིག་ནང་བྱོན་ཡོདཔ་ད་ རྒེད་འོག་འདི་ནང་གི་ ས་གནས་མང་ཤོས་ཅིག་གི་མིང་འདི་ ཨམ་ཇོ་མོ་དང་འབྲེལ་བ་ཡོདཔ་སྦེ་བཏགས་ཏེ་འདུག། 

 

Transcript search
No results found for this search
0 of 0
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ག་ཅི་སྨོ་ཟེར་བ་ཅིན་ ད་ ང་བཅས་རའི་ནཱ་ ར་སྡི་ལུང་པའི་ད་ ནཱ་གི་ ཨམ་ཇོ་མོ་འདི་ ཞབས་ཀྱིས་བཅགས་པའི་ དེ་ལས་ འ་ནཱི་རྒྱུ་མཚན་འདི་ ད་ ཆུང་ཀུ་ཅིག་ དོན་དག་ངོ་མ་འདི་དེ་ ད་ འ་ནཱི་ཞུ་བ་ཅིན་ ད་
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཨམ་ཇོ་མོ་འདི་ ད་ ཧེ་མ་ དང་པོ་དང་པོ་འབད་བ་ཅིན་ བོད་ར་ལུང་ཟེར་ས་ལུ་བཞུགས་བཞུགསཔ་མས་ ཨམ་ཇོ་མོ་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ བོད་ར་ལུང་ལུ་ ཏེ་བོད་ར་ལུང་ལུ་ བཞུགས་པའི་སྐབས་སུ་ལུ་ མོ་གི་ག་ཅི་སྨོ་ཟེར་བ་ཅིན་ ཨམ་ཇོ་མོ་འདི་ ད་ བོད་ལུ་རྒྱལ་པོ་གཅིག་གི་གཡོགཔ་བཟུམ་ཅིག་སྦེ་ འ་ནཱི་ གཡོགཔ་བཟུམ་ཅིག་སྦེ་ དེ་སྦེ་རང་བཞུགསཔ་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བོད་ཀྱི་རྒྱལ་པོ་གཅིག་གི་ བོད་ཀྱི་རྒྱལ་པོ་དེ་ཡང་ དེ་བསྒང་ལུ་ བདུད་ཀྱི་རྒྱལ་པོ་གཅིག་ཡོདཔ་ཨིན་མས་ བདུད་ཀྱི་རྒྱལ་པོ་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ འ་ནཱི་ ཁོ་གི་ཕོ་བྲང་ལུ་ ཕོ་བྲང་གཅིག་ཡོདཔ་མས་ལགས་ ཕོ་བྲང་ལུ་ ཡར་ཁ་ཐུག་ལས་འདི་ ཕུ་སྦོམ་ཅིག་ཡོདཔ་ཨིན་མས་ལགས་ ཕུ་སྦོམ་ཅིག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་ཕུ་དེ་གིས་ ད་ ངེའི་ཕོ་བྲང་ལུ་ ཉིམ་བཀག་མས་ཟེར་ འ་ནཱི་ཕུ་དེ་ བརྡལ་དགོ་ནི་མས་ཟེར་ ད་ ནཱ་མི་སེར་ཚུ་ལུ་བཀའ་གནང་ནུག་ལགས་ རྒྱལཔོ་གིས་འདི་ རྒྱལཔོ་གིས་མི་སེར་ཚུ་ལུ་བཀའ་གནང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ མི་སེར་ཚུ་ག་ར་ དམངས་ལཱ་འབད་བར་འཐོན་ནུག་ཏེ་ ད་ དམངས་ལཱ་ནང་འཐོན་ཏེ་ ད་ འ་ནཱི་གནམ་མེད་ས་མེད་ དམངས་ལཱ་ནང་འཐོན་ཏེ་ བཙུགས་ཏེ་ འ་ནཱི་ཕུ་དེ་ དུས་ནམ་ཡང་བརྡལ་ཚར་ནི་མེན་པས་ མི་སེར་ཚུ་གྱིས་བརྡལ་ཏེ་རང་འབད་རུང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ དེ་ལས་ རྒྱལ་པོ་གིས་ ག་ཅི་སྨོ་ཟེར་བ་ཅིན་ རྒྱལ་པོའི་བཀའ་ལུ་ ད་ ལཱ་སར་འཐོན་དགོཔ་རང་ཨིན་མས་ཁོང་ཚུ་ ལཱ་འབད་བར་འདི་ ད་ དེ་ལས་ བརྡལ་ནི་འདི་ དུས་ནམ་རང་འབད་ཚུགས་ནི་མེདཔ་སྦེ་ཡོད་དོ་མས་ ད་ རྒྱལ་པོ་ཁོ་རའི་ཐུགས་བཞེད་རང་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་བདུད་ཀྱི་རྒྱལ་པོ་འབད་ནི་དེ་གིས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཆོས་ལུ་དུམ་གྲ་ཅིག་རང་མེད་ནི་དེ་གིས་ བདུད་ཀྱི་ལོག་ལུ་རང་ འབད་བཅུག་ནིའི་རྩིས་ཨིན་མས་ལགས་ ད་ ཟ་ནི་འཐུང་ནི་ཟེར་མི་འདི་དུམ་གྲ་ཅིག་རང་ མེདཔ་འགྱོ་ནི་ལ་སོགས་པའི་འཆར་གཞི་རྐྱངམ་གཅིག་མ་བཏོགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཡར་རྒྱས་འགྱོ་ནིའི་ མནོ་བསམ་འདི་ མ་པ་ལས་རང་ ཁོ་ལུ་མེདཔ་ཨིན་མས་ འ་ནཱི་རྒྱལཔོ་ལུ་ ག་ཅི་སྨོ་ཟེར་བ་ཅིན་ དེ་ལས་ ད་ དེ་སྦེ་ལཱ་འབད་མི་ དེ་སྦེ་བཙུགས་ཏེ་ འ་ནཱི་ མི་གནགཔ་ཚུ་ག་ར་ གནམ་མེད་ས་མེད་འུ་སྡུག་ ཉག་ཕྲ་སོང་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཟླཝ་དག་པ་ཅིག་དེ་སྦེ་བཀོལ་ཏེ་ དེ་སྦེ་བཀོལ་བའི་སྐབས་སུ་ལུ་ ཨམ་ཇོ་མོ་ཡང་ དེ་བསྒང་ལུ་ ཨ་ལོ་གཅིག་འབག་སྟེ་བཞུགས་བཞུགསཔ་མས་ལགས་ ཕར་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱ་དེ་ལས་ ཡར་ འ་ནཱ་ལུ་ ལཱ་འབད་མི་ཚུ་སྡོད་སར་ ཕུའི་རྩེ་ལུ་སྦེ་ འ་ནཱི་སྦེ་ ཨ་ལོ་འདི་ལུ་ ལོ་ལོ་ལོ་ལོ་ཟེར་བརྡུང་བརྡུངམ་མས་ དེ་སྦེ་གླུ་འཐེན་གནང་གནངམ་མས་ལགས་ ད་སྦེ་ ལོ་ལོ་ལོ་ལོ་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ གླུ་གཞས་འདི་འཐེན་འཐེནམ་མས་ ལོ་ལོ་ལོ་ལོ་ ཏེ་ ཕུ་ཆེན་བརྡལཝ་བ་འདི་ མི་ཆེན་བརྡལཝ་དྲག་ ལོ་ལོ་ལོ་ལོ་ཟེར་ ཏེ་ འཐེན་འཐེནམ་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ དོ་རུང་རང་ འ་ནཱི་ འ་ནཱི་ཨམ་སྲུ་དེ་གིས་ ག་ཅི་གླུ་གཞས་ཅིག་འཐེནམ་ཨིན་ན་འཐེན་དེས་ས་ ག་ཅི་ཅིག་སླབ་ཨིན་ན་ སླ་དེས་ས་ཟེར་ ཉན་ད་ལེགས་ཤོམ་སྦེ་ ཉན་ཤིག་ཟེར་ ལ་ལུ་ ག་ར་ཉན་དོ་མས་ རྣ་བ་ཉན་པའི་སྐབས་ ད་རུ་རང་གླུ་འཐེནམ་དོ་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ལོ་ལོ་ལོ་ལོ་ཟེར་ ཕུ་ཆེན་བརྡལཝ་བ་ མི་ཆེན་བརྡལ་བ་དྲག་ ལོ་ལོ་ལོ་ལོ་ཟེར་ གླུའི་ཚིག་དེ་ཡང་ དེ་སྦེ་ཡོདཔ་ཨིན་མས་མོ་གི་ དེ་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལུ་ཏེ་ ཁོང་ག་ར་ཉན་ལྟཝ་ད་ལུ་འདི་ དབའི་ འ་ནཱི་ཨིན་པས་ཟེར་ འ་ནཱི་ཕུ་བརྡལ་ཏེ་ ནམ་ཡང་མི་ཚར་ནི་མས་ཟེར་ མི་ཚུགས་ནི་མས་ཟེར་ འདི་བ་འདི་ ང་བཅས་དེམ་ཅིག་ ལཱ་ཁག་བཏང་བ་འདི་ ད་ རྒྱལཔོ་འདི་ མེདཔ་བཟོ་བཞག་པ་ཅིན་ བཏུབ་ནི་མས་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་སྦེ་མི་སེར་ག་ར་ཁ་འཆམ་ཏེ་ དེ་ལས་ འ་ནཱི་ལཱ་འདི་བཀག་བཞག་ད་ནུག་ ཨ་ནཱི་འདི་ཡང་བཀག་བཞག་ནུག་སྟེ་ བཀག་བཞག་སྟེ་ ཁོང་ཚུ་གིས་རྒོལ་ནུག་ཏེ་ལོག་སྟེ་ དེ་སྦེ་ དེ་ལས་ཏེ་ ད་ འ་ནཱི་འདི་ ག་ཅི་སྦེ་བཀག་བཞག་ཡི་ག་ཟེར་ ཞིབ་དཔྱད་འབད་དོ་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ རྒྱལ་པོ་གིས་ བཀག་དགོ་མི་འདི་ ག་ཅི་ཨིན་ན་ ཞིབ་དཔྱད་འབདཝ་ད་ལུ་འདི་ ད་ ཞིབ་དཔྱད་འབད་ཡི་འབད་ཡི་འབདཝ་ད་ མཇུག་ལུ་ལྷོདཔ་ད་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ནཱི་ཨམ་ཇོ་མོ་གིས་ཏེ་ གསུངས་གསུངསམ་སྦེ་ མོ་ལུ་ལྷོད་ནི་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ དེ་སྦེ་འབདཝ་ད་ ཨམ་ཇོ་མོ་ མོ་ར་ལུ་ ལཱ་ཁག་འོང་ནི་མས་ཟེར་ ཟེར་ཐུགས་བཞེད་བཞེསཔ་ཅིག་རང་ འ་ནཱི་ཨམ་ཇོ་མོ་འདི་ བྱོག་འབྱོན་ནུག་ཕར་ལས་ བོད་ར་ལུང་ལས་ཚུར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བོད་ར་ལུང་ལས་ཕར་ཚུར་བྱོག་འབྱོན་ཏེ་ དེ་ལས་འདི་ ད་ལྟོའི་ང་བཅས་རའི་ནཱ་ ད་ལྟོ་མར་བུ་ན་ལས་ཡར་ལྟག་སྦེ་འབྱོན་ཏེ་ བུ་ན་ཟེར་མི་འདི་ ས་ ད་ལྟོ་མར་རང་འབྱུང་གི་འོག་ལུ་ཨིན་པས་ ད་ རང་འབྱུང་གི་འོག་ལུ་ བུ་ན་ཟེར་ཡོད་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ བུ་ན་ལུ་ལྷོདཔ་ད་ ཟེར་མི་འདི་ མོའི་ཨ་ལོ་འདི་ ཨམ་ཇོ་མོའི་ཨ་ལོ་ན་ནཝ་མས་ཏེ་མས་ལགས་ ཏེ་ནཝ་ད་ ད་ ཨ་ལོ་ན་བའི་མིང་ཨིན་མས་ལགས་ བུ་ན་ཟེར་ཡར་སོང་ནུག་ལགས་ འ་ནཱི་ཨ་ལོ་ན་སྟེ་ ཨ་ཙི་ཅིག་ལཱ་ཁག་བཏང་བཏངམ་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལས་ཡར་འབྱོན་ཏེ་ ཡར་བྱོན་པའི་སྐབས་ལུ་ དེ་ལས་འདི་ ད་ འ་ནཱ་ ཆོང་སྡི་ལུ་ལྷོདཔ་ད་ལུ་འདི་ ཆོང་སྡི་ཟེར་ཡོད་ རང་འབྱུང་གི་ལྟག་ལུ་ ད་ ཆོང་སྡི་ལུ་ལྷོདཔ་ད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱི་ཨ་ལོ་འདི་ཏེ་ ཤི་ད་ནུག་ལགས་ ཨ་ལོ་འདི་ཤི་སོང་སྟེ་ ད་ ཆོང་དི་ལྷོདཔ་ད་ལུ་འདི་ འ་ནཱ་ལས་ཨ་ལོ་འདི་མེ་བཏང་སྟེ་ འ་ནཱ་མེ་བཏང་ས་ ད་རེས་ནངས་པ་ རྡོ་ཡང་དམརཔོ་སྦེ་ཡོད་ལགས་ རྡོའི་ཐ་ལི་སྦོམ་སྦེ་ རྡོ་ག་ར་དམརཔོ་སྦེ་འགྱོ་སྟེ་ཡོད་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱ་ལས་ཨ་ལོ་དེ་ཡང་ མེ་བཏང་སྟེ་ དེ་ལས་ ནཱ་ལས་ཚུར་སྦེ་འབྱོན་ཏེ་ དེའི་བསྒང་ལུ་ གཡུས་ཚན་མེདཔ་ཨིན་མས་ལགས་ ད་རེས་ནངས་པ་ ང་བཅས་རའི་ནཱ་ལུ་གཡུས་ཚན་ལེ་ཤ་འདུག་མེན་ན་ལགས་ དེའི་སྒང་ལུ་གཡུས་ཚན་མེདཔ་ཨིན་མས་ ནགས་ཚལ་ཡོདཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལས་ཚུར་སྦེ་འབྱོན་ཏེ་ དེ་ལས་འདི་ཕར་ཁར་ ད་ལྟོ་གཙང་མཁར་གྱི་སྦོག་ལོག་ཁར་ དུས་པས་ཟེར་ས་ལུ་ ད་ དུས་པས་ལུ་ གུང་པ་གཅིག་རྐྱངམ་ཅིག་ཡོདཔ་ཨིན་པས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁྱིམ་ ཁྱིམ་འདི་ འ་ནཱི་ ད་ དུས་པས་ལུ་ གུང་པ་གཅིག་རྐྱངམ་ཅིག་ཡོདཔ་ཨིན་མས་ དེ་ལས་ ཕར་འབྱོན་ཏེ་ ཕར་གནསཔོ་བརྙ་སྟེ་བཞུགས་ནུག་ལགས་ ད་ལྟོ་ང་བཅས་རའི་ནཱ་ར་དི་ལུ་ ཕར་གནསཔོ་བརྙ་བཞུགས་སྟེ་ ཕར་ལུ་ སྐུ་ཞག་གསུམ་བཞུགས་ནུག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    སྐུ་ཞག་གསུམ་བཞུགས་ཞིནམ་ལས་ དེ་ལས་ཏེ་ ད་ འ་ནཱ་ མོ་བྱོན་ནི་འབདཝ་ད་འདི་ ད་ ཕར་གནསཔོ་ལུ་ ཕར་ ཨ་མ་ལུ་ ད་ གསུངས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ང་ལུ་ སྐུ་མཆོད་ཅིག་ ངེའི་ཨ་ལོའི་སྐུ་མཆོད་ཅིག་ ཁྱེད་ཚུ་གིས་འབད་གནང་ཟེར་ ད་ ཟེརཝ་ད་ ཕར་ལས་ཡང་བཏུབ་འབད་གེ་ཟེར་ ཕར་ལུ་མ་དངུལ་དུམ་གྲ་ཅིག་གནང་བཞག་ནུག་ཨམ་ཇོ་མོ་གིས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ཏི་རུ་གནང་གནངམ་ཨིན་ན་ ག་ཅི་གནང་གནངམ་ཨིན་ན་ དང་ཕུའི་བལ་ཀྲམ་རེ་གནང་ཡི་ག་ ཏེ་ འདི་གནང་བཞག་བཞགཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ གནང་བཞག་ཞིནམ་ལས་ འ་ནཱ་ལས་ཡར་བལྟ་སྟེ་ འ་ནཱ་ལས་ཡར་བལྟ་སྟེ་ ཤུལ་ལས་ཚུན་ཚོད་རང་ ད་ ཨའུ་ལ་ཟེར་དར་ནུག་ ཨའུ་ལ་ཟེར་ ཨའུ་ལ་ཟེར་ ད་ལྟོ་སྒྲ་ཨ་ཙི་རེ་མ་དགཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཨའུ་ལ་ཨའུ་ལ་ཟེར་ ཏེ་ འ་ནཱི་ཡང་ མོ་གིས་སླབ་ནི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཨོ་ལོ་ཨོ་ལོ་ཟེར་བའི་རྩིས་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཨོ་ལོ་ཨོ་ལོ་ཟེར་ དེ་ལས་ ཤུལ་ལས་རྐྱངམ་གཅིག་ ཨའུ་ལ་ཟེར་ དེ་སྦེ་ ཇོ་མོ་གིས་བཀོལ་ཏེ་ ཨའུ་ལ་ཨའུ་ལ་ཟེར་མི་ཅིག་འབད་ནི་འདུག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་སྦེ་འབད་དེ་ དེ་ལས་ཏེ་ ཇོ་མོ་གིས་བཀོལ་ཏེ་ རྟ་གཅིག་བཟོ་སྟེ་ ད་ དེ་སྦེ་བཟོ་སྟེ་ ལག་པར་ཁ་རམ་ཤིང་གཅིག་འབག་སྟེ་ ད་ དེ་ལས་ དེ་སྦེ་འབད་དེ་ ཨའུ་ལ་ཟེར་ མི་ག་ར་གྱལ་བསྣར་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ འ་ནཱི་སྦེ་འབད་དེ་ ང་བཅས་རའི་ནཱ་ལུ་ ད་ འགོ་དང་པ་རང་ ནཱ་གི་ལྷ་ཁང་ལུ་འོང་སྟེ་ དེ་སྦེ་འབད་དེ་ འབད་ནི་འདུག་ ད་ འ་ནཱ་ལུ་ཨམ་ཇོ་མོའི་འབྱུང་ཁུངས་འདི་ མར་ལས་ ད་ ཁུངས་འདི་ ད་ འ་ནཱི་འདི་ ང་གིས་བར་ན་ལས་སྦེ་ཞུ་དོ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ དེ་འབདཝ་ད་ ཨམ་ཇོ་མོ་དེ་ འདི་ལས་ཡར་བལྟ་འབྱོན་ནུག་ མར་ལས་ཡར་བལྟ་ ད་ ག་ཅི་སྨོ་ཟེར་བ་ཅིན་ མར་ལས་ཡར་བལྟ་ དུས་པས་ལས་ཡར་བལྟ་བྱོན་ཏེ་ ཡར་བལྟ་བྱོནམ་ད་ལུ་ ད་ ཡར་བལྟ་ ཡར་ ད་ ཕུ་གཅིག་ཁར་ ཡར་བལྟ་འབྱོན་ནི་ཨིན་མས་ལགས་ མོ་གིས་ ད་ ཡར་བལྟ་ཡར་བལྟ་སོང་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ཡར་བལྟ་བྱོནམ་ད་ མོ་ ག་ཅི་སྨོ་ཟེར་བ་ཅིན་ ཉེཝ་ཉེ་ཚན་ག་ར་ མེདཔ་སོང་སྟེ་ མོ་འདི་ མ་པ་ཨིན་ནི་འདི་ བྱང་ཆུབ་སེམས་དཔའ་ ས་ཐོབ་མི་ཨིན་མས་ མོ་ ཨམ་ཇོ་མོ་འདི།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གནམ་མེད་ས་མེད་ཀྱི་ཤུགས་ཅན་ ཏེ་རོགས་སངས་རྒྱས་རང་ཨིན་མས་ལགས་ ས་ཐོབ་ཡོད་མི་སངས་རྒྱས་མཁའ་འགྲོ་དངོས་སུ་ཨིན་མས་ དེ་སྦེ་འབད་བའི་སྐབས་ལུ་ ཏེ་མོ་ད་ག་ར་གཤགས་ཏེ་ ཨ་ལོ་ཚུ་གཤགས་ཏེ་ ཨ་པ་ཨ་མ་ག་ར་གཤགས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འདི་ལས་ཡར་བལྟ་བྱོནམ་ད་ ཏེ་ཧ་ལམ་ཅིག་ལས་ མོ་ར་རྐྱངམ་གཅིག་ལུས་སོང་སྟེ་ ད་ འདི་འབདཝ་ད་ འདི་ལས་ཡར་བལྟ་བྱོན་ཏེ་ ད་ མར་ ང་བཅས་རའི་མྱང་སྙུང་ཟེར་ས་ལྷོདཔ་ད་ མྱ་ངན་འབད་དེ་བཞུགས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མྱ་ངན་འབད་དེ་ ད་ང་རྐྱངམ་གཅིག་ལུས་སོང་ཡི་ ང་ད་ག་ཅི་འབད་ན་ཟེར་ དེ་སྦེ་ སེམས་འདི་འཁྲུལ་སྣང་ལངམ་ལས་ ད་ འ་ནཱ་གི་ལམ་དེ་ཡང་ ལོག་ཅིག་ཁར་འགྱོཝ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ཆོས་ མི་རང་ཨིན་རུང་ སངས་རྒྱས་རང་ཨིན་ཏེ་རང་འབད་རུང་ ད་ སེམས་འདི་ སྐྱོན་འཐོན་སོང་པ་ཅིན་ ལམ་འདི་ལོག་ཅིག་འཛུལ་སོང་སྟེ་ ད་ གནོད་སྦྱིན་ལུ་སྐྱེ་ནི་ཨིན་མས་ལགས་ གནོད་མི་གནོད་སྦྱིན་ལུ་འགྱོ་ནི་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ འ་ནཱི་ དེ་བཟུམ་ཅིག་འགྱོ་ནི་ གནོད་སྦྱིན་བཟུམ་ཅིག་ལུ་འགྱོ་ནི་འབདཝ་ཨིན་མས་ལགས་ གནོད་སྦྱིན་ལུ་འགྱུར་ཚར་ཞིནམ་ལས་ ལོག་སྟེ་རང་དམ་བཏགས་མི་ཚུགས་ནི་ཨིན་མས་ལགས་ མོ་ད་ དེ་ལས་ འ་ནཱི་ བཟུམ་ཅིག་འགྱོ་ནི་ཨིན་མས་ཟེར་ མོ་དེ་བཟུམ་ཅིག་འགྱོ་དོ་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ཅི་སླབ་ནི་ད་ལྟོ་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ མཁྱེན་མཁྱེནམ་ཨིན་མས་ལགས་ གྲུབ་དབང་གྲགས་པ་རྒྱལ་མཚན་དེ་ ཡར་ མེས་མེས་ར་གླང་ཟེར་ས་ལུ་ ད་ལྟོ་ཐག་རིང་སར་རང་ཡོད་ ནཱ་ལས་ཕར་འབད་བ་ཅིན་ ཉིནམ་གཅིག་ལུ་ལྷོད་འོང་ལགས་ཡར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ལྟོ་ ཁོ་གི་སྒྲུབ་ཁང་ཡང་ཡོད་ལགས་ཡར་ སྒྲུབ་ཁང་འ་ནཱ་ཧ་ལམ་ཅིག་སྦེ་ སྒྲུབ་ཁང་དེ་ ད་རེས་ནངས་པ་ཡང་མཇལ་ནི་ཡོད་ དང་ཕུ་དང་ཕུ་ག་དེམ་ཅིག་གི་རང་ཨིན་མས་ལགས་ ཏེ་དེ་ཁར་བཞུགས་བཞུགསཔ་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ འདི་ནང་བཞུགསཔ་ད་ལུ་ ད་ འ་ནཱ་ལུ་ མ་པ་ག་ཅི་སྨོ་ཟེར་བ་ཅིན་ ཨམ་ཇོ་མོ་བཏུལ་ནིའི་ལུང་བསྟན་ཡང་ ཁོ་ར་ལུ་རང་ཡོདཔ་ལས་ དེ་སྦེ་འགྱོ་དགོ་པའི་ དང་ཕུའི་ཁོ་རའི་ལུང་བསྟན་འདི་ཡོདཔ་ལས་ ཁོ་ར་ག་ཅི་སྨོ་ཟེར་བ་ཅིན་ གྲུབ་དབང་གྲགས་པ་རྒྱལ་མཚན་ཟེར་མི་དེ་ གུ་རུ་རིན་པོ་ཆེའི་རྣམ་སྤྲུལ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གུ་རུ་རིན་པོ་ཆེ་གི་རྣམ་སྤྲུལ་ ད་ ཁོ་གི་ སྐྱོན་གྱི་མཚན་འདི་ ག་ཅི་སྨོ་ཟེར་བ་ཅིན་ སློབ་དཔོན་མཁྱེན་རྒྱས་ཟེར་ཞུ་ནི་ལགས་ སློབ་དཔོན་མཁྱེན་རྒྱས་ ང་བཅས་རའི་མི་རང་ཨིན་རུང་ ད་ སྐྱོན་མིང་གཅིག་དང་ ད་ མིང་ལེགས་ཤོམ་རེ་རེ་གཉིས་གཉིས་མ་པ་ལས་རང་འོང་མས་མེན་ན་ལགས་ ད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    སྐྱོན་མིང་སྦེ་འབོཝ་ད་ལུ་འདི་ མི་རང་ཨིན་རུང་ ཧ་གོ་འགྱོཝ་མས་མེན་ན་ ད་ མིང་ལེགས་ཤོམ་འདི་འབོཝ་ད་ མགྱོགས་པ་ཧ་མི་གོ་བས་ ད་ དེ་བཟུམ་སྦེ་ སློབ་དཔོན་མཁྱེན་རྒྱས་ཟེར་ཨིན་མས་ མ་པ་འ་ནཱི་འདི་ཁོ་གི་སྐྱོན་མིང་མཚན་སྦེ་ ད་ མ་པ་མཚན་ལེགས་ཤོམ་འདི་ གྲུབ་དབང་གྲགས་པ་རྒྱལ་མཚན་ཨིན་མས་ གུ་རུ་རིན་པོ་ཆེའི་རྣམ་སྤྲུལ་ཨིན་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཕར་ལས་ཚུར་སྦེ་ ཏེ་ ར་གླང་ལས་ཚུར་ འཕུར་འབྱོན་ནུག་ལགས་ འཕུར་ཏེ་ ད་ལྟོ་ཨམ་ཇོ་མོ་དེ་ཡང་ དེ་བཟུམ་ཅིག་སྦེ་ ཏེ་ད་སྐྱོ་སྟེ་ ཐུགས་སྐྱོ་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ལམ་ལོག་ཅིག་ཁར་འགྱོཝ་མས་ཟེར་ ཏེ་འ་ནཱི་སྦེ་ ཐུགས་བསམ་བཞེསཝ་ཅིག་ ཕར་ལས་ཚུར་འཕུར་བྱོན་ཏེ་ ད་ལྟོ་ནཱ་ ར་དི་ལྷ་ཁང་ལུ་ དེ་བསྒང་འབད་བ་ཅིན་ནགས་ཚལ་ ཤིང་ནང་ན་ཡོདཔ་ཨིན་མས་ལགས་ ནགས་ཚལ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་འ་ནཱི་ལས་ཡར་ ཏེ་འཕུར་བྱོན་ཏེ་ ཏེ་འ་ནཱ་ རྡོ་སྦོམ་ཅིག་གུ་ཕོག་སྟེ་ཡོད་ལགས་ ཕར་ལས་ཚུར་བྱོནམ་ད་ རྡོ་སྦོམ་གུ་ཕོགཔ་ད་ རྡོ་རྗེ་གི་པར་ཡང་ནཱ་ལུ་ཐོན་ཏེ་ཡོད་ ནཱ་ལྟག་ལུ་རང་ཡོད་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལུ་བཞུགས་བཞུགསཔ་ཨིན་མས་ལགས་ ནཱ་བཞུགསཔ་ད་ལུ་ ཨམ་ཇོ་མོ་མར་ལས་ཡར་བལྟ་བྱོནམ་ད་ ཁོང་གཉིས་འགོ་དང་པ་ ཞལ་གཟིགས་གསུངས་གྲོས་དེ་ཡང་ ནཱ་ལྷ་ཁང་ནང་ འ་ནཱི་ལྷ་ཁང་ནང་ལུ་ ཏེ་འ་ནཱ་ཟོར་ལུ་སྦེ་ ཞལ་གཟིགས་གསུངས་གྲོས་མཛད་མཛདཔ་ཨིན་མས་ འགོ་དང་པ་རང་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་གནས་ འ་ནཱ་ལས་ དེ་ལས་ ཨམ་ཇོ་མོ་ག་ཅི་སླབ་ནི་སྨོ་ འ་ནཱ་ཨའུ་ལ་འབད་བའི་སྐབས་ལུ་ཡང་ ནཱ་འབདཝ་ཨིན་མས་ལགས་ ནཱ་ འ་ནཱ་ལྷ་ཁང་ལུ་སྦེ་ འ་ནཱ་ལུ་ ལྷ་ཁང་མེད་པའི་སྐབས་ལུ་ཡང་ ལྷ་ཁང་འདི་ཡོད་རང་མེདཔ་ཨིན་མས་ལགས་ ལྷ་ཁང་ཡོད་རང་མེད་ དང་ཕུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ས་ཆགས་གནམ་ཆགས་ཀྱི་བློ་ཨིན་ལགས་འདི་ཚུ་ དེ་ལས་ ད་ལྟོ་འ་ནཱི་ཁར་ ཞལ་གཟིགས་གསུངས་གྲོས་འབད་དེ་ ནཱ་ལས་ཡར་བྱོན་ནུག་ལགས་ཡར་ ནཱ་ལས་ཡར་བྱོན་ཏེ་ ཡར་ད་ ཁོང་གཉིས་གསུང་གྲོས་མཛད་ཅི་རང་བྱོན་ཏེ་ ད་ལྟོ་ ཁོང་གཉིས་གསུང་གྲོས་མཛད་སར་ ཨམ་ཇོ་མོ་ལུ་འབད་བ་ཅིན་ འཁོར་ལེ་ཤཱ་ཡོདཔ་ཨིན་མས་ལགས་ད་རུང་རང་ འཁོར་དེ་ཚུ་གནམ་མེད་ས་མེད་ འབུམ་ཕྲག་དང་བཅས་པའི་ འཁོར་ཡོདཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འཁོར་འདི་ད་ལྟོ་ ང་བཅས་རའི་ནཱ་ མི་ཚུ་གིས་འདི་ མ་མཐོང་དོ་མས་ལགས་ མོ་གི་འཁོར་འདི་ མོ་ར་རྐྱངམ་གཅིག་ གཞན་ཚུ་གིས་མཇལ་ཡོདཔ་མ་གཏོགས་ འཁོར་འདི་ མོ་གི་ ག་ཅི་སྨོ་སྐྱེས་བཙན་ལ་སོགས་པ་ འ་ནཱི་ ལེ་ཤཱ་ཡོདཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་མི་མ་ཡིན་ལ་སོགས་པ་ ལེ་ཤཱ་ཡོདཔ་ཨིན་མས་ལགས་ འ་ནཱི་ཡོདཔ་ལས་ ང་བཅས་ར་མི་གིས་འདི་ མཐོང་ནི་ར་མེདཔ་ཨིན་མས་ལགས་ ད་ མོ་གིས་འདི་ ད་ རྣམ་བ་གིས་འདི་གོཝ་ཨིན་མས་ དི་རི་རི་རི་བཏང་ རྣམ་ཅོ་གིས་འདི་གོ་ཡོདཔ་ དེ་འབདཝ་ད་ མིག་གིས་མཐོང་ནི་འདི་ མེདཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ནཱ་ལས་ཡར་ནོར་ཚུ་ག་ར་ ཡར་བལྟ་ ནཱ་ ཁོང་གཉིས་གསུང་གྲོས་མཛད་བཞུགསཔ་ད་ ནོར་ཚུ་ག་ར་ ནཱ་ལས་ཡར་བདའ་བཏང་ད་ནུག་ལགས་ བདའ་བཏང་བཞག་སྟེ་ཡོདཔ་ཨིན་མས་ལགས་ ད་ དེ་ལས་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ མངོན་ཤེས་མཁྱེན་ཏེ་ མོ་གི་ནོར་ཚུ་དམ་བཏགས་ཏེ་བཞག་བཞགཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ནཱ་ མཁར་རྙ་ཟེར་ས་ལས་ཡར་ རྡོ་གནམ་མེད་ས་མེད་རང་རོང་སྦེ་ཡོད་ལགས་ མཁར་ན་ཟེར་ས་ལུ་ ནཱ་ལས་ཡར་ ད་ འ་ནཱ་ལུ་ ད་ལྟོ་ མོ་ནོར་ཚུ་ག་ར་དེ་ཁར་ལུ་ དམ་བཏགས་ཏེ་བཞག་བཞགཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གྲུབ་དབང་གྲགས་པ་རྒྱལ་མཚན་གྱི་ ཁོའི་ཐུགས་ཀྱི་སྤྲུལ་པ་ ནཱ་ ཁོང་གཉིས་གསུང་གྲོས་མཛད་དོ་བཟུམ་བཏབ་སྟེ་ ཁོ་གིས་ད་རུང་རང་ ཡར་ནོར་ཚུ་ ཨམ་ཇོ་མོའི་ནོར་ཚུ་ དམ་བཏགས་ཅི་རང་འབག་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ནཱ་ལུས་སྟེ་ཡོད་ དེ་ལས་ འ་ནཱ་ལས་ཡར་འབྱོན་ཏེ་ ཁོང་གཉིས་གསུང་གྲོས་མཛད་དེ་རང་བྱོན་ཏེ་རང་ དེ་སྦེ་འབད་དེ་རང་ཡར་ ད་ བཙན་ཕུ་ཟེར་ས་ལུ་ ད་ལྟོ་བཙན་ཕུ་དགོན་པ་ཟེར་ཡོད་ལགས་ བཙན་ཕུ་ཟེར་སའི་ལྟག་ལུ་སྦེ་ ད་ ལྷོདཔ་ད་ སྤོ་ཏོ་ཅིག་ཡོད་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱི་སྤོ་ཏོ་གུ་ལྷོདཔ་ད་ལུ་ ཁོང་ཡར་བོད་ བོད་ལས་མར་བསྣམས་ཡོད་པའི་ འ་ནཱ་ཆོས་ འབུམ་པོ་ཏི་བཅུ་གཉིས་ཡོདཔ་ཨིན་མས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འབུམ་པོ་ཏི་བཅུ་གཉིསཔོ་དེ་ ལུག་གུ་ལུ་བཀལ་ཏེ་འབག་ཡོདཔ་ཨིན་མས་ལགས་ དེ་ལས་ འ་ནཱི་འདི་ཏེ་ ལུག་ཡང་མི་མ་ཡིན་བཟུམ་སྦེ་རང་ཨིན་མས་མ་པ་ཨིན་ནི་འདི་ གཞན་གྱི་མ་མཐོང་པར་ བཀལ་ཏེ་འབག་འོང་འོངམ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ད་ལྟོ་འ་ནཱི་ འབུམ་པོ་ཏི་བཅུ་གཉིསཔོ་དེ་ ག་ར་སླ་བསྲེས་རྐྱབ་སྟེ་ དཀྲུག་བཏང་ད་ནུག་ལགས་ཨམ་ཇོ་མོ་གིས་ ག་ར་ཧིང་སང་ས་སྦེ་རང་དཀྲུགས་ཏེ་ དེ་ལས་ དཀྲུགས་ཞིནམ་ལས་ གནམ་ཁར་བལྟ་སྟེ་གཏོར་བཏང་ད་ནུག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གནམ་ཁར་བལྟ་སྟེ་གཏོར་ཞིནམ་ལས་ ཧིང་སང་ས་གཏོར་བཏང་སྟེ་ ཡར་ གནམ་ཁར་ལས་ཡར་ ག་ར་རླུང་མ་གིས་འཕྱགས་བདའ་སྟེ་ ག་ར་དེ་སྦེ་ གནམ་ག་ར་སྤུབས་ཏེ་ཆོས་ཀྱི་ ག་ར་ཡར་དེ་སྦེ་ རླུང་མ་གིས་འཕྱགས་བདའ་ནུག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རླུང་མ་གིས་འཕྱགས་འབག་སྟེ་ ཡར་བལྟ་གཏོར་བཏངམ་ད་ལུ་ གཏོར་ཏེ་ དེ་ལས་ ཁྱོད་ཡང་ཐུགས་དང་ནུས་པ་ཡོད་ཟེར་བ་ཅིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་ཆོས་འདི་ཚུ་ གོ་རིམ་བཞིན་དུ་སྦེ་ ཁྱོད་ཀྱི་ཐུགས་དམ་་་ ག་ཅི་སླབ་ན་ ག་ཅི་ལོ་ལོག་གཅིག་ཁར་འབག་སྟེ་ ཞིབ་སྟེ་བདག་འཛིན་འཐབ་སྟེ་བཞག་ཟེར་ ཨམ་ཇོ་མོ་གིས་ དེ་སྦེ་གསུངས་ནུག
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཨ་ནཱི་ག་ཅི་ལོ་ གྲུབ་དབང་གྲགས་པ་རྒྱལ་མཚན་ལུ་ བཏུབ་ཟེར་ དེ་ལས་ ག་ཅི་ལོ་གྲུབ་དབང་གྲགས་པ་རྒྱལ་མཚན་གྱི་ ཐུགས་ཀྱི་སྤྲུལ་པ་གིས་སྦེ་ དེ་ལས་ ཕར་བྱག་ཕུག་གཅིག་ནང་འབག་སྟེ་ དེ་ལས་ གོ་རིམ་བཞིན་དུ་སྦེ་ ཀྲིག་ཀྲི་སྦེ་བཞག་ནུག
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཨ་ནཱི་འབུམ་པོ་ཏི་བཅུ་གཉིསཔོ་དེ་ གོ་རིམ་བཞིན་དུ་སྦེ་འབག་སྟེ་ ད་ལྟོ་ཁྲོམ་དབང་ལྷ་ཁང་ཟེར་ས་ལུ་ དེ་བསྒང་ལུ་ ཁྲོམ་དབང་ལྷ་ཁང་མེདཔ་ཨིན་མས་ འ་ནཱི་ཁར་བྱག་ཕུག་རྐྱངམ་གཅིག་ཡོདཔ་ཨིན་མས་ ཁྲོམ་དབང་ལྷ་ཁང་གི་ལྟག་ལུ་བྱག་ཕུག་ཡོད་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་ཕུག་ནང་ན་ལས་ཕར་ ཆུ་དང་ག་ཅི་ཡང་མ་ཕོགཔ་སྦེ་ འ་ནཱི་ནང་ན་ལུ་འབག་སྟེ་ ཀྲིག་ཀྲི་སྦེ་ ནང་ན་གོ་རིམ་བཞིན་དུ་སྦེ་བསྐྱེལ་ཏེ་ དེ་སྦེ་བཞག་ནུག་ ང་བཅས་རའི་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་སྦེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ད་ལྟོ་འ་ནཱི་འདི་ འབུམ་དེ་ད་རེས་ནངས་པ་ཡང་མཇལ་ནི་ཡོད་ ད་ལྟོ་ཕར་ སོར་སོ་སྦེ་ ལྟབ་ཤུལ་ཡོདཔ་སྦེ་ ལུག་གུ་བཀབ་འབག་ཡོད་མི་དེ་ ད་རེས་ནངས་པ་ འ་ནཱི་ཕར་ཁྲོམ་དབང་ལྷ་ཁང་ནང་ལུ་ཡོད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལས་ འ་ནཱ་ལས་ཡར་བལྟ་སྟེ་འབྱོན་ནུག་ འ་ནཱ་ལས་ཡར་རང་འབྱོན་ཏེ་ ཡར་མོ་རའི་གླང་པོ་ཆེ་ལ་སོགས་པ་ ནོར་ དེ་ལས་ གསེར་ཉ་ལ་སོགས་པ་ དེ་ཚུ་ཡང་ གདོང་ཁར་གདོང་ཁར་ དེ་བཟུམ་སྦེ་ཡོདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལམ་བདའ་ལམ་བདའ་ ག་ར་དམ་བཏགས་སྟེ་ཡོདཔ་ཨིན་མས་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ མེ་རག་པའི་ལམ་བདའ་དམ་བཏགས་སྟེ་ འ་ནཱི་གསེར་ཉ་ཚུ་ཡང་དེ་ཁར་དམ་བཏགས་ཏེ་ དེ་ལས་ གླང་པོ་ཆེ་དང་ འ་ནཱི་གསེར་ཉ་ཚུ་ཡང་ དམ་བཏགས་ཅི་རང་འབག་སྟེ་ དེ་ལས་ འ་ནཱ་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ དེ་སྦེ་ཡར་བལྟ་འབྱོན་ནུག་ལགས་ ག་ཅི་སྨོ་ཟེར་བ་ཅིན་ མགྱོགས་སུ་མགྱོགས་སུ་སྦེ་ཞུ་སྟེ་འགྱོ་བ་ཅིན་ དེ་ལས་ འ་ནཱ་ལས་ཡར་བལྟ་དེ་སྦེ་དམ་བཏགས་སྟེ་རང་འབག་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་འདི་ལས་ཡར་ ནཱ་ལུ་ཏེ་ མེ་རག་ཟེར་ས་ལྷོད་པའི་སྐབས་སུ་ལུ་འདི་ མེ་རག་ཟེར་ལྷོད་པའི་སྐབས་སུ་ལུ་འདི་ དེ་བསྒང་ལུ་ཏེ་ ག་ར་སྤང་མེ་འགྱོ་སྟེ་ཡོདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་རི་ག་ར་སྤང་མེ་འགྱོ་སྟེ་ སྤང་ཐང་ཚུ་ཡང་ སྤང་མེ་འགྱོ་སྟེ་ ཚལ་མ་ག་ར་སྤང་མེ་འགྱོ་སྟེ་ཡོདཔ་ཨིན་མས་ དེ་འབདཝ་ལས་ མེ་རག་ཟེར་ གཡུས་དེ་གི་མིང་ཡང་ ཨམ་ཇོ་མོ་གིས་ གསུངས་ནུག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཨ་ནཱི་ར་སྡི་ཟེར་མི་དེ་ཡང་ ཨམ་ཇོ་མོ་གིས་ གསུངས་གསུངསམ་ཨིན་མས་ལགས་ མོ་བོད་ར་ལུང་ལས་མར་བྱོན་བྱོནམ་འབད་ནི་དེ་གིས་ཏེ་ ནཱ་ལུ་ཡང་ར་དི་ཟེར་བཞག་གེ་ཟེར་ བོད་ཀྱི་མིང་ཆུང་ཀུ་ཅིག་ ར་དི་ཟེར་བཞག་གེ་ཟེར་ དེ་སྦེ་བཞག་བཞགཔ་ཨིན་མས་ ནཱ་ལུ་ཡང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ཅི་སྨོ་ཟེར་བ་ཅིན་ མོ་གི་ལྡུམ་ར་ཟེར་ སླབ་དོ་བཟུམ་ཅིག་ཨིན་མས་ ནཱ་ལུ་འབད་བ་ཅིན་ ང་བཅས་ཀྱི་ར་དི་འདི་ལྡུམ་ར་ ཨམ་ཇོ་མོ་གི་ལྡུམ་ར་ ར་དི་དང་ ཕོངས་མེད་འདི་ལུ་འབད་བ་ཅིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལས་ཡར་ཡར་བྱོན་ཏེ་ དེ་ལས་ ཡར་ཇོ་མོ་ ག་ཅི་སླབ་ན་ ཨ་་་ ད་ལྟོ་གསེར་སྐྱེམས་ལ་ཟེར་ས་ ཨ་ཙི་ཅིག་མ་ལྷོདཔ་ཅིག་ཁར་ ཏེ་ འ་ནཱ་ལྷོདཔ་ད་ལུ་འབད་བ་ཅིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ དེ་བསྒང་ དེ་ཁར་ལྷོད་ནུག་ཏེ་ ད་ག་ཅི་སྨོ་ཟེར་བ་ཅིན་ འཁྱམས་མ་ཁྱོས་མ་འཁྱམས་མ་འཁྱོས་མ་རང་འབད་དོ་མས་ཏེ་ད་ ཨ་ཙི་ཅིག་ག་ཅི་སྨོ་ཟེར་བ་ཅིན་ མོ་གི་ཐུགས་འདི་ ཨ་ཙི་ཅིག་ག་ཅི་སྨོ་ དྲན་པ་ཡོདཔ་མེདཔ་བཟུམ་སྦེ་ཡར་སོང་ནུག་ དེ་བསྒང་ལུ་ ཨམ་ཇོ་མོ་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལུ་ ཡོག་པའི་སྒྱིར་ལྕགས་ཀྱི་རྩེ་དེ་གིས་སྦེ་ འ་ནཱི་ཁར་ལྷོདཔ་ད་དེ་ཁར་ཆུ་མིན་འདུག་ ཆུ་ཅིག་འཐུང་དགོ་པས་ཟེར་ དེ་ལས་ མོ་རའི་ཡོག་པའི་ལྕགས་ཀྱི་ ཡོག་པ་འབག་སྟེ་ཡོདཔ་འདྲས་མེན་ན་ ཡོག་པའི་ སྒྱིར་ལྕགས་ཀྱིས་ འཐེན་བཏང་ད་ནུག་ འཐེནམ་ད་འ་ནཱ་ཆུ་ཐོན་ཏེ་ཡོད་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ཡང་ དབའི་ཁྱོད་ཀྱི་རྐྱངམ་གཅིག་སྨོ་ཟེར་ ག་ཅི་ལོ་ཕྱག་འཁར་གྱིས་ ཕྱག་འཁར་ཕར་བརྡབས་ཏེ་ ཚུར་བཏོནམ་ད་ལུ་ ཏེ་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ཡང་ ཆུ་བཏོན་ནུག་ ཁོང་གཉིས་ཀྱི་ཆུ་ཕོ་མོ་སྦེ་ ཐོན་ཏེ་ཡོད་དེ་ཁར་ལུ་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ད་ལྟོ་ག་ཅི་སྨོ་ཟེར་བ་ཅིན་ ཇོ་མོའི་གཙང་ཆུ་ཟེར་ ཚངས་ཆུ་ཟེར་ཡང་འབོཝ་ཨིན་ལགས་ ཚངས་ ཚངས་ཆུ་ཟེར་ ད་ལྟོ་ཚངས་ཆུ་ཟེར་ ཨ་ནཱི་ཆུ་འདི་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ད་ལྟོ་ ད་རེས་ནངས་པ་གནས་སྐོར་འགྱོ་བའི་སྐབས་ འགྱོཝ་ད་ལུ་ འ་ནཱི་ལུ་ཚངས་ཆུ་ཟེར་ མགུ་ཏོ་འཁྱུ་སྟེ་ དེ་སྦེ་འགྱོ་དགོ་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱ་ཚངས་ཆུ་ཟེར་ས་ལུ་ ད་རེས་ནངས་པ་ ཧེ་མ་ཨམ་ཇོ་མོ་གི་ དཔེ་བཟུམ་ཅིག་སྦེ་ ད་རེས་ནངས་པ་འགྱོ་རུང་ དེ་ནང་ལུ་ལྷོདཔ་ད་ ཚངས་ཆུ་ཟེར་ མགུ་ཏོག་འཁྱུ་སྟེ་ དེ་ལས་ འགྱོ་ཞིནམ་ལས་ དེ་ལས་ཡར་ཨམ་ཇོ་མོ་དེ་ དྲན་པ་ཡོད་དོ་བཟུམ་མེདཔ་བཟུམ་སྦེ་ དེ་ལས་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ངོ་ཚ་ནི་མེདཔ་སྦེ་ ཡར་སོང་ནུག་ལགས་ ཨ་ཙི་ཅིག་ངོ་ཚ་ནི་དང་ ག་ཅི་འ་ནཱི་ལུ་ངོ་ཚ་ནི་ མི་ཚ་ནི་ཟེར་མི་ཚུ་ཡོད་རང་མེདཔ་སྦེ་ཡར་སོང་ནུག
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་ ད་རེས་ནངས་པ་འབད་རུང་ ཨམ་ཇོ་མོའི་ཚིག་བཟུམ་ཅིག་སྦེ་ ང་བཅས་འགྱོ་བའི་སྐབས་ལུ་ འ་ནཱི་བརྒལ་ཞིནམ་ལས་ ད་ བུམོ་ཡོད་རུང་ཡོད་ ག་ཡོད་རུང་ཡོད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཁ་ཡང་བཙོག་པ་སླབ་སྟེ་ དེ་ལས་ དགོད་བྲ་སྒྱུར་ཏེ་ རྩེདམོ་རྩེ་སྟེ་རང་འགྱོ་འོང་ལགས་ དེ་ལས་ ལོག་སྟེ་འ་ནཱ་ལྷོད་ཞིནམ་ལས་ སྐད་རྐྱབ་ནི་མེད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ཨ་ནཱི་ དེ་བཟུམ་ཅིག་ འདི་ལས་ཡར་བལྟ་ འདི་ལས་ཡར་བལྟ་འབྱོན་ནུག་ལགས་ བྱོན་ཏེ་ དེ་ལས་ཏེ་ ད་ལྟོ་གསེར་སྐྱེམས་ལ་ཟེར་ འ་ནཱི་ཁར་ལྷོདཔ་ད་ལུ་ ད་གསེར་སྐྱེམས་ཅིག་བཏང་དགོ་པས་ཟེར་ དེ་ལས་ཁོང་གཉིས་དེ་ཁར་ གསེར་སྐྱེམས་ཅིག་གནང་ནུག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གསེར་སྐྱེམས་ གསེར་སྐྱེམས་ཅིག་གནང་སྟེ་ ད་འ་ནཱི་གདན་ས་དེ་ཡང་ ག་ཏེ་ཡོདཔ་སྨོ་ མོ་གི་གདན་ས་དེ་ ག་ཏེ་ཡོད་ག་ཟེར་ གསེར་སྐྱེམས་ཅིག་གནང་སྟེ་ དེ་ལས་ འདི་ལས་ཡར་འབྱོན་ནུག་ལམ་དེ་ཡང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ལམ་རྒྱ་གྲམ་དེ་ཁར་ཡོད་ལགས་ འ་ནཱི་ཕར་ ཤིང་མཁར་ལའུ་རི་འགྱོ་ནིའི་ལམ་དང་ དེ་ལས་ ཡར་ཇོ་མོའི་སྐུ་ཁར་འགྱོ་བའི་ལམ་རྒྱ་གྲམ་དེ་ཁར་ཡོད་ དེ་ལས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འདི་ལས་ཡར་བལྟ་འགྱོ་དགོ་པས་ཟེར་ དེ་ལས་ ཡར་བལྟ་བྱོན་ཏེ་ དེ་ལས་ཡར་ སྤང་ཐང་སྦོམ་རིངམོ་སྦེ་ ག་ཅི་ལོ་སྤང་ཐང་སྦོམ་ཅིག་ཡོད་ལགས་ སྤང་ཐང་དེ་ཡང་ རྟ་སྦྱིས་ཐང་ཟེར་སླབ་ཨིན་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ད་རེས་ནངས་པ་ འ་ནཱ་ལུ་ ཏེ་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ ག་ཅི་ལོ་ ཆིབས་པ་བཞེས་ཏེ་ཡོདཔ་ཨིན་མས་ ཨམ་ཇོ་མོ་དེ་ འ་ནཱི་ ཆིབས་པ་དེ་ འཐེན་ཏེ་རང་བྱོན་དོ་ཡོདཔ་ཨིན་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ཅི་སྨོ་ཟེར་བ་ཅིན་ གྲུབ་དབང་གྲགས་པ་རྒྱལ་མཚན་དེ་ ཆིབས་པ་བཞེས་ཏེ་ དེ་ལས་ འ་ནཱ་ལྷོདཔ་ད་ལུ་ རྟ་རྒྱུག་ རྟ་རྒྱུག་གནང་གནངམ་ཨིན་མས་ རྟ་རྒྱུག་ཕར་དང་ཚུར་རྟ་རྒྱུག་གནང་བའི་སྐབས་ལུ་ ཨམ་ཇོ་མོ་གིས་སྦེ་ བཟུང་ཤིག་སྨ་རེད་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བཟུང་སྨ་རེད་ རྟ་དེ་བཟུང་ཚུགས་པ་ཅིན་ ཁྱོད་གནམ་མེད་ས་མེད་མོ་དྲག་ཤོས་ཅིག་ཨིན་ཟེར་གསུངས་ནུག་ དེ་ལས་ རྟ་དེ་འ་ནཱ་རྟ་རྒྱུག་རྐྱབ་སྟེ་ ལོག་འོང་སྟེ་ རྟ་རྒྱུག་རྐྱབ་ཅི་རྐྱབ་ཅི་ དེ་ལས་ ཨམ་ཇོ་མོ་གིས་ དེ་སྦེ་བཟུང་སྟེ་ དེ་ལས་ རྟ་དེ་ཡང་བསྡམས་ཏེ་བཞག་ཡོད་མི་དེ་ ད་རེས་ནངས་པ་རྡོ་ཡང་ཡོད་དེ་ནང་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་སྦེ་རྟ་རྒྱུག་རྐྱབ་ཡོད་པའི་ དེ་ལས་ འ་ནཱི་ ཧེ་མ་ཁོང་གཉིས་འ་ནཱི་སྦེ་ འབད་ཡོད་པའི་དཔེ་སྦེ་ ད་ད་རེས་ནངས་པ་ཡང་ ཏེ་འ་ནཱ་ ང་བཅས་འགྱོ་བའི་སྐབས་ལུ་ ཡར་དེ་སྦེ་འབད་དོ་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་སྦེ་ རྟ་དེ་ ཕོ་སྐྱེས་ཚུ་གིས་ རྟ་གུ་བཞོན་ཏེ་ རྟ་རྒྱུག་རྐྱབ་སྟེ་ དེ་ལས་ ཨམ་སྲུ་ཚུ་གིས་ བཟུང་སྟེ་ དེ་ལས་ དེ་སྦེ་འབད་ནིའི་སྲོལ་འདི་ ད་རེས་ནངས་པ་ཡང་ ལམ་ལུགས་སྲོལ་འདི་ མ་ཉམས་པར་ དེ་སྦེ་རང་ཡོད་ ད་རེས་ནངས་པ་ཡང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལྷོདཔ་ད་ལུ་ ཨམ་སྲུ་ཚུ་གིས་ གདོང་ཁར་གདོང་ཁར་སོང་སྟེ་ དེ་ལས་ འ་ནཱ་ལུ་ གདན་རེ་ཐིང་སྟེ་ ཚོགས་ཆང་རེ་སྒྲིག་སྟེ་ འབད་བའི་ལུགས་སྲོལ་ ཏེ་ ད་རེས་ནངས་པ་ཡང་ཡོད་ ཧེ་མ་ཡང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ཅི་སྨོ་ཟེར་བ་ཅིན་ ཨམ་ཇོ་མོ་གིས་ ཨ་ཙི་ཅིག་ གདོང་ཁར་གདོང་ཁར་བྱོན་ཏེ་ དེ་ལས་ འ་ནཱ་ལུ་བཞུགས་གདན་ཐིང་སྟེ་ དེ་ལས་ གྲུབ་དབང་གྲགས་པ་རྒྱལ་མཚན་དེ་ དེ་གུ་བཞུགས་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ དེ་སྦེ་འབད་བའི་དཔེ་ཚུལ་ཨིན་མས་ ཏེ་ ད་རེས་ནངས་པ་ཡང་ ད་ལྟོ་ཡང་ འ་ནཱ་ ཏེ་ དེ་སྦེ་རང་འབདཝ་ཨིན་ ཨམ་སྲུ་ཚུ་གིས་ གདོང་ཁར་གདོང་ཁར་སོང་སྟེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ དེ་བཟུམ་སྦེ་ ཕོ་སྐྱེས་ཚུ་རྟ་གུ་བཞོན་ཏེ་འགྱོ་ནི་ ཨམ་སྲུ་ཚུ་རྐང་ཐང་སྦེ་རང་འགྱོཝ་ཨིན་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཕོ་སྐྱེས་དེ་ཚུ་འདི་རྟ་གུ་བཞོན་ཏེ་ དེ་ལས་ དེ་སྦེ་འབད་དེ་རང་ དེ་ལས་ ཨམ་ཇོ་མོ་དང་ གྲུབ་པ་གྲགས་པ་རྒྱལ་མཚན་དེ་ དེ་སྦེ་རང་བྱོན་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འདི་ལས་ཡར་བལྟ་ དེ་སྦེ་བྱོན་ཏེ་ ཡར་ཇོ་མོ་སྐུ་མཁར་ཟེར་ས་ ད་རེས་ནངས་པ་ ད་ལྟོ་ཇོ་མོ་སྐུ་མཁར་ཟེར་ས་ལུ་ཕེབས་ནུག་ཁོང་གཉིས་ ཁོང་གཉིས་དེ་ཁར་ཕེབས་ཏེ་ དེ་ལས་རང་རང་སོའི་ ཁོང་ར་གཉིས་ཀྱི་ སྒྲུབ་ཁང་ཅིག་བཟོ་དགོ་པས་ཟེར་ དེ་ལས་ སྒྲུབ་ཁང་བཟོ་ད་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ད་སྒྲུབ་ཁང་བཟོ་བའི་སྐབས་ལུ་ཡང་ ཁོང་ར་གཉིས་རྐྱངམ་གཅིག་ར་ཨིན་མས་ དེ་ལས་ རྡོ་དེ་འབད་བ་ཅིན་ གནམ་མེད་ས་མེད་ཀྱི་རྡོ་ཅིག་ སྤུངས་ཏེ་ཡོད་ ད་རེས་ནངས་པ་རང་འབད་རུང་ རྡོ་སྤོག་བཞག་སྟེ་ཡོད་ རྡོ་འདི་ཚུ་ཡང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ར་རོགས་ སྐྱེས་བཙན་ཚུ་གིས་ མི་མ་ཡིན་པ་ཚུ་གིས་འབག་སྟེ་ ཁོང་ལུ་དེ་སྦེ་རུབ་ནུག་ཕྱག་ལཱ་དེ་ ག་དེ་སྦེ་སྨོ་ཟེར་བ་ཅིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    རྡོ་དེ་ཚུ་ཡང་ གནམ་མེད་ས་མེད་འདྲ་མེད་སྒྲིག་མེད་ ཁོང་གཉིས་འ་ནཱ་ སྒྲུབ་ཁང་བཟོ་ནི་ཟེར་བའི་སྐབས་ལུ་རང་ ཏེ་འ་ནཱ་རྡོ་དེ་ཚུ་ལེ་ཤཱ་ ད་ འ་ནཱ་སྤུངས་ཏེ་ འབག་བཞག་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལམ་ཁར་བྱོན་ནུག་ བྱོན་ཏེ་འབད་རུང་ རྡོ་དེ་ཚུ་ཕུ་དང་རི་བཟུམ་ཅིག་སྤུངས་ཏེ་ཡོད་ ཁོང་གཉིས་བྱོནམ་ད་ལུ་ འ་ནཱ་ལམ་སེལ་བའི་ཟེར་ ཕྱགསམ་འཕྱག་དོ་ཟེར་ ཁོང་སྐྱེས་བཙན་ཚུ་གིས་ ཕྱགསམ་འཕྱག་སྟེ་ སྤུངས་བཞག་བཞག་པའི་རྡོ་ལེ་ཤ་ར་ཡོད་ འ་ནཱ་ལས་ཡར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    བྱོན་ནིའི་ལམ་དེ་ལེགས་ཤོམ་སྦེ་ དེ་ལས་ རྡོ་དེ་ཚུ་འདི་ ཕུ་བྱུར་བྱུར་བཞག་བཞགཔ་ དེ་ལས་ ཕྱགསམ་འཕྱག་མི་གིས་ ཕྱགསམ་འཕྱག་བཞག་བཞགཔ་ཨིན་ཟེར་ ཏེ་ ད་རེས་ནངས་པ་ཡང་ དེ་བཟུམ་སྦེ་ཡོད་ཡར་ལུ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ཡར་ ཁོང་གཉིས་སྒྲུབ་ཁང་བཟོ་སྟེ་ དེ་ལས་འ་ནཱ་ལས་ རོགས་ཨམ་ཇོ་མོ་གིས་ ངེའི་བླ་མཚོ་གཅིག་བཟོ་དགོ་པས་ཟེར་ མོ་གིས་བླ་མཚོ་གཅིག་བཟོ་ནུག་ལགས་ འ་ནཱི་ཡོག་པ་གི་རྩེ་གིས་འཐེན་ཏེ་ དེ་ལས་ ཆུ་ཐོན་ཏེ་ཡོད་ལགས་ ཆུ་འཐོན་ཏེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱ་ལས་ མོ་གི་ཕོ་བྲང་གི་གདོང་ཁར་སྦེ་ མཚོ་གཅིག་བཟོ་སྟེ་ མཚོ་དེ་ཡང་ བླ་མཚོ་ཨིན་ཟེར་ ཏེ་ཡར་ལུ་སྦེ་ ད་རེས་ནངས་པ་ཡང་མཚོ་དེ་ མཇལ་ནི་ཡོད།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཁོང་གཉིས་སྒྲུབ་ཁང་རྐྱབ་སྟེ་ ཏེ་འ་ནཱ་ལུ་ ག་ཅི་བཟུམ་ཅིག་སྒྲུབ་ཁང་ ད་ ཁོང་ར་གཉིས་རང་རང་ས་ ད་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ སྒྲུབ་ཁང་རྐྱབ་པ་ཅིན་ ཨམ་ཇོ་མོ་གིས་ཡང་ སྒྲུབ་ཁང་རང་རྐྱབ་དོ་མས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ ཨ་ཙི་ཅིག་རང་ ཏེ་ འོག་ལས་སྦེ་ བཞུགས་ནི་མེདཔ་ཨིན་མས་ལགས་ད་རུང་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ཙི་ཅིག་རང་ གཅིག་ཕོ་ཨིན་མས་ གཅིག་མོ་ཨིན་མས་ དེ་འབད་རུང་ ཕོ་དང་མོ་དེ་ འདྲན་འདྲ་འབད་དོ་ཡོདཔ་ཨིན་པས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཕྱག་ལཱ་དེ་ཚུ་འདི་ རྡོ་སྦོམ་ག་དེམ་ཅིག་འཐུ་རུང་ འདྲན་འདྲ་རང་འཐུ་དོ་ཡོདཔ་ཨིན་མས་ རྡོ་སྦོམ་ག་ཅི་བཟུམ་ཡོད་རུང་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ སྤྲུལ་པའི་ཐོག་ལས་ རྡོ་སྦོམ་ག་ཅི་བཟུམ་ཅིག་འཐུ་འབག་སོང་རུང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ཨམ་ཇོ་མོ་གིས་ཡང་ རྡོ་སྦོམ་འཐུ་འབག་སོང་སྟེ་ སྤྲུལ་པ་གི་ཐོག་ལས་རང་ ཏེ་ཁོང་གཉིས་འདྲན་འདྲ་ག་ཅི་འབད་རུང་འདྲན་འདྲ་ དེ་ལས་ ག་ཅི་འབད་རུང་ ཨ་ནཱི་ཨམ་སྲུ་དེ་ ག་ཅི་འབད་རུང་ང་དང་གཅིག་ཁར་འདྲན་འདྲ་རང་འབདཝ་མས་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ གསུངས་ནུག་ རོགས་གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ ད་འ་ནཱ་བླ་མཚོ་ བླ་མཚོ་དེ་ཡང་ ཨམ་ཇོ་མོ་གིས་བཟོ་ནུག་ དེ་ལས་ བླ་མཚོ་དེ་ཡང་ འ་ནཱ་ལུ་འདི་ ཆབ་གསང་གི་ མཇུག་དེ་ཡང་ རོགས་གྲུབ་དབང་གྲགས་པ་རྒྱལ་མཚན་གྱི་ ཆབ་གསང་མཇུག་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱི་ཆུ་ནང་ན་ མཚོ་ནང་ན་བླུག་ནི་ཟེར་ དེ་སྦེ་འབད་ནུག་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ ཨ་ནཱི་མཚོ་ནང་ན་བཏང་དགོ་པས་ཟེར་ མར་བཏང་དགོ་པས་ཟེར་འབདཝ་ད་ལུ་ དེ་ལས་ ཨམ་ཇོ་མོ་གིས་ འ་ནཱི་འདི་འབདན་མ་འབད་ཟེར་ དེ་ལས་འབདན་ སྐུ་ཆེ་ར་ཤོར་སོང་ནུག་མོ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ མཚོ་ ཡ་ཡ་བཏུབ་ཟེར་ གསུངས་ནུག་ མཚོ་གུ་ལས་ ཟམ་པ་བཏགས་ནི་འབད་ནུག་ མཚོ་གུ་ལས་ཟམ་པ་བཏགས་ནི་ཟེརཝ་ད་ འ་ནཱི་ཡང་ ཟམ་པ་བཏགས་མ་གནང་ཟེར་ འ་ནཱི་ཡང་ཁྱོད་ཀྱིས་ག་ཅི་གསུངསམ་ཅིག་ང་གིས་ཕྱག་ཞུ་གེ་ཟེར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    མོ་གིས་ དེ་སྦེ་ དེ་ལས་ དེ་འབད་བ་ཅིན་ ང་གིས་ག་ཅི་སླབ་ཅིག་ཉན་བཏུབ་ག་ཟེར་ དེ་མེན་པ་ང་གིས་ག་ཅི་སླབ་ཅིག་མ་ཉན་པ་ཅིན་ ད་ ང་གིས་ ཆབ་གསང་ཡང་འ་ནཱ་རང་བཏང་ནི་ དེ་ལས་ ཟམ་པ་ཡང་བཏགས་ནི་ཟེར་གསུངས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ འ་ནཱི་མ་བཏགས་མ་གནང་ ཟམ་པ་ཡང་བཏགས་མ་གནང་ ཆབ་གསང་ཡང་འ་ནཱ་ལུ་མ་གནང་ཟེར་ ཏེ་ད་ཁྱོད་ཀྱིས་ག་ཅི་གསུངསམ་ཅིག་ ང་གིས་ ཕྱག་ཞུ་གེ་ཟེར་ ཏེ་ ཨམ་ཇོ་མོ་གིས་ དེ་ལས་རྐྱངམ་གཅིག་ དགོངསམ་ཞུ་ནུག་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱ་བར་ན་ཚུན་ཚོད་དེ་ མོ་གིས་འདྲན་འདྲ་འབད་དེ་རང་བཞུགས་ནུག་ ཕྱག་ལཱ་ག་ཅི་འབད་རུང་ དེ་འབདཝ་ལས་ གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་ ག་དེ་སྦེ་གསུངས་ཡི་གོ་ཟེར་བ་ཅིན་ ད་ཁྱོད་ཀྱིས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ལུང་པ་ལུ་གནོད་པ་མི་བཀལ་ནི་དང་ གནོད་སྦྱིན་ལུ་ཁྱོད་མི་སྐྱེས་ནི་ ཏེ་ ཁྱོད་སྐྱེས་མི་ཆོག་ཟེར་གསུངས་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ཏེ་ ཁྱོད་གནོད་སྦྱིན་གྱི་ཐོག་ལས་ དེ་སྦེ་མ་འབད་སྨ་རེད་ཟེར་གསུངས་ནུག་ དེ་ལས་ཁྱོད་ང་བཅས་རའི་ནང་པའི་ཆོས་ རྙིང་མའི་ཆོས་དེ་ཡང་ བདག་འཛིན་འབད་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཏེ་ ང་བཅས་རའི་གཡུས་ཁའི་མི་སེར་ཚུ་ག་ར་ལུ་ དངོས་གྲུབ་གནང་མི་སྦེ་ ཁྱོད་ཀྱིས་འབད་དགོ་ཟེར་ ཁྱོད་སྐྱེས་བཙན་ ཆོས་སྐྱོང་གི་གྲས་ཁར་འཛུལ་དགོ་ཟེར་ དེ་སྦེ་བཀའ་གནང་ནུག།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་བཏུབ་པས་ཟེར་ ཁྱོད་ཀྱི་བཀའ་གནང་མི་འདི་བཏུབ་ཟེར་ དེ་ལས་ཚུར་ ཕྱག་ཞུ་གེ་ཟེར་ དེ་ལས་ཏེ་ ད་རེས་ནངས་པའི་ སྐྱེས་བཙན་སྦེ་ སྐྱེས་བཙན་གྱི་རྒྱལ་པོ་ཨིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    སྐྱེས་བཙན་གྱི་རྒྱལ་པོ་ཡང་ཨིན་ དེ་འབདཝ་ད་ ང་བཅས་རའི་ཆོས་སྐྱོང་གི་གྲས་ཁར་ཡང་ཚུད་དེ་ཡོད་ ཨམ་ཇོ་མོ་དེ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ག་ཅི་སྨོ་ཟེར་བ་ཅིན་ ད་ གཞུང་རྩ་བ་ངོ་མ་གྲུབ་དབང་གྲགས་པ་རྒྱལ་མཚན་གྱིས་སྦེ་ བཀའ་གནང་སྟེ་ ཏེ་ འ་ནཱ་ཆོས་སྐྱོང་གི་གྲས་ཁར་དེ་སྦེ་བཙུགས་ཏེ་ ད་རེས་ནངས་ང་བཅས་ར་ནཱ་ག་ར་ ང་བཅས་གཅིག་རྐྱངམ་གཅིག་ ང་བཅས་ནཱ་ར་དི་རྐྱངམ་གཅིག་མེན་པར།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    སྐྱེས་བཙན་གྱི་རྒྱལ་པོ་འབདཝ་ལས་ ང་བཅས་རའི་ འབྲུག་རྒྱལ་ཁབ་གཅིག་གི་ སྐྱེས་བཙན་གྱི་རྒྱལ་པོའི་གྲངས་སུ་རང་ཨིན་ལགས་ ཇོ་མོ་ དྭངས་ལིང་ ཚོང་ཚོང་མ་ཟེར་མི་ཚུ་ཡང་།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེ་ལས་ འ་ནཱི་གི་འོག་ལས་དེ་ ཏེ་རང་རང་ས་སྐྱེས་བཙན་སྐྱེས་བཙན་ཟེར་ ལེ་ཤཱ་རང་འདུག་མེན་ན་ད་རེས་ནངས་པ་ གཞུང་རྩ་བ་ངོ་མ་གཅིག་ཨམ་ཇོ་མོ་གི་སྐོར་ལས་འབད་བ་ཅིན།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    དེམ་ཅིག་ཨིན་ ད་ནཱ་ཨམ་ཇོ་མོ་དེ་ཡང་ མོ་གཤགས་བཤགསཔ་ཡང་མེད་ དེ་ལས་ མོ་གི་རྒྱུད་ལུས་ཕུང་པོ་དེ་ཡང་ འ་ནཱི་བྲག་ནང་ལུ་ ཐིམ་སོང་ཡོདཔ་ཨིན་པས་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    འ་ནཱ་ འ་ནཱི་ཟེར་མི་དེ་ཁར་ བྱག་ནང་ན་ ད་ལྟོ་ནཱ་ཨམ་ཇོ་མོའི་ཕུག་སྦོམ་གཅིག་ཡོད་ལགས་ འ་ནཱི་གུ་ལས་ལྟཝ་ད་ ས་ག་ཏེ་ཡང་མཐོང་ལགས།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    ཕུག་སྦོམ་དེ་ཁར་ལས་མར་ལྟཝ་ད་ ས་གོ་རྒྱ་གར་ཐམས་ཅད་རང་མཐོང་ནི་ཡོད་ལགས་ དེ་ལས་ འ་ནཱ་ལས་ འ་ནཱི་བྱག་ཕུག་ལས་སྦེ་ མོ་ར་དེ་ཁར་ཐིམ་ཏེ་ ཡལ་སོང་སོངམ་ཨིན་ལགས་ ཏེ་ད་ལྟོ།
  • རྡོ་རྗེ་ཕུན་ཚོགས་ Dorji Phuntsho
    གཞུང་རྩ་བ་ངོ་མ་ སྐྱེས་བཙན་འདི་ ང་བཅས་རའི་ནཱ་ ཏེ་ སྐྱེས་བཙན་གྱི་རྒྱལ་པོ་བཟུམ་ཅིག་ཨིན་ཟེར་ཞུ་ནི་ལགས་ ཨམ་ཇོ་མོའི་སྐོར་ལས་ ད་ལྟོ་དེམ་ཅིག་ཨིན་ལགས།