Skip to main content Skip to search
21 Jun 2018
21 min 43 sec
Video Overview
Creators: 
Duptho, Sonam Chophel

Lobzang Dorji, from Radhi Gewog, Trashigang, shares an account of Aum Jomo. Aum Jomo, the local deity of Radhi Gewog, is said to be originally from Boe Ralung of Tibet. Though the timing of this is unknown, it is said that she came to Bhutan from Sekteng and blessed the area. The name of the Radhi was also said to be named by her, as she saw a group of goats when she arrived in Radhi (which translates as “Land of Goats”). People of Radhi supplicate to her, and make various offerings to her; they believe that she always blesses them.

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ གནས་བདག་ཨམ་ཇོ་མོ་གི་ལོ་རྒྱུས་ཚུ་བཤདཔ་ཨིན། ཨམ་ཇོ་མོ་འདི་ བོད་ར་ལུང་ལས་ཨིན་རུང་ མོ་ ར་དྷི་རྒེད་འོག་གི་ གནས་བདག་གཙོ་བོ་ཅན་ཅིག་ཨིན། མོ་བོད་ལས་མར་གནམ་འབྱོན་ཡི་ག་ ཁ་གསལ་ཅིག་མེད་རུང་ མོ་འབྲུག་ལུ་འགོ་དང་པ་ སག་སྟེང་ལས་མར་རྒྱུད་དེ་ ར་དྷི་རྒེད་འོག་ལུ་འཕེབ་ད་ ར་དྷི་རྒེད་འོག་འདི་ བྱིན་གྱིས་བརླབས་གནང་ནུག ས་གནས་འདི་གི་མིང་ ར་དྷི་ཟེར་དར་དགོ་པའི་རྒྱུ་མཚན་འདི་ཡང་ ཨམ་ཇོ་མོ་ ས་གནས་འདི་ཁར་ལྷོདཔ་ད་ མོ་གིས་སེམས་ཅན་ར་ ལེས་ཤ་གཟིགསཔ་ལས་ ས་གནས་འདི་གི་མིང་ཡང་ ར་དྷི་ཟེར་བརྟགས་གནང་ནུག ར་དྷི་རྒེད་འོག་གི་མི་སེར་ཚུ་གིས་ ཨམ་ཇོ་མོ་ལུ་མུས་གུས་བསྐྱེདཔ་ལས་ ཕྱག་དང་མཆོད་པ་ཚུ་ཕུལཝ་ཨིན། དེ་འབདཝ་ལས་ མི་སེར་ཚོ་གིས་མོ་ལས་ སྐྱབས་འཚོལ་བའི་སྐབས་ དུས་གནམ་རང་འབད་རུང་ སྐྱབས་མཛེད་དོ་ཨིན་མས། 

 

Transcript search
No results found for this search
0 of 0
  • བློ་བཟང་རྡོ་རྗེ་ Lobzang Dorji
    ལགས་སོ། ཨ་ནཱི་ང་བཅས་ར་ཧེ་མ་ ར་སྡི་ལུ་ ཏེ་ལྷ་ཁང་ རྣམ་གྲོལ་ཆོས་གླིང་ལྷ་ཁང་གིས་དབང་བའི་ དང་ཕུ་བོད་ལས་མར་བྱོན་བྱོནམ་ཨིན་ཟེར་སླབ་མས་ ཨམ་ཇོ་མོ་གཅིག་ལགས། ཏེ་ཨམ་ཇོ་མོ་བོད་ལས་མར་འབྱོནམ་ད་ལུ་འདི་ ཏེ་ཨམ་ཇོ་མོ་འདི་ བོད་ལས་སྦེ་ བསགས་སྟེང་ལུ་ལྟ་སྟེ་ ད་ལྟོ་མེ་རག་བསགས་སྟེང་ ཟེར་སླབ་དགོ་པའི་བསགས་སྟེང་ལུ་ལྟ་སྟེ་བྱོན་སྦེ་ཏེ་ ཧེ་མ་ཧེ་མ་རང་ ང་གིས་འགོམ་འགྱོཝ་མས། ཧེ་མ་རང་ ཇོ་མོ་ཟེར་མི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    བོད་ལུ་ཁོང་གི་ འབྲུག་ར་ལུང་ཟེར་ས་ལུ་ བོད་ར་ལུང་ཟེར་ས་ལུ་ ཏེ་དཔོན་གཅིག་ཡོདཔ་ཨིན་མས། ཏེ་འ་ནཱི་དཔོན་ལུ་འདི་ ཏེ་རྫོང་གི་དཔོན་གྱི་གཟིམ་ཅུང་ལུ་ ལ་སྦོམ་གཅིག་གིས་སུབ་སྟེ་ཡོད་ཟེར་ཨིན་མས་ ཧེ་མ་ང་བཅས་ལུ་སླབ་ཐངས་འབད་བ་ཅིན། ལ་སྦོམ་གཅིགཔ་འདི་ ཉིནམ་བཀགཔ་མས་ཟེར་ མི་སེར་ཚུ་ག་ར་འུར་ལཱ་འཐོན་ཏེ་ འ་ནཱི་ལ་འདི་བརྡལ་བཅུག་བཅུགཔ་ཨིན་མས། མི་སེར་ཚུ་འུར་ལཱ་བཀོལ་སྦེ་ ཏེ་ལ་ཚུ་བརྡལ་བཅུགཔ་ད་ལུ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ལ་འདིནི་ ནམ་རང་ བརྡལ་མི་ཚར་ནིའི་རྒྱུ་ཨིན་མས་ཟེར་ ཏེ་ཨམ་ཇོ་མོ་ཟེར་མི་གིས་ མོ་གིས་ཏེ་ མི་སེར་འུར་ལཱཔ་ཚུ་ག་ར་ མོའི་ཆ་རོགས་ འུར་ལཱཔ་ཨིན་མས་ ཏེ་འ་ནཱི་ཚུ་ལས་ མོ་ཨ་ཙི་ཅིག་སེམས་རིག་མཁས་དྲག་ཅིག་ཨིན་མས། ཏེ་འ་ནཱི་འུར་ལཱཔ་ཚུ་ལུ་ མོ་གིས་ དྲོ་པ་དྲོ་པ་ ག་ཅི་སྨོ་ཟེར་བ་ཅིན་ ལྟོ་རྒྱགས་སྐལ་མེད་པར་ བོད་ཀྱི་ལུགས་སྲོལ་ ན་རྔོ་སྟེ་ འ་ནཱི་ན་འདི་ མཛརཝ་སྦེ་བརྔོ་སྟེ་ ན་འདི་ཁ་ནང་བཙུགས་ཏེ་ འ་ནཱི་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཟ་སྦེ་ ང་བཅས་རའི་ཕོཝ་ནང་ན་ལྷོདཔ་ད་སྦོམ་སྟེ་ ཆུ་རེ་འཐུངས་ ཏེ་དེ་སྦེ་འབད་དེ་ ལཱ་བཀོལ་སྦེ་ ལ་ཚུ་བརྡལ་བཅུག་ནི་ཨིན་མས། ཏེ་ལ་བརྡལཝ་ད་ལུ་འདི་ ད་ལ་འདིན་ ནམ་རང་བརྡལ་མི་ཚར་ནི་ཨིན་མས། དེ་བ་འདི་ ང་བཅས་ཆ་ཁྱབ་འ་ནཱིམ་ཅིག་ དཀའཝ་སྤྱད་སྡོདཔ་ལས་འདི་ ཧེ་མ་དང་ཕུའི་ལུགས་སྲོལ་ ཨ་ལོ་འབག་སྦེ་ ཏེ་ཨ་ལོའི་མིང་འདི་ ཨོ་ལོ་ཟེར་སླབ་ཨིན་མས་ཧེ་མ་བོད་ཀྱི་ལུགས་སྲོལ་གྱི་ཁ་གིས་ ད་ཨོ་ལོ་ཨོ་ལོ་ཟེར་སླབ་ནི་ཨིན་ཟེར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཨོ་ལོ་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ལོ་རྒྱབ་ཁར་འབག་སྦེ་ མོ་གིས་ཨ་ལོ་ལུ་སླབ་རྫུ་བཏབ་སྟེ་ ཨ་ལོ་མ་སྔུ་ཟེར་ ཨོ་ལོ་ཨོ་ལོ་ཟེར་ ཨ་ལོ་ལུ་ཨོ་ལོ་ཨོ་ལོ་ཟེར་སླབ་རྫུ་བཏབ་སྦེ་ ཏེ་ཚིག་འདི་ལ་ཆེན་བརྡལ་ཏེ་སྡོདཔ་ལས་འདི་ མི་ཆེན་བརྡལཔ་དྲག་ནི་མས་ཟེར་ ཏེ་ཨོ་ལོ་ཟེར་ ཨ་ལོ་ལུ་ལྟ་སྟེ་སླབ་སླབ་ཨིན་ཟེར་མོ་གིས། ཏེ་ཨ་ལོ་ལུ་སླབ་ད་ལུ་ མོ་གིས་དེ་སྦེ་གཞན་ཨམ་ཆ་ཁྱབ་ག་ར་ འུར་ལཱཔ་ག་ར་ ན་བརྔོ་སྡོད་ས་ལས་ ཏེ་མོ་གིས་ དེ་སྦེ་བཤལ་འགྱོ་སྟེ་སླབ་པའི་བསྒང་ལུ་ གཞན་ཚུ་ དབའེ་ཨིན་མས་ཟེར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་འ་ནཱི་བློ་འདི་ ལ་འདི་ནམ་བརྡལ་ཚར་ནི་ དེ་བ་འདི་མི་ཆེན་བརྡལ་བཞགཔ་དྲག་ནི་མས་ཟེར་ ཏེ་ཧ་གོ་ཡི་ཟེར་ ཏེ་དུས་ནམ་ཅིག་ལྷོདཔ་ད་ ཏེ་ག་ར་སེམས་གཅིག་ཁར་མཐུན་སྦེ་ ཏེ་འབྲུག་ར་ལུང་ཟེར་སའི་དཔོན་འདི་ ཉིནམ་ཅིག་ཟེརཝ་ད་ ཁོང་ཆ་ཁྱབ་ཀྱིས་ཁ་མཐུན་ཏེ་བཀྲོངས་སྦེ་ དེ་ལསན་ཏེ་ ཁོང་ཆ་ཁྱབ་བྱོག་བྱོན་བྱོནམ་ཨིན་ཟེར་ཨིན་མས་ ཏེ་ད་ཨམ་ཇོ་མོ་ཟེར་མི་འདི། བྱོག་འབྱོནམ་ད་ལུ་འདི་ ཏེ་འ་ནཱི་འབྲུག་ར་ལུང་ལས་ཚར་བྱོག་འབྱོནམ་ད་ལུ་འདི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཟོ་དང་ གཡག་དང་ དེ་ལས་ལུག་དང་ ཏེ་མི་སེར་ཚུ་ཡང་ག་ར་ ད་ལྟོའི་མེ་རག་བསགས་སྟེང་པ་འདི་ ཁོང་ཨམ་ཇོ་མོ་གིས་ བོད་ལས་མར་འཁྱིད་འོང་མི་གི་འཁོར་ཨིན་ཟེར་ བརྩི་ནིའི་ལུགས་སྲོལ་ཅིག་འདུག ཏེ་དེ་ལས་ ཏེ་ཡར་ བོད་ལས་མར་འབག་འོང་པའི་སྐབས་ལུ་ ཏེ་ད་ལྟོའི་ཟོ་གཡག་ཚུ་ག་ར་ ཏེ་ད་ནུབ་མོ་བྱོག་འབག་འོང་ནི་དེ་གིས་ གཡག་ཚུ་ག་ར་ ཁ་ འ་ནཱི་ག་ཅི་ལོ་ ཁོ་རའི་ ནན་ཐག་ཟེར་ ནན་ཐག་ འ་ནཱི་ཐགཔ་ནགཔོ་གཅིག་གིས་བསྡམས་འབག་འོང་ནི་དེ་གིས་ ད་ལྟོ་གཡག་ག་ར་གིས་ ང་བཅས་རའི་གཡུས་ཁའི་ནོར་བཟུམ་ བཱའང་ཟེར་སྐད་མི་རྐྱབ་ རོགས་ ཏེ་ཨུམ་ ཨུམ་ཟེརཝ་ཅིག་རྐྱབ་འོང་ གཡག་ཚུ་གིས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་ལྟོ་སྐད་རྐྱབ་ནི་གི་ལུགས་སྲོལ་ཡང་ ནུབ་མོ་ལུ་ ཏེ་ཡར་ལས་མར་བྱོག་འོང་འོངམ་འབདཝ་ལས་ དཔོན་བཀྲོངས་སྦེ་བྱོག་འོང་འོངམ་ད་ལུ་ ཏེ་ད་ཤེས་འོང་ཟེར་ ཏེ་ཁ་བསྡམས་འབག་འོང་ནི་དེ་གིས་ ད་སྐད་རྐྱབ་ཐངས་ཡང་ རོགས་ད་ལྟོ་ཡར་གཡག་དང་འ་ནཱི་ཚུ་གིས་ འུམ་ འུམ་ཟེར་རྐྱངམ་ཅིག་སྐད་རྐྱབ་འོང་། ཏེ་ང་བཅས་རའི་གཡུས་ཁའི་ནོར་བཟུམ་སྦེ་བཱའང་ཟེར་སྐད་མི་རྐྱབ་ཟེར་ ལུགས་སྲོལ་འདི་བཟུམ་ཨིན་ཟེར་ཞུ་ནི། ཏེ་ད་ལྟོ་ ཏེ་མོ་བོད་ལས་མར་འབྱོནམ་པའི་སྐབས་ལུ་ ཏེ་བུམ་པོ་ཏི་བཅུ་གཉིས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ལུག་གུ་བཀལ་འབག་འོང་སྟེ་ ཏེ་དལྟོ་ང་བཅས་ར་ནཱ་ བཅའ་གླིང་ ཕར་ཁྲོམ་དབང་ཟེར་ས་ལུ་ ཏེ་ད་ལྟོ་ཆོས་ ཁྱེད་ཆ་ཁྱབ་ལུང་བསྟན་ག་ཏེ་ཡོད་ས་ཅིག་ཁར་ ཏེ་སོང་ཟེར་ ཆོས་འདི་གཏོར་བཏངམ་ད་ལུ་ ཁྲོམ་དབང་ལུ་ལུང་བསྟན་བབས་ལས་ ཧེ་མ་བོད་ལས་མར་བཀལ་འབག་འོང་མི་ ཏེ་ནཱ་ལུང་བསྟན་ག་ཏེ་ཡོད་ས་ གཏོར་བཏང་བའི་བསྒང་ལུ་ ཆོས་གཏོར་ས་ཟེར་ ཏེ་ད་ལྟོ་ ཨ་ཕར་ རྩེ་ཕུ་ལྟག་ལུ་ ཆོས་གཏོར་སའི་ས་གོ་ཟེར་ མ་ཎི་གདངས་རིངམོ་ཅིག་ཡང་ཡོད་ ཏེ་འ་ནཱ་ཆོས་གཏོར་ས་ འ་ནཱ་གཏོར་བཏང་བའི་བསྒང་ལུ་ ཆོས་འདི་ ཁྲོམ་དབང་ལུ་ལྟ་སྟེ་བབས་བབས་ཨིན་ཟེར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ ཆོས་ཁྲོམ་དབང་ལུ་བབས་སྦེ་ ཏེ་འ་ནཱ་ལས་ ཁྲོམ་དབང་ལུ་ ད་ལྟོ་ཡང་ འ་ནཱི་ཨམ་ཇོ་མོ་གིས་བསྣམས་མི་ཆོས་འབུམ་པོ་ཏི་བཅུ་གཉིས་ ད་ལྟོ་ཀློཀ་བཏུབ་པའི་ ད་ལྟོ་མཇལ་ནི་ཡོད་ཟེར་ཞུ་ནི། ཏེ་དེ་ལས་ མར་ལྟ་ཆོས་ཚུ་ནཱ་གཏོར་སྦེ་ ཏེ་དེ་ལས་ ཏེ་དེ་ལས་ ཚར་གཅིག་ ཏེ་གསེར་སྐྱེམས་ལ་ལས་མར་བྱོན་ཏེ་ ལོག་སྟེ་རྒྱ་གར་ཨ་ནེ་ཨུནེ་ལས་ཡར་ལྟ་བསྐོར་ཏེ་ མར་མར་ལས་ཡར་ ང་བཅས་རའི་ གདུང་བསམ་ལས་ཡར་ལྟ་ ད་ལྟོ་གདུང་བསམ་བདེ་བ་ཐང་ལས་ཡར་ལྟ་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ེཏེ་འབྱོན་པའི་བསྒང་ལུ་ ནེའུ་ལེ་ཕོ་མོ་ཡང་ མར་ཨམ་ཇོ་མོའི་གཏེར་འདི་ ད་ལྟོ་དགུང་བསམ་བདེ་བ་ཐང་ལུ་ཡོད་ཟེར་ ཏེ་ད་ལྟོ་ དང་ཕུ་མི་ཚུ་གིས་ ཏེ་གླུ་གཞས་ཡང་ ཏེ་གདུང་བསམ་ནེའུ་ལེ་ཕོ་མོའི་གླུ་གཞས་ཡང་ འ་ནཱི་བཟུམ་འཐེན་ནི་འདུག ཏེ་གདུང་བསམ་ནེའུ་ལེ་ཕོ་མོ་ཟེར་ ཏེ་གདུང་བསམ་ནིའུ་ལེ་ཕོ་མོའི་གླུ་གཞས་ཟེར་རུང་ གནམ་མེད་ས་མེད་ཅིག་ ཏེ་ང་བཅས་ཀྱིས་ ཏེ་ཧེ་མ་ དང་ཕུ་མི་ཚུ་གིས་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་དེ་སྦེ་འཐེན་ནི་ཅིག་འདུག་ས་ ཨེའི་གདུང་བསམ་ལ། །བདེ་བའི་ལ་ཐང་ག་གཤེགས་པ། ། ཨེའི་གདུང་བསམ་བདེ་བ་ཐང་ལུ་ལྷོད་ཅི། ། ནིའུ་ལེ་ལ་ཕོ་མོ་གདན་ས། །ཨ་མ་ལ་ཇོ་མོའི་ལ་ནོར་བུ། ། ནིའུ་ལེ་ཕོ་མོའི་གདན་ས་ཨ་མ་ཇོ་མོའི་ནོར་བུ། ། ཟེར་ དེམ་ཅིག་འཐེན་ནི་ཅིག་འདུག་ལགས་ དེ་སྦེ་ནིའུ་ལེ་ཕོ་མོའི་གླུ་གཞས་ཟེར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    དེ་ལས་འ་ནཱ་ལས་ཡར་ལྟ་བྱོན་སྦེ་ ཏེ་ཨམ་ཇོ་མོ་ འ་ནཱ་ལས་ཡར་ལྟ་ གདུང་བསམ་བདེ་བ་ཐང་ལས་ཡར་ལྟ་བྱོན་ མོ་གི་བུམོ་ ཨ་ནེ་ཨུ་ནེ་ཟེར་མི་ མར་རྒྱ་གར་ལུ་ལུས་སྦེ་ ཏེ་འ་ནཱ་ལས་ཡར་ལྟ་ ཏེ་གདུང་བསམ་ལས་ཡར་ལྟ་བྱོན་སྦེ་ ཏེ་ང་བཅས་རའི་ནཱ་ མར་གྱི་ད་ལྟོ་ ཇོམོ་རི་ཟེར་སླབ་ནི་ཅིག་འདུག ད་ང་བཅས་ཀྱིས་འདི་ འགྱོ་མ་མྱོང་ད་ལྟོ་ ང་བཅས་ར་ཧེ་མ་ དང་ཕུའི་མི་ཚུ་གིས་ ཨམ་ཇོ་མོ་གིས་བཙུགས་བཞག་མི་ཇོམོ་རི་ ཟེར་སླབ་ནི་ཅིག་ཡང་འདུག འ་ནཱ་ལས་ཡར་ཐོན་ཏེ་ མར་མཁའ་གླིང་བྲེ་འུང་བར་གཤོང་ལས་ཡར་ཐོན་ཏེ་ ནཱ་ཁེང་ཏོང་མ་ཎི་ལས་མར་འབབ་སྟེ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་ལྟོ་ བཀྲ་ཤིས་སྒང་ལས་ཡར་ཐོན་ བཀྲ་ཤིས་སྒང་ལས་ཡར་ཐོན་སྦེ་ ཏེ་ད་མོ་གི་ ད་ ཡབ་འདི་ ཏེ་ནཱ་ ཨ་མར་ལས་ཡར་ལྟ་བྱོན་སྦེ་ ར་སྡི་ འ་ནཱི་རང་འབྱུང་ལས་ཡར་བྱོན་ཏེ་ མར་འབྱོན་ལ་ལུ་ལྷོདཔ་ད་ལུ་ མོ་གི་ཡབ་འདི་ ཡབ་ཟེར་རུང་ ད་ལྟོ་ང་བཅས་ར་འབད་བ་ཅིན་ བཞེས་ས་འབད་བའི་བརྩི་ཨིན་མས། ད་ལྟོ་འབད་བ་ཅིན་ གྲོགས་འཁོར་གཞིས་ཟེར་སླབ་དོ་བཟུམ་ཅིག་ཨིན་མས། འ་ནཱི་འདི་གཤགས་ཏེ་འབྱོན་ལ་ལུ་ལྷོདཔ་ད་ ཨ་མར་འབྱོན་ལ་ལམ་རིང་ཟེར་ས་ལུ་ མེ་སྦྱང་ཕུལ་བའི་ལོ་རྒྱུས་ཨིན་མས་ལགས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་ལྟོ་རྡོ་ཡང་ དེ་སྦེ་མཇལ་ནི་ཡོད་ འ་ནཱི་མེ་སྦྱང་ཕུལ་བའི་རྡོ་དམརཔ་སྦེ་ ཏེ་འ་ནཱ་ལས་ཡར་གནམ་བསྲོ་སྟེ་ དེ་ལས་འ་ནཱ་ལས་ ཨ་མར་ ར་སྡི་ལུ་ [དུས་དཔེ་?]ཟེར་ས་ལྷོདཔ་ད་ ཏེ་དེ་ལས་ ཏེ་ནུབ་མོ་ ཕར་གཟིམས་ཏེ་ དེ་ལས་ ནུབ་མོ་གཟིམ་བཞུགས་པའི་སྐབས་ལུ་ ཏེ་ཁོང་ དུས་དཔེའི་མི་སེར་ འ་ནཱི་ཁྱིམ་གནསཔ་བརྙ་བཞུགསཔ་ད་ལུ་ ཏེ་ནུབ་མོ་ལུ་ ཏེ་ལྷ་སྲིན་སྡེ་བརྒྱད་ཚུ་ག་ར་ ཨམ་ཇོ་མོའི་ཕྱག་དབང་འཐོན་འཐོནམ་འདྲས་ ཏེ་འ་ནཱི་ཕར་ སྦྱིན་བདག་གིས་ དོང་ནང་ལས་ ཙང་ཙ་འབད་བལྟ་བའི་སྐབས་ལུ་ ཏེ་སྦུལ་སྦོམ་འ་ནཱི་བཟུམ་ག་ར་ འ་ནཱི་ཁྱིམ་ནང་ ས་ཆ་རང་སྡི་རི་རི་སྦེ་འཛོམས་དེས་ཟེར་ཨིན་མས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་བྱ་པོད་སྐད་རྐྱབ་ནིའི་དུས་ཚོད་ཨ་ཙི་མ་རནམ་ཅིག་ཁ་ལས་ ལོག་སྟེ་འ་ནཱི་སྦུལ་ཚུ་ག་ར་ ལོག་ཡར་སོ་ཡི་ཟེར་ཨིན་མས། དེ་ལས་འ་ནཱ་ལས་ ནངས་པར་ནམ་ལངས་ཏེ་ དེ་ལས་ ཨམ་ཇོ་མོ་འ་ནཱ་ལས་ཡར་ལྟ་བྱོན་ཏེ་ དེ་ལས་འ་ནཱ་ལས་འདི་ ད་ཨམ་ཇོ་མོ་གིས་ ངེའི་ཡབ་ཀྱི་སྐུ་མཆོད་བཟུང་འོང་ག་ཟེརཝ་ད་ བཟུང་ཚུགསཔ་འབད་དགོ་ཁྱེད་ཆ་ཁྱབ་ཀྱིས་བཟུང་འོང་ག་ཟེརཝ་ད་ བཟུང་ནི་འོང་ཟེར་ ད་ལྟོ་ ར་སྡི་ལུ་ [དུས་དཔེ་?]ཟེར་ཅིག་ཡོད་ད་ལྟོ་ འ་ནཱི་ཨམ་ཇོ་མོ་གིས་ས་ཡང་འདི་ནང་བཅད་དེ་ ཏེ་ངེ་གི་ ཁྱེད་ཚུ་ཡོ་བྱད་ ངེའི་ཡབ་ཀྱི་སྐུ་མཆོད་བཟུང་པ་ཅིན་ ཡབ་ཚོང་ལེན་རྒྱལ་པོ་ཟེར་ཞུ་ནི་ཨིན་ཟེར་ཨིན་མས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་སྐུ་མཆོད་བཟུང་པ་ཅིན་ འ་ནཱི་ཡོ་བྱད་འདི་ ཞིང་ལུ་ཏེ་ ཁྱེད་ཆ་ཁྱབ་ཀྱི་འ་ནཱི་ ངེའི་ཡབ་ཀྱི་དོན་ལས་སྐུ་མཆོད་བཟུང་ནིའི་དོན་ལས་ ས་ཞིང་འ་ནཱི་ཨིན་ཟེར་ ད་ལྟོ་ འ་ནཱི་དུས་དཔེ་པ་ཚུ་ཟ་མི་ས་ཡང་ ཏེ་རོགས་ ཨམ་ཇོ་མོ་གིས་གནང་བའི་ས་ཨིན་ཟེར་བརྩིཝ་ཨིན། ཏེ་རོགས་གུང་དག་པ་ཅིག་ ཏེ་ཨམ་ཇོ་མོ་སྐུ་མཆོད་བཟུངམ་ད་ལུ་ ལ་ལུ་མིང་ཆང་བཙོ་ ལ་ལུ་ཨའུ་ལ་ཟེར་ ར་སྡི་ལྷ་ཁང་ལུ་ དེ་ལས་སྐུ་མཆོད་བཟུང་སྟེ་ ཨ་མར་ར་སྡི་གླང་སྟེང་ཟེར་ས་ཡང་ ཇོ་མོ་དོག་ས་ཟེར་བརྩིཝ་ཨིན། ཏེ་ད་ང་བཅས་རའི་ཤར་ཕྱོགས་པའི་བློ་གིས་ ཏེ་ཨ་ཙི་ཚིག་ཉམས་འགྱོ་འགྱོཝ་ཅིག་ཨིན་མས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཇོ་མོ་དོག་ས་ཟེརཝ་ད་ ཏེ་ད་ཨམ་ཇོ་མོ་འ་ནཱ་ཚར་གཅིག་བཞུགས་ཅི་ཟེར་བའི་བཟུམ་ཅིག་ སྡོད་ས་ཟེར་དོ་བཟུམ་ཅིག་ཨིན་མས་འདྲས། དེ་ལས་འ་ནཱ་ལས་ཡར་ལྟ་ ཏེ་ནཱ་ ཨ་མར་ ར་སྡི་ལུ་ མྱང་གདུང་ཟེར་མི་ཅིག་ཡོད་ ཨ་མར་ར་སྡི་ལུ་ ཨ་མར་ལྷ་ཁང་གཅིག་གི་སྦོ་ལོགས་ཁར་ ཏེ་འ་ནཱི་མྱང་གདུང་ཟེར་ས་ག་ཅི་སྨོ་ཟེར་བ་ཅིན་ ཨེའི་སྨོ་ ངེའི་ཡབ་འདིནི་གཤགས་སོ་ཡི་ ད་སྲས་སྲསམོ་ཚུནི་ ག་ཏེ་གུ་ཏེ་ལས་ཕར་ ཏེ་ས་ཕྱོགས་ཕྱོགས་ལུ་ལུས་སོ་ཡི་ ཏེ་དནི་ ཏེ་ང་རྐྱངམ་ཅིག་གིས་ ང་ཡང་མོ་རེངས་མོའི་བྱ་བ་ལུ་ཐུག་ཆི་ཡི་ ཏེ་ད་ ང་གིས་ག་ཏེ་ཡང་གཅིག་ཁྱད་མི་ཆོད།
  • རིན་ཆེན་?] ཟེར་ སྐྱོན་མིང་འདི་ སློབ་དཔོན་ཁི་རྗེ་ ཟེར་ཞུཝ་ཨིན་མས། ཏེ་འ་ནཱི་སློབ་དཔོན་ཁི་རྗེ་ཟེར་མི་འདི་ ཨ་ཕར་ར་གླང་གུ་ལུ་བཞུགས་སྟེ་ཡོདཔ་ཨིན་མས་ ཕུ་ར་གླང་ཨ་ཕར་ ད་ལྟ་ར་ཞུ་གེ་ འ་ནཱི་ར་གླང་ ཏེ་ཀོ་ཏ་ཁྱོད་ར་ཡང་མཁྱེནམ་འོང་། སློབ་དཔོན་ཁི་རྗེ་ འ་ནཱི་གུ་ལུ་བཞུགས་ནུག འ་ནཱི་གུ་ལུ་བཞུགསཔ་ད། ཏེ་ད་འ་ནཱ་ལས་ཡར་ ང་མིའི་གཟུགས་སྦེ་མི་སྡོད་ ང་མི་མ་ཡིན་གྱི་གཟུགས་ལུ་བསྒྱུར་སྡོད་ནི་ཟེར་ མོ་མནོ་བསམ་འདི་བཟུམ་ཅིག་མནོ་མནོཝ་ཨིན་མས་ཨམ་ཇོ་མོ། ཨམ་ཇོ་མོའི་མནོ་བསམ་འདི་བཟུམ་ཅིག་མནོ་འགྱོཝ་ད་ལུ་ ང་བཅས་རའི་ གཏེར་བཏོན་མདོ་སྔགས་[རོལ་ཆེན་ བློ་བཟང་རྡོ་རྗེ་ Lobzang Dorji
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཨམ་ཇོ་མོ་མི་མ་ཡིན་ལུ་བསྒྱུར་ནི་སྦེ་མནོ་བསམ་བཏངམ་ད་ལུ་ སློབ་དཔོན་ཁི་རྗེ་གིས་ ཏེ་ཐུགས་ཁར་མཁྱེན་ཞིནམ་ལས་ ཡ་ ད་མི་མ་ཡིན་ལུ་བསྒྱུར་ནི་ཨིན་མས་ མི་མ་ཡིན་ལུ་བསྒྱུར་བ་ཅིན་ མི་དང་སེམས་ཅན་ལུ་གནོད་འཚུབ་སྦོམ་ཅིག་འོང་ནི་འོང་ དེ་བ་འདི་ད་ལྟོ་ལས་རང་ ཏེ་སངས་རྒྱས་ཀྱི་ཆོས་འདི་ བཀའ་དང་དམ་ཅིག་ ངོ་སྤྲོད་ཅིག་འབད་དགོ་ ཨམ་ཇོ་མོ་ལུ་ཟེར་ དེ་ལསན་ཏེ་ ཨམ་ཇོ་མོ་ནཱ་གླང་སྟེང་མྱང་གདུང་ཟེར་ས་ལྷོདཔ་ད་ལུ་ ཏེ་སློབ་དཔོན་ཁི་རྗེ་ ཕར་ར་གླང་གུ་ལས་ཚུར་འཕུར་བྱོན་ཡི་ཟེར་ཨིན་མས་ལགས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་སློབ་དཔོན་ཁི་རྗེ་ར་གླང་གུ་ལས་འཕུར་འབྱོནམ་ད་ལུ་ ཏེ་ང་བཅས་རའི་ དགྲ་བགེགས་འབྱུང་པོ་ དགྲ་བོ་བསྒྲལ་ནི་གི་དོན་ལས་ ཏེ་གྲི་གུག་ཟེར་མི་ཅིག་འོང་ ཏེ་ད་ག་ཅི་སྨོ་ཟེར་བ་ཅིན་ རྣོས་ཡོད་མི་ སྟ་རེ་བཟུམ་ཅིག་ ཏེ་ཐོག་ཁ་ལུ་ཟོརཝ་བཟུམ་ཅིག་རྣོས་ཡོད་མི་ཅིག་ ཏེ་འ་ནཱི་འདི་ སློབ་དཔོན་ཁི་རྗེ་ ཏེ་ཁོ་རའི་རས་གཟན་གྱིས་གཤོགཔ་བཟོ་སྟེ་འབྱོནམ་ད་ལུ་ གྲི་གུག་ཟེར་མི་འདི་ ཧེམ་ཅུང་ནང་བཙུགས་བསྣམས་ད་ལུ་ འ་ནཱི་གྲི་གུག་འདི་ དཔའ་དཀར་གླིང་ལུ་བུད་སོང་སྟེ་ཡོད་ ད་ལྟོ་དཔའ་དཀར་གླིང་ལུ་ཡོད་ཟེར་ཞུ་ནི་ཨིན།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ད་ལྟོ་མཇལ་ནིའི་ཡོད་ད་ལྟོ་ ཏེ་དེ་ལས་ཡར་ལྟ་བྱོན་སྦེ་ དེ་ལས་ནཱ་ད་ལྟོའི་གླང་སྟེང་ལུ་ ད་ལྟོ་ མྱང་གདུང་ཟེར་ས་ལས་ཡར་བྱོན་སྦེ་ ཏེ་འ་ནཱ་ལས་ཡར་ལྟ་ ཁོང་གཉིས་འགྲན་བསྡུར་གནང་སྦེ་ ཏེ་འ་ནཱ་ལས་ཡར་ལྟ་བྱོན་སྦེ་ ཏེ་ཨམ་ཇོ་མོ་གིས་ མོ་གི་ ད་ལྟོ་གླང་སྟེང་ལྷ་ཁང་གི་ལྟག་ལུ་ བྷ་ག་གི་པར་ཅིག་ཡང་ འ་ནཱ་བཏོན་བཞག་སྟེ་ཨིན་མས་ ཁོང་གཉིས་འ་ནཱ་ལས་ཡར་ལྟ་འགྲན་བསྡུར་གནང་བའི་སྐབས་ལུ་ ཏེ་འ་ནཱི་བྷ་ག་འདི་ ད་ལྟོ་མི་ཚུ་གིས་ ཁོང་ཆུ་ཞིང་ཟ་ནི་གི་བཟའ་སྤྱོད་ཨ་ཙི་འབད་རུང་ཟ་ནི་འོང་ཟེར་ འ་ནཱི་རྡོ་འདི་སྤུབས་བཞག་ནུག འ་ནཱི་རྡོ་འདི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཨིན་རུང་སེལ་བ་ཅིན་ ད་ལྟོ་མཇལ་ནིའི་ཡོད། ཏེ་ད་སློབ་དཔོན་ཁི་རྗེ་གིས་ རྡོ་རྗེ་འདི་ཨ་མར་ འ་ནཱི་སྦོང་མཱན་ཟོར་ཟེར་སླབ་འོང་ འ་ནཱི་སྦོང་མཱན་ཟོར་གྱི་ཚུར་ཁ་ཐུག་ལུ་ རྡོ་རྗེ་ཡང་གཏེར་ལུ་འ་འི་བཟུམ་ཅིག་སྦེ་བཏོན་གནང་བའི་ལོ་རྒྱུས་ དེ་ལས་འ་ནཱ་ལས་ ར་སྡི་ལྷ་ཁང་ ཏེ་ཨ་མ་སྐུ་འབབ་ཐང་ཟེར་ ར་སྡི་ལྷ་ཁང་ལུ་ལྷོདཔ་ད་ལུ་ ཏེ་ཧེ་མ་ ར་སྡི་ལྷ་ཁང་མེདཔ་ཨིན་མས་ ཤིང་ཚང་ཅིག་རྐྱངམ་ཅིག་ཡོདཔ་ཨིན་མས་ལགས། ཤིང་ཚང་ཅིག་ཡོད་མི་ ཏེ་འ་ནཱི་ར་སྡི་ལྷ་ཁང་ ཨ་མ་སྐུ་འབབ་ཐང་ཟེར་ འ་ནཱི་ཨ་མ་ཇོ་མོ་ འ་ནཱ་སྐུ་ཞག་གཟིམས་སྦེ་ ཏེ་ནོར་སེམས་ཅན་ཚུ་ག་ར་ ཨམ་ཇོ་མོ་གི་བོད་ལས་མར་བསྣམས་མི་གཡག་དང་ནོར་ག་ཅི་ཡང་ ཨ་ཕར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ད་ལྟོ་ ཁེ་ཤིང་ཟེར་སླབ་འོང་ ཨ་ཕར་ཁེ་ཤིང་གི་རྒཔོ་བགྲེསཔ་ཟླ་བ་ཟེར་སླབ་འོང་ འ་ནཱི་ཁྱིམ་ལས་མར་ག་ར་ རྡོ་རག་ཀ་རོག་ཀོ་ ཏེ་ནོར་སེམས་ཅན་གྱི་རྐང་རྗེས་བཟུམ་ཅིག་ ག་ཅི་ཡང་མ་ཤེསཔ་ཅིག་ ག་ར་འ་ནཱ་ལས་མར་འོངམ་ཨིན། དེ་ལས་འ་ནཱ་ལས་འདི་ ནོར་སེམས་ཅན་ཚུ་ ཏེ་ཨམ་ཇོ་མོ་ འ་ནཱ་ར་སྡི་ལྷ་ཁང་ཟེར་ས་བཞུགསཔ་ད་ ཧེ་མ་ས་སྤོག་ཏོ་ ཤིང་ཚང་ཅིག་རྐྱངམ་ཅིག་ཨིན་མས། ཏེ་འ་ནཱ་ལས་ ས་སྤོག་ཏོ་འདི་ འ་ནཱི་ནང་ན་ཤིང་ཚང་ནང་བཞུགས་སྦེ་ དེ་ལས་ སློབ་དཔོན་ཁི་རྗེ་འདི་ ཡར་ ད་ལྟོ་ཨ་ཡར་སྤོག་ཏོ་ལུ་ མཁར་སྨྱ་ཟེར་སླབ་འོང་ འ་ནཱི་མཁར་སྨྱ་སྤོག་ཏོ་ཅིག
  • བློ་བཟང་རྡོ་རྗེ་ Lobzang Dorji
    ད་ལྟོ་རོགས་ སློབ་དཔོན་ཆོས་གྲགས་ཟེར་མི་བཞུགས་སྟེ་ཡོད་ འ་ནཱ་ལུ་བཞུགས་བཞུགསཔ་ཨིན་མས་སློབ་དཔོན་ཁི་རྗེ་འདི་ དེ་ལས་ཨམ་ཇོ་མོའི་ནོར་ཚུ་ག་ར་ འ་ནཱི་ཨ་ཕར་ཁེ་ཤིང་ཟེར་ས་ལས་མར་ལྟ་ རྒཔོ་བགྲེསཔ་ཟླ་བ་ཟེར་མིའི་ཁྱིམ་རྩ་བར་ལས་མར་ལྟ་ འ་ནཱི་གཏེར་འདི་ སློབ་དཔོན་ཁི་རྗེ་གིས་ ནོར་ཚུ་ག་ར་གཏེར་ལུ་སྦ་བཞག་བཞགཔ་ཨིན་ཟེར་ ཨམ་ཇོ་མོའི་ནོར་ཨིན་ཟེར་ ཏེ་ད་ལྟོ་ར་སྡི་ལྷ་ཁང་ལྟག་ལུ་ཡང་ ཁོང་གཉིས་འགྲན་བསྡུར་གནང་བའི་རྡོ་གཅིག་ཡོད་ད་ལྟོ་ ན་ཧིང་བཟུམ་ཅིག་ཁར་ ང་བཅས་ར་ ཏེ་འ་ནཱི་ ཨ་ཙི་ཐང་བཟོ་དགོ་པས་ གོང་འཕེལ་གཏང་ནིའི་དོན་ལས་ དེ་ལསན་ཏེ་ཨ་ཙི་ཅིག་
  • བློ་བཟང་རྡོ་རྗེ་ Lobzang Dorji
    བསྒྱིར་ཏེ་ས་ཁར་སོང་སྟེ་ཡོད། དེ་ལས་འ་ནཱ་ལས་ཡར་ལྟ་ ཏེ་ད་ཨའུ་ལ་བཟུང་སྦེ་ ཏེ་ར་སྡི་ལྷ་ཁང་ ཨ་མ་སྐུ་འབབ་ཐང་ཟེར་སླབ་དགོ་མི་འདི་ ཨ་མོ་ཇོ་མོ་ འ་ནཱ་ལུ་བཞུགས་བཞུགསཔ་འབད་ནི་དེ་གིས་ ཏེ་འ་ནཱ་འབབ་སྟེ་བཞུགས་བཞུགསཔ་འབདཝ་ལས་ ཨ་མོ་ཇོ་མོ་སྐུ་འབབ་ཐང་ཟེར་ ཏེ་ར་སྡི་གི་ལྷ་ཁང་ དམིགས་བསལ་གྱིས་ཨའུ་ལ་ཟེར་ ར་སྡི་ལྷ་ཁང་ལས་གོ་བཟུང་བརྩིས་ཏེ་ ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལུ་ཕའི་ཚང་པེ་ཟེར་ ལ་ཁ་ལས་ ཏེ་དབང་ཤིང་གཅིག་དང་ སྤག་ཤིང་བཏོག་འབག་འོང་སྟེ་ དར་ཤིང་བཏོག་འབག་འོང་སྦེ་ འ་ནཱི་ཡང་ག་གིས་ཡང་མ་ཤེསཔ་སྦེ་ ཙང་ཙ་འབད་སོང་སྟེ་ ཁོང་ཨའུ་ལ་རྩ་བོ་ཆ་ཁྱབ་སོང་སྟེ་བཏོག་འབག་འོང་སྦེ་ ཏེ་ང་བཅས་ར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལུ་ཕེའི་ཚང་སྦེ་ ཏེ་ཚེས་ ཤུལ་ལས་ ཏེ་འ་ནཱི་ཨའུ་ལ་འདི་ ད་མགོ་ལོག་འགྱོཝ་མས་ འ་ནཱི་ཨའུ་ལ་འདི་བཟུང་བའི་སྐབས་ལུ་འདི་ འ་ནཱི་ལྷ་ཁང་མེདཔ་ཨིན་མས། ཏེ་ད་ལྟོ་འདི་ལྷ་ཁང་ ཤུལ་ལས་ ཆགས་ཆགསཔ་ཨིན་མས། འ་ནཱི་ལྷ་ཁང་ཆགས་པའི་དུས་ཚོད་ལུ་འདི་ ཤིང་ཚང་འདི་ ཨ་ཡར་སྤོ་སྟེ་ཡོད་ ཇོ་མོ་དོག་ས་ལུ་ ཏེ་ད་ལྟོ་ཇོ་མོ་དོག་ས་ཟེར་ ཏེ་ཤུལ་ལས་དེ་སྦེ་ འ་ནཱ་ལས་ཧེ་མ་དེ་ནང་ལས་ཡར་ལྟ་ ཚོགས་ཚུ་ཕུལ་ཏེ་ མིང་ཆང་བཙོ་སྟེ་ ཚོགས་ཕུལ་སྦེ་ ཏེ་རོགས་ ས་གནས་ས་གནས་ལུ་ སྦྱིན་བདག་
  • རིམ་བྱོན་?]ཟེར་སྡོད་ཡི་ འ་ནཱི་ཁོ་གིས་ ཨའུ་ལ་གསོལ་ ཏེ་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལས། ཁེ་ཤིང་རྒཔོ་བགྲེསཔ་ཟླ་བ་ལོ་ མེ་ལོང་མཁར་གྱི་བསྟན་འཛིན་ཟེར་མི་ལོ་ ཏེ་དེ་ལས་ ཏེ་སྡུག་པུ་གླིང་གི་ ད་ལྟོ་ཀུན་བཟང་བདེ་ཆེན་ཟེར་སླབ་འོང་ ཁོའི་ཁྱིམ་དང་ ཏེ་འ་ནཱི་ཚུ་ག་ར་ རྒཔོ་བགྲེསཔ་ ཆོས་གྲུབ་ཟེར་ཡོད་ འ་ནཱི་ཁོང་གི་ཁྱིམ་ཚུ་ག་ར་ ཧེ་མ་ མིང་ཆང་བཙོ་སྟེ་ ཨའུ་ལ་ ཇོ་མོ་ག་ར་འ་ནཱ་གདན་འདྲེན་ཞུ་སྦེ་ ཏེ་དེ་ལས་ ཨའུ་ལ་ཟེར་བརྩིས་སྦེ་ ཏེ་ཨའུ་ལ་གི་ ཏེ་རྒྱུན་བཟུང་ཤེས་མི་ ཇོ་མོའི་ཚིག་སླབ་ཤེས་མི་ ཇོ་མོ་[རིན་བྱིན་ བློ་བཟང་རྡོ་རྗེ་ Lobzang Dorji
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁྱིམ་ཚང་སྦེ་ དེ་ལས་ ཡར་དར་ཤིང་བཏོག་འབག་འོང་སྦེ་ ཏེ་ཚེས་ཉི་ཤུ་ལས་ཡར་བསྐོར་ར་བསྐོར་ནི་ཅིག་འདུག་ ཨའུ་ལ་ཟེར་འཐོན་ཏེ་ དེ་ལས་ ནཱ་ར་སྡི་བསྐོར་ཏེ་ དེ་ལས་གཤོང་ཕུ་ལས་བསྐོར་སྦེ་ ཏེ་ཟླཝ་བདུན་པ་ཉི་ཤུ་གསུམ་ལུ་འདི་ ཨའུ་ལ་འདི་ ལོག་གཏང་ནི་ཨིན་ཟེར་ ཏེ་ཁོང་ ཨམ་ཇོ་མོ་འ་ནཱ་ལས་ཡར་ལྟ་ ཏེ་ལོག་གསོལ་ཁ་བཏང་ཚར་ཏེ་ ལོག་གཏང་ནི་ཨིན་ཟེར་ ཟླཝ་བདུན་པ་ ཚེས་བཅོ་ལྔ་ལས་ཡར་ལྟ་ ཁྱིམ་ཚང་དགོ་ཟེར་སླབ་ད་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་རའི་ར་སྡི་ལུ་ག་ར་ ཁོང་ ཨའུ་ལ་འབད་མི་མ་ཚད་ ར་སྡི་མི་སེར་ག་ར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ད་ང་བཅས་ར་ཟངས་གཞོང་བཟུམ་ཅིག་ནང་ ཏེ་དང་ཕུ་འདི་ ཉིན་མའི་ལྟོའི་སྦང་ཁ་ཟེར་འཐོན་འོང་ སྦང་ཁ་ནང་ དེ་ལས་ མོ་ལུ་སྡེར་བསྒྲིགས་སྦེ་ ཏེ་སྡེར་ འ་ནཱི་གོན་ལོ་ཀ་ཀུ་རུ་ལོ་ དེ་ལས་ ཨེ་མ་རེ་བཙུགས་ མེ་ཏོག་རེ་བཙུགས་སྦེ་ ཏེ་ཁྱིམ་གུང་ག་ར་ ཡར་ཁྱིམ་ཐོག་ཁར་ གསར་ཕུད་ [ཨ་ཤོམ་ཆང་མ་?] ག་ཅི་ཡོདཔ་ཅིག་ ཐོག་ཁར་བཀལ་འོང་ ཏེ་ལུགས་སྲོལ་དེ་སྦེ་ཨིན། ཏེ་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལུ་བཀལ་སྦེ་ དེ་ལས་ཚེས་ཁལ་ལས་ཡར་ལྟ་ལུ་འདི་ ཨའུ་ལ་ཟེར་བསྐོར་ཏེ་ མི་སེར་ག་ར་བསྐོར་ར་བསྐོར་སྦེ་ ཏེ་གཤོང་ཕུ་ལས་ཚུར་ ར་སྡི་གཡུས་གོ་ག་ར་བསྐོར་འོང་།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་འ་ནཱི་བསྐོར་བའི་སྐབས་ལུ་ རོགས་ ཇོ་མོ་རིན་ཆེན་ཟེར་སྡོད་ཅི་ རོགས་ ཇོ་མོ་རིན་ཆེན་གྱིས་ འདི་བཟུམ་ཅིག་སྦེ་ ཏེ་ནཱ་ ཨའུ་ལ་ཟེར་ བསྐུལ་ནི་ཅིག་འདུག་ དེ་ལས་འབྲུག་ར་ལུང་ལས་མར་འབྱོན་མི་ ཏེ་ཨ་མོ་ཇོ་མོ་གི་བཤད་པ་རྐྱབ་སྦེ་ ཏེ་དེ་སྦེ་འབད་དེ་ ཏེ་ར་སྡི་ལྷ་ཁང་ལུ་འབབ་པའི་འབབ་ཐངས་ དེ་ལས་ར་སྡི་ལུ་ འགལ་རྐྱེན་བར་ཆད་མི་འོང་ནི་གི་ དེ་ལས་དུས་ཡང་ཡང་མཇལ་ནི་གི་ ཏེ་འདི་བཟུམ་ཨིན་ཟེར་ ཏེ་ཇོ་མོ་གིས་འབད་བསྐུལ་ཏེ་ གཞན་མི་སེར་གྱིས་ཨའུ་ལ་ལན་འཇལ་སྦེ་ གཡུས་ཚན་ནང་འགྱོ་སྦེ་ དེ་སྦེ་བསྐོར་ར་བསྐོར་ཏེ་ ཉིན་ནུབ།
  • ས་མྱན་?]ཟེར་ ང་བཅས་ཚུ་དུས་བཟང་བརྩིས་ཏེ་ཟླཝ་བདུན་པ་ལུ་གཅིག་ དེ་སྦེ་སྡོད་ནིའི་ལུགས་སྲོལ་ཅིག་སྡོད་ཡི་ ཏེ་དེ་སྦེ་བསྐོར་ར་རྐྱབ་འགྱོ་སྦེ་ ཉི་ཤུ་གཅིག་ལས་ཡར་ ཡར་དོག་ས་འཛེག་སྦེ་ དོག་ས་ཚང་ཞིནམ་ལས་ དེ་ལས་ཀོ་ཀོ་ནི་ལས་ཡར་འགོ་བཙུགས་སྦེ་ ཏེ་ཉི་ཤུ་གསུམ་ལུ་འདི་ ཨའུ་ལ་ལོག་གཏང་ནི་ཟེར་ ཏེ་ཉིན་ནུབ་གསུམ་བསྐོར་ཏེ་ ཉི་ཤུ་གཅིག་ལས་བསྐོར་ཏེ་ དེ་ལས་ལོག་གཏང་ནི་འདི་ ཨའུ་ལ་ལོག་གཏང་ནི་འདི་ ར་སྡི་ལྷ་ཁང་ལུ་རང་བབས་སྦེ་ལོག་གཏང་འོང་། ཏེ་གསུམ་དེ་ཅིག་ ཏེ་མདའ་རྐྱབ་མི་གིས་མདའ་རྐྱབ་ ཏེ་དེ་སྦེ་འབད་སྦེ་ ཨའུ་ལ་[སཱན་ཇཱན་ བློ་བཟང་རྡོ་རྗེ་ Lobzang Dorji
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ཨའུ་ལ་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ འདི་བཟུམ་ཅིག་སྦེ་བསྐུལ་དེས་ ཏེ་ཁམས་གསུམ་ཨ་མ་ཇོ་མོ་ཟེར་ ཇོ་མོ་གིས་བསྐུལ་བའི་སྐབས་ལུ་ ཏེ་ཁོང་མི་སེར་གྱིས་ ཨའུ་ལ་ཟེར་ ལན་རྐྱབ་འོང་ལགས། ཏེ་དེ་བཟུམ་སྦེ་ལན་རྐྱབ་སྟེ་ དེ་སྦེ་བསྐོར་ར་རྐྱབ་སྦེ་ ཏེ་ར་སྡི་ལྷ་ཁང་ ཨ་མ་སྐུ་འབབ་ཐང་ཟེར་ ར་སྡི་ལྷ་ཁང་ལུ་ལྟ་སྟེ་བབས་སྦེ་ ཏེ་འ་ནཱ་ལས་ ཏེ་ད་ཧེ་མ་ཡང་ར་སྡི་ལྷ་ཁང་ལུ་བབས་བབས་ཨིན་ཟེར་ ཏེ་ད་ལྟོ་རང་ཨིན་རུང་ ར་སྡི་ལྷ་ཁང་ལུ་བྱོན་སྦེ་ ཏེ་གསོལ་ཁ་ཚུ་བཞེས་སྦེ་ ང་བཅས་ར་མི་སེར་ཚུ་ ནཝ་ཚཝ་ག་ནི་ཡང་མེདཔ་སྦེ་འགལ་རྐྱེན་བར་ཆད་ག་ར་ཞི་སྦེ་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ཁྱོད་ཀྱིས་སྐྱབས་དང་མགོན་འབད་འབདཝ་ཨིན་ ནཱ་ལས་ཕར་ཡང་ དེ་སྦེ་ར་འབད་དེ་ ང་བཅས་མི་སེར་ལུ་ ནཝ་ཚཝ་མེད་ འགལ་རྐྱེན་བར་ཆད་མེད་པར་ ཏེ་ཞལ་ཡང་ཡང་མཇལ་ནི་གི་ ཏེ་ཐུགས་སྨོན་ ཨམ་ཇོ་མོ་ཁྱོད་ཀྱིས་གནང་དགོ་ཟེར་ ཧེ་མ་འ་ནཱི་བཟུམ་ཅིག་ སྨོན་ལམ་བཏབ་སྟེ་ ཇོ་མོ་གིས་བསྐུལ་སྦེ་ ཏེ་འ་ནཱི་བཟུམ་ཅིག་འབད་ནིའི་ལུགས་སྲོལ་སྡོད་ཡི་ ཏེ་མཇུག་ལུ་ མོ་ལོག་སྟེ་བཏང་པའི་དུས་ཚོད་ལུ་ ཏེ་ད་མར་ ར་སྡི་ལྷ་ཁང་ལུ་ ཏེ་ར་སྡི་ལྷ་ཁང་ ཨ་མོ་སྐུ་འབབ་ཐང་ཟེར་ ད་དུས་ད་རེས་མཇལ་ཡི་ ཏེ་ད་གསོལ་ཁ་ལུ་ སང་ཕོད་ཡང་ ང་བཅས་ཆ་ཁྱབ་ ཡང་ནས་ཡང་དུ་གསོལ་ཁ་ཕུལ་ནི་ཨིན་ ད་འ་ནཱ་ལས་ཡར་ལྟ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ང་བཅས་ར་ ར་སྡི་མི་སེར་ག་ར་ལུ་ རྒྱལ་ཁབ་ག་ར་ལུ་ ཏེ་འགལ་རྐྱེན་བར་ཆད་ག་ཅི་ཡང་ ཏེ་མི་འོང་ནི་གི་ཨ་མོ་ཇོ་མོ་ཁྱོད་ཀྱིས་ཐུགས་སྨོན་གནང་དགོ་ཟེར་ ཏེ་དེ་སྦེ་གསོལ་ཏེ་ ར་སྡི་ལྷ་ཁང་ ཨ་མ་སྐུ་འབབ་ཐང་ཟེར་བརྩིས་མི་འདི་ སྤྱིར་བཏང་ར་སྡི་ལྷ་ཁང་ལུ་ སྐུ་ཞག་གཅིག་གཟིམས་ལས་བརྟེན་ ཏེ་འ་ནཱི་སྐབས་ལུ་ ལྷ་ཁང་མེདཔ་ཨིན་མས་ ཨིན་རུང་ ང་གིས་ཞུ་ཐངས་འདི་ ལྷ་ཁང་ཟེར་འགྱོཝ་མས། ཏེ་ཨིན་རུང་ ད་ལྟོ་ང་བཅས་ར་ དྲན་པའི་སྐབས་ལས་འདི་ ར་སྡི་ལྷ་ཁང་ཟེར་རང་ ཇོ་མོ་ཚུ་གིས་དེ་སྦེ་གསོལ་སྦེ་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་གསོལ་ཐངས་ཀྱི་ཚིག་ཡང་ ཏེ་མཇུག་ལུ་ ཏེ་ད་ དུས་ཡང་ཡང་མཇལ་བའི། ཨའུ་ལ་ཟེར་ལན་རྐྱབ་འོང་ དེ་ལས་ སྨོན་ལམ་ཞུ་གེ་ ཨའུ་ལ་ཟེར་ལན་རྐྱབ་སྦེ་ དེ་ལས་འ་ནཱ་ལས་ཡར་ ང་བཅས་ར་ག་ར་འགལ་རྐྱེན་བར་ཆད་ མི་འོང་ནིའི་སྨོན་ལམ་བཏབ་སྟེ་ དེ་ལས་ང་བཅས་རའི་གསར་ཕུད་ཕུལ་ཏེ་ འ་ནཱ་མཇུག་བསྡུ་སྟེ་ དེ་ལས་འ་ནཱ་ལས་ཡར་ ང་བཅས་ཆ་ཁྱབ་ཞབས་ཁྲ་རེ་རྐྱབ་སྦེ་ དེ་ལས་འ་ནཱི་ཉིནམ་ལས་ ང་བཅས་ཆ་ཁྱབ་ཁ་གྱེས་འོང་ འ་ནཱི་སྦེ་ དེ་ཅིག་ཨིན།། །།