Skip to main content Skip to search
27 Jan 2016
10 min 42 sec
Video Overview
Creators: 
Sonam Chophel, Khandu, Enchung Lhamo, Jamyang Lhamo

Archery tournaments between groups or regions are very popular in many parts of Bhutan. Among those contests, the tournament between Talo and Nobgang is considered unique and extraordinary. The fierce competition between the two villages takes place right after the Talo Tshechu, which happens in the spring. The competition begins with the escort of the targets to the competition grounds, as if welcoming a high ranking guest with a chibdrel ceremony. At the end of the competition, the same ceremony is once more enacted during the departure of the targets. If a match takes place in Talo, the villagers of Talo are the hosts for the day, and vice-versa.

 

སྤྱིར་གྱིས་ ཕྱོགས་མདའ་རྐྱབ་ནི་འདི་ རྒྱལ་ཁབ་མཐའ་དབུས་མེད་པར་ ག་ཏེ་ཡང་རྐྱབ་སྲོལ་ཡོདཔ་ཨིན། དེ་འབདཝ་ད་ རྟ་ལོག་དང་ནོརཔ་སྒང་གི་ཕྱོགས་མདའ་འདི་ གཞན་དང་མ་འདྲཝ་སྦེ་རྐྱབ་སྲོལ་ཡོདཔ་ཨིན་མས། དེ་ཡང་ ལོ་བསྟར་བཞིན་དུ་ ཟླཝ་༢ པ་རྟ་ལོག་ཚེས་བཅུའི་སྐབས་ ཚེས་བཅུ་ཐམ་ལུ་ཚེས་བཅུ་གྲོལ་ཞིནམ་ལས་ཚེས་༡༡ ལས་ རྟ་ལོག་དང་ནོརཔ་སྒང་གི་བར་ན་ ཕྱོགས་མདའ་ཅིག་རྐྱབ་སྲོལ་ཡོདཔ་ད་ ཕྱོགས་མདའ་གི་སྐབས་ལུ་ མགྱོནམ་སྦོམ་འབྱོནམ་ད་ བསུ་བ་གསེར་སྒྲེང་འབད་དོ་བཟུམ་སྦེ་ར་ ཀྲིང་ཀྲི་བང་རྔ་དང་བཅསཔ་སྦེ་ར་ འབའ་ཐང་ནང་བསྐྱལ་ཏེ་ཕྱོགས་མདའ་རྐྱབ་སྟེ་ མཇུག་བསྡུཝ་ད་ཡང་ དེ་བཟུམ་སྦེ་ར་འབད་དེ་ཁྱིམ་ལྟ་སྟེ་ལོག་དོ་ཡོདཔ་མས། ལྟོ་གི་སྐབས་ལུ་ཡང་ ལྟོ་གི་ཧེ་མ་གྱལ་སྒྲིག་ཏེ་ཀྲིང་ཀྲི་བང་རྔ་དང་བཅསཔ་སྦེ་ར་དྲངས་དོ་ཡོདཔ་ད་ ལྟོ་ཟ་བའི་སྐབས་ལུ་ཡང་ ལོགས་ཅིག་ཁ་ལས་ རྟ་ལོགཔ་ཆ་ཁྱབ་དང་ ལོགས་ཅིག་ཁ་ལས་ ནོརཔ་སྒང་ཆ་ཁྱབ་ གདོང་སྐོར་སྦེ་སྡོད་ཞིན་ན་ཟ་དགོ་ ཟེར་ཨིན་མས། ཕྱོགས་མདའ་རྐྱབ་ས་ རྟ་ལོག་ལུ་འབད་བ་ཅིན་ གསོལ་ཚོགས་རྟ་ལོགཔ་ཚུ་གིས་དྲང་དགོཔ་དང་ ནོརཔ་སྒང་ལུ་འབད་བ་ཅིན་ ནོརཔ་སྒང་ཆ་ཁྱབ་ཀྱིས་དྲངས་ཏེ་ ཧེ་མ་འབད་ཅིན་ གནམ་མེད་ས་མེད་སྤྲོ་བ་ཆེ་ཏོག་ཏོག་འབད་ ཕྱོགས་མདའ་རྐྱབ་སྲོལ་ཡོདཔ་ཨིན་རུང་ ཧེ་མ་བཟུམ་སྦེ་ཕྱོགས་མདའ་མ་རྐྱབ་པར་ ལོ་གསུམ་དེ་ཅིག་འགྱོཝ་མས་ཟེར་ སྤུ་ན་ཁ་ནོརཔ་སྒང་ལས་ མགོན་པོ་གིས་བཤད་ནི་འདུག།

 

Transcript search
No results found for this search
0 of 0
  • མགོན་པོ་ Goenpo;
    ད་ང་བཅས་ རྟ་ལོག་དང་ནོརཔ་སྒང་མའི་ མདའི་སྐོར་ལས་ཚར་ཅིག་ ཞུཝ་འདྲཝ་ཅིག་འབད་བ་ཅིན་ ང་བཅས་ར་གི་ རྟ་ལོག་ཚེ་བཅུ་འདི་ ཚེས་བརྒྱད་ལས་ འཆམ་མཇུག་ཕུལཝ་ཨིན་ཟེར་ ཞུ་ནི་ཨིན་ལགས།
    now lets explain about an account of archery match between Talo and Nobgang villages, as tshechu of Talo will be conclude by date 8th of bhutanese calender.
  • མགོན་པོ་ Goenpo;
    དེ་ལས་ ཚེས་བརྒྱད་ དགུ་ བཅུ་ཐམ་ བཅུ་གཅིག་དེ་ཅིག་དེ་ དེ་ལས་ ཡར་རྟ་ལོག་ཚེས་བཅུ་དེའི་གུ་ར་ བཞུགས་འོང་ཟེར་ ཞུ་ནི་ཨིན།
    then by 8th, 9th, & 10th, 11th the tends will---......
  • མགོན་པོ་ Goenpo;
    ཏེ་དེ་ལས་ རྟ་ལོག་ཚེས་བཅུ་འདི་ དེ་ལས་ཚེས་ བཅུ་ཐམ་ལས་གྲོལཝ་ཅིན་ དེ་ལས་ ཚེས་བཅུ་གཅིག་ བཅུ་གཉིས་ལས་ ཏེ་དེ་ལས་ ད་རུང་ ང་བཅས་ཀྱི་མདའ་དེ་ ཡར་གི་ ལྟདམོ་འདི་ རྟ་ལོག་གི་ སྒྲོམ་མཆོད་དེ་ མཇུག་བསྡུཝ་ཅིན་ ད་རུང་ ང་བཅས་རའི་ རྟ་ལོག་དང་ནོརཔ་སྒང་མི་གི་ཏེ་ འ་ནཱི་ སྒྲོམ་མཆོད་ཀྱི་ འགྲོས་བཟུམ་ཅིག་བཟུམ་ཅིག་ར་ཨིན་ལགས།
    then after end of festival and by 11 and 12 the end dromchoe too.after the match between Talo and Norbang will start afterwards.
  • མགོན་པོ་ Goenpo;
    ང་བཅས་རའི་ ཕྱོགས་མདའ་འདི་ ཏེ་ཨ་ནཱེ་སྦེ་ འགུ་བཙུགས་ད་ལགས། ཏེ་དེ་ལས་ ཧེ་མ་ར་ འགུ་དང་པ་འདི་ ལན་གསལ་ཡར་ལས་མར་ ནཱ་ལུ་ བཀལ་བཀལཝ་འབད་བ་ཅིན་ཏེ་མདའ་འགུ་འདི་ ནཱ་ལས་སྦེ་ བཙུགས་འོང་ཟེར་ ཞུ་ནི་ཨིན་ལགས།
    our archery match starts like this. at first if talo sent an consultation to norgang then Talo will be organizing the match.
  • མགོན་པོ་ Goenpo;
    ཏེ་ནཱ་ལས་ ཡར་ལུ་ མདའ་རྐྱབ་དགེ་ཟེར་ ཏེ་འ་ནཱི་བཟུམ་སྦེ་ ནཱ་ལས་ཡར་ལུ་ ལན་མཐའ་འདི་ ནཱ་ལས་ ཡར་ལུ་ བཀལ་བཀལཝ་འབད་བ་ཅིན་ ཏེ་མདའ་འདི་ འགོ་ཡར་ལས་བཙུགས་འོང་ཟེར་ ཞུ་ནི་ཨིན་ལགས།
    if norbgang sent an consultaion to talo then norbgang will be organizing
  • མགོན་པོ་ Goenpo;
    ཏེ་དེ་ལས་ ཉིནམ་བཞི་ ཉིནམ་བཞི་གི་ནང་སྐོར་ལུ་ ང་བཅས་ར་ མདའ་འདི་ཏེ་ ག་དང་ཡང་མ་འདྲའི་གི་མདའ་ཅིག་ ང་བཅས་རྟ་ལོག་ནོརཔ་སྒང་མའི་ མདའ་འདི་ཡོད་ཟེར་ ཞུ་ནི་ཨིན་ལགས།
    archery match between this two place was played in unique way for around four days.
  • མགོན་པོ་ Goenpo;
    ཏེ་དེ་ལས་ ད་མར་ བཅས་ར་གི་ ཏེ་ཕར་དང་ཚུར་ འ་ནཱི་ གསོལཝ་་གསོལ་ཇ་ དྲང་ནི་གིས་སྐོར་ལས་ཕར་ལུ་ འེང་་ཏེ་ ལུགས་སྲོལ་འདི་ཏེ་ ང་བཅས་ར་ གནམ་མེད་ས་མེད་མཁས་མཆོག་བཟང་པོ་ཅིག་ཨིན་ཟེར་ ཞུ་ནི་ཨིན་ལགས་ ཨ་ནཱི།
    we have a unique culture of offering tea and meals.
  • མགོན་པོ་ Goenpo;
    དེ་ལས་ ད་ཉིན་མ་གི་ དྲོ་པ་གི་གསོལ་ཇ་འདི་ རང་རང་ས་ར་ག་ར་ ཏེ་དེམ་སྦེ་ རང་ས་སོ་སོར་བཞེས་བྱོན་འོང་ཟེར་ ཞུ་ནི་ཨིན། ཏེ་དེ་ལས་ ཏེ་ཉིན་མའི་གསོལཝ་འདི་ལགས།
    so when comes to breakfast players will have from home and about lunch
  • མགོན་པོ་ Goenpo;
    ཉིན་མའི་གསོལཝ་འདི་གུ་ལྷོད་པའི་བསྒང་ལས་ཏེ་ དེ་ལས་ ང་བཅས་ཀྱི་ ཏེ་འེང་དང་ཕུ་གི་ སྒྲིག་ལམ་གུ་ལུ་ གནམ་མེད་ས་མེད་ འ་ནཱི་ དར་དང་གོས་ཆེན་གྱིས་ ཏེ་ཤ། ལྟོ། ཇ། འ་ནཱི་བཟུམ་ གསོལ་ཇ་ལྷམ་པ་མ་འདྲཝ། གསོལ་སྒྱེས་ལྷམ་པ་མ་འདྲཝ། གསོལཝ་ལྷམ་པ་རེད་ དཀརཔོ་ དམརཔོ་ འ་ནཱི་ཚུ་ ལྷམ་པ་མ་འདྲཝ་ ཏེ་གསོལ་ཇ། ཇ་མངར་ཇ། སྲུ་ཇ། ཕུད་ཀ་ལས་ འགོ་བཙུགས་ཏེ་གི་སྦེ་ ལྷམ་པ་མ་འདྲཝ་མ་འདྲཝ་སྦེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
    we bhutanese focus and concern more about our etiquette.so lunch will be of different types like tred rice,white rice, and tea like butter tea, sweat tea nad black tea and different curry.
  • མགོན་པོ་ Goenpo;
    ཏེ་འ་ནཱི་བཞེས་པའི་ ནམ་དུས་ནང་ལུ་ ང་བཅས་ར་ད་ གན་ཀྲ་(ཆུ་ཚོད)ཕྱེད་དང་གཉིས་དེ་ཅིག་ བཞུགས་འོང་ཟེར་ ཞུ་ནི་ཨིན་ལགས། གཅིག་ དེ་ལས་ ཏེ་ ང་བཅས་ར་ ཏེ་འ་ནཱི ནཱ་ལས་མར་ ཕར་འབའ་ཁར་ལུ་ འབག་ནིའི་དོན་ལུ་ གནམ་མེད་ས་མེད་ཀྱི་ བཅའ་སྒྲིག་ དུང། རྒྱ་གླིང་། ཏེ་དེ་ལས་ བང་རྔ་ཀྲིང་ཀྲི་ལས་བསུ་བ་ དེ་ལས་ འ་ནཱི་ཚུ་ ཏེ་བཞེས་སྒོ་ཚུ་ག་ར་ ཕར་གི་ བཞེས་ནིའི་དོན་དག་ལས་ ནཱ་ལས་ཕར་ལུ་ ཏེ་འ་ནཱི་བཟུམ་གྱི་ ཏེ་ཆིབས་གྲལ་བཙར་ཏེ་གིས་སྦེ་ ཏེ་བང་རྔ་ཀྲིང་ཀྲི་རྡུང་། དུང་རྒྱ་གླིང་འཕུ་ ཏེ་སེར་སྦྲེངས་འབད་དེ་ར་ ཕར་འབའ་བསྐོར་ར་རྐྱབ་ ཏེ་འ་ནཱེ་སྦེ་ དྲངས་དགོ་ཟེར་ ཞུ་ནི་ཨིན་ལགས།
    so during time of lunch they will rest for one and half hour and have lunch.when lunch bring towards playfield for players it will be receive with the preparation of drum, shawn, rattle trumpet in cavalcade and all when reach to palyfield it make round theb ground and target and then make offer.
  • མགོན་པོ་ Goenpo;
    ཏེ་འ་ནཱི་ འབའ་སྐོར་ར་སྦེ་འབད་ ཏེ་དེ་ལས་ ཏེ་དངམ་གསོལཝ་འདི་དྲངས་ དེ་ལས་ གཉིས་པ་གསོལཝ་དེ་ དྲང་ཚརཝ་ཅིན་ ཏེ་དེ་ལས་ མདའ་རྩིགཔ་ཚུ་ཡང་ ཏེ་གསོལཝ་བཞེས་ཚར་བའི་བསྒང་ལས་ ཡར་བཞེངས་ རང་ས་ར་སོ་སོར་གྱི་ཏེ་ མདའ་ཆ་འདི་ཚུ་ཏེ་ ཕྱག་མདའ་འདི་ཚུ་ འ་ནཱི་བཟུམ་སྦེ་ ཆོག་སྒྲིག་བཀལ་བའི་བསྒང་ལས་ ཏེ་དེ་ལས་ ང་བཅས་ཀྱི་ འ་ནཱི་ ལྟོ་འབག་མི་དེ་ཚུ་ཡང་ ཏེ་ད་ ལོག་ད་རུང་ ཕར་ལས་ཚུར་ ཏེ་ཧེ་མ་འགྱོ་དོ་བཟུམ་སྦེ་ར་ ཏེ་བང་རྔ་ཀྲིང་ཀྲི་རྡུང་འབད་སྦེ་ཏེ་ ད་རུང་ཚུར་ ང་བཅས་ར་ ཏེ་ཁྱིམ་གྱིམ་ལོགཔ་ཨིན་ཟེར་ ཞུ་ནི་ཨིན་ལགས།
    after they have their lunch players will proceed their play and the person who brought lunch will also move back like how they have receive when brought to playfield.
  • མགོན་པོ་ Goenpo;
    ཏེ་དེ་ལས་ ཏེ་ང་བཅས་ར་གི་ ཏེ་རྟ་ལོག་ཚེས་བཅུ་འདི་ གྲོལཝ་ཅིག་ མདའ་འདི་ འགོ་བཙུགས་ནི་དེ་གིས་ཏེ་ མི་ཡང་ གནམ་མེད་ས་མེད་ལགས།
    our Talo archery match will start after end of festival
  • མགོན་པོ་ Goenpo;
    ཏེ་འབའ་ཐང་ནང་ མ་ཤོང་མའི་མི་ཡང་ ཏེ་གནམ་མེད་ས་མེད་ཀྱི་ཟིལ་རི་ མདའ་གི་ལྟདམོ་གི་སྐོར་ལས་འབད་རུ་ཡང་ ད་ང་བཅས་ར་ དེ་བསྒང་འབད་བ་ཅིན་ ཏེ་གནམ་མེད་ས་མེད་ཀྱི་ འེང་ཨ་ནཱི་ སྤག་ཤིང་དང་ ཨ་ནཱི་མདའ་འབད་རུང་ ཚར་གི་མདའ། ད་རེས་ནངས་པ་ཉིད་ག་འབད་བ་ཅིན་ཏེ་ ད་ང་བཅས་ར་ གཞུ་འབད་རུང་ གཞུང་གི་ ཨ་ནཱི་པུལ་(ཕྱི་རྒྱའི་གཞུ) མདའ་འབད་རུང་ ལྕགས་ཀྱི་མདའ་ གནའ་མེད་ས་མེད་ ཆོག་སྒྲིག་ཡོད་ཟེར་ ཞུ་ནི་ཨིན་ལགས།
    there wil be lots of people in playgrond watching match. about bow and arrow in olden days players will prepare of bamboo and wood and with modern nowadays they will have of modern bow and arrow(polley)
  • མགོན་པོ་ Goenpo;
    ང་བཅས་ར་ ཡར་ལས་མར་ལུ་ ཏེ་ཡུད་ཅིག་ ལྷ་ལམ་མདའ་རྩིགཔ་ར་ མི་ཉུང་ཤོས་འདི་ར་ མི་བཅོ་བརྒྱད་དེ་རེའི་རྩིས་ ཏེ་ཨིན་ཅི་མིན་ཅི་ར་ ད་བསྐོར་ཐེངས་ ཚར་རེའི་ནང་ལུ་ མི་བཅོ་བརྒྱདཔ་འདི་ ཚར་རེ་ཚར་རེ་ ཏེ་འ་ནཱི་བཟུམ་མི་གི་ ཏེ་གནམ་མེད་ས་མེད་ མི་ཡང་མང་དྲགས་ཡོད་ཟེར་ ཞུ་ནི་ཨིན།
    a team will have atleast of 18 members in minimum and in toal we will have 36 in numbers.which is more people will inchude
  • མགོན་པོ་ Goenpo;
    ཏེ་དེ་ལས་ ད་སྤུ་ན་སྒྲོམ་མཆོད་ཀྱི་ འགྲོས་བཟུམ་སྦེ་ སྤུང་ན་སྒྲོམ་མཆོད་ཅིག་ལས་འདི་ ང་བཅས་རྟ་ལོག་ ནོརཔ་སྒང་མ་གི་ མདའ་འདི་ཏེ་ གནམ་མེད་ས་མེད་ ག་ཏེ་གུ་ཏེ་ལས་ཀྱི་ མི་ནང་ག་ལྟདམོ་བལྟ་བ་འོང་། ཏེ་དེ་ལས་ ཏེ་ཕྱག་མདའ་འདི་ཚུ་ ང་བཅས་ར་ ཡར་དང་མར་ རེ་ཚེ་སྐབས་ཡར་རྒྱལ་ རེ་ཚེ་སྐབས་མར་རྒྱལ་ཏེ་ར་ ཏེ་འ་ནཱི་བཟུམ་གྱི་ ཏེ་ད་ལོ་ ང་གི་ཤེས་ཏེ་གིས་སྦེ་ ལོ་བཅོ་ལྔ་ བཅུ་དྲུག་ཅིག་ ཏེ་འ་ནཱེ་སྦེ་ ཕྱག་མདའ་གནང་ནུག་ཟེར་ ཞུ་ནི་ཨིན།
    so like punakha domchoe we will have lots of people from different places coming for watching match exceeding in place. winning of match will be depend but it has been 15-16 years i was knowing that winning is turn wise turn.
  • མགོན་པོ་ Goenpo;
    ཏེ་ད་ ན་ཧིང་ཞེ་ཧིང་ཅིག་ལས་སྦེ་ ད་ལོ་གསུམ་དེ་ཅིག་ ཕྱག་མདའ་མ་གནང་པར་ཡར་སོང་ནུག། ཏེ་ད་ འདི་ཡང་ ག་ཅི་འབད་ཨིན་ན་ ཏེ་ང་བཅས་ཀྱིས་འདི་ ཞུ་ནི་མིན་འདུག།
    it was last year or before last year three years till now not organising the match. reason was unknown.
  • མགོན་པོ་ Goenpo;
    ཏེ་ག་ར་མ་པ་ ད་ད་རུང་གསུང་གྲོས་ ད་རུང་ གནང་བ་ཅིན་ ཏེ་ཡན་མདའ་རྐྱབ་ནི་གྱི་ ནེམ་ཅིག་འོང་ལགས། ད་མ་པ་ག་ར་ འབའ་ཐང་འདི་ཚུ་ཡང་ ཧེ་མའི་ལུགས་ ལུགས་གཞི་ག་ཨིན་འབད་ར་ཡོད་ཟེར་ ཞུ་ནི་ཨིན་ལགས།
    if there is dicussion for play it will able to continue.the playground and all was like before, no change.
  • མགོན་པོ་ Goenpo;
    ཏེ་ད་ ངབཅས་རའི་ མདའི་རྒྱལ་གྱི་ དབང་དུ་བཏངམ་འདྲཝ་ཅིག་འབད་བ་ཅིན་ ཏེ་མདའི་རྒྱལ་འདི་ རྒྱལ་ཟེར་མེད་ཟེར་ ཞུ་ནི་ཨིན་ལགས། རྒྱལ་འདི་མ་པ་ལས་ར་ ད་སྐུགས་འབད་བ་ཅིན་ ཧེ་མ་མཐོ་ཤོས་འདི་ ཡང་ན་ ཧེ་མའི་མ་འདི་ ཁལ་གཅིག་བཅོ་བརྒྱད་དེ་ཅིག་འབད་བ་ཅིན་
    when comes to match point of archery where every games got it particular point.so our match has got maximum of 20,18 and
  • མགོན་པོ་ Goenpo;
    ཏེ་ཤུལ་ཤུལ་གྱི་ བུ་འདི་ ཁལ་གཅིག་ལྔ་དེ་ཅིག་ ཤུལ་ཤུལ་གྱི་ངོ་འདི་ཏེ་ ཁལ་གཅིག་གསུམ་དེ་ཅིག་ འ་ནཱིམ་ཅིག་འོང་ཟེར་ ཞུ་ནི་ཨིན་ལགས། འ་ནཱི་ སྐུགས་ཀྱི་ལྷམ་པ་གསུམ་ཡོད་ཟེར་ ཞུ་ནི་ཨིན་ལགས།
    midium of 25 and minimum of 23 as it was in three types.
  • མགོན་པོ་ Goenpo;
    མ། བུ། ངོ། མ་ཟེར་མི་འདི་ མཐོ་ཤོས་མཐོ་ཤོས་འདི་ ཁལ་གཅིག་བཅོ་བརྒྱད་དེ་ཅིག་འོང་ལགས། ཏེ་དེ་དང་འཁྲིལ་ཏེ་གི་སྦེ་ ད་འདིའི་འོག་གི་ ཞུཝ་འདྲཝ་ཅིག་འབད་བ་ཅིན་ བུ་འདི་ ཏེ་ཁལ་གཅིག་བཅུ་བཞི་དེ་ཅིག་ལགས། ཏེ་དེ་ལས་ འདི་ཀྱི༌ངོ༌འདི༌ ཞུ༌བ༌ཅིན༌ ཁལ༌གཅིག༌ལྔ༌དེ༌ཅིག༌ལགས།
    like this type miximum,midium and minimum, approximately miximum will have 20,18. midium will have 20,14 and minimum will have 20,5
  • མགོན་པོ་ Goenpo;
    ང་བཅས་ར་ ད་མ་འདི་གཅིག་གིས་མཆོད། ཏེ་བུ་འདི་གཅིག་གིས་མཆོད་ད་པ་ཅིན་ ཁོང་གཉིས་འདྲན་འདྲ་སྦེ་འགྱོ་ནི་མས་ལགས།
    so if one team win miximum that is 20,18 and one team win medium that is 20,14 then point is eqaully.no one will win.
  • མགོན་པོ་ Goenpo;
    འེང་་ད་མ་འདི་གཅིག་གིས་མཆོད། བུ་འདི་ཡང་གཅིག་གིས་མཆོད། ཏེ་དེ་ལས་ ཧེ་མ་གི་གཉིསཔ་དེ་ འདྲན་འདྲ་མཆོད་སྦེ་འབདཝ་ད་ ལོག་ཤུལ་ཤུལ་གྱི༌ངོ་འདི་ གཅིག་གིས་མཆོད་ད་པ་ཅིན་ འ་ནཱི་གསུམ་ འདྲན་འདྲ་འགྱོཝ་མས་ལགས།
    if one team win miximum and one win medium and went equally and in third round that is main one was win by one team then this three will be equal.
  • མགོན་པོ་ Goenpo;
    ཏེ་དེ་ལས་ ཨ་ནཱི་ ད་གཅིག་གིས་ ཧེ་མ་ མ་འདི་གི་ ཁལ་གཅིག་བཅོ་བརྒྱད་འབད་མི་དེ་གིས་ མ་འདི་མཆོད་ད་པ་ཅིན་ ཏེ་འདིའི་ཤུལ་ཤུལ་ལས་ཀྱི་འདི་ འཇམ་ཟེར་ཞུ་ནི་ཨིན་ལགས། དེ་ལས་ གནམ་མེད་ས་མེད་ ང་རྒྱལ་ཡང་ མར་ཨ་རྩི་འབབ་འབད་སྦེ་སྡོད་འོང་ལགས།
    then if team win 20,18 it is easy to win the match witout any ego of wiining.
  • མགོན་པོ་ Goenpo;
    ཧེ་མའི་དེ་གུ་ར་ ག་ཐོབ་རྐྱབ་པའི་ལགས་ རྒྱལ་ནི་འདི། ཏེ་འ་ནཱི་ རྒྱལ་ཟེར་མེད་ལགས། གྱང་ཁ་འདི་ཐུང་ནི་དེ་གི་ གྱང་ཁ་འདི་སྒྲིགཔ་ཅིན་ འདི་མཆོད་པའི་གྲངས་སུ་སྦེ་ བཞགཔ་མས་ལགས། ཏེ་དེ་ལས་ ཨ་ནཱི་ ཉིམ་བཞིཔ་དེ་མདའ་རྐྱབ། ཉིནམ་ལྔ་ མ་པ་མདའ་འདི་ ཉིནམ་ལྔ་རྐྱབ་དགོ་ལགས།
    what each team does is prefer in winning first one. so there is no as such of winning but what they do is count the point and takeout the total point.match will be played for around five days but after four days what they do is
  • མགོན་པོ་ Goenpo;
    ཉིནམ་ལྔ་རྐྱབ་ད་ འེང་་ཉིནམ་བཞིཔ་དེ་ རྡོས་ཁག་ཁ་སྦེ་ རྐྱབ་པའི་ཤུལ་ལས་ ཏེ་ལྔཔ་འདི་ ལངས་པའི་བསྒང་ལས་ ཏེ་ངབཅས་ར་ ཧེ་མ་ལུ་ འ་ནཱི་བཟུམ་ ག་ཅི་གུ་ཅི་ ཏེ་བླམ་དཀོན་མཆོག་འདི་ཚུ་ ལེགས་ཤོམ་སྦེ་ཞུ། ནཱ་ང་བཅས་རའི་ ས་སྒོ་ནང་བསྐྱལ། ཏེ་དེ་ལས་ ས་སྒོ་ནང་ལྷོདཔ་ད་ གསོལ་ཁ་ཕུལ། ཏེ་འདི་ ང་བཅས་ཀྱི་ རྒྱབ་སྐྱོར་ཨིན་ཟེར་ ཏེ་འ་ནཱི་བཟུམ་སྦེ་ དེམ་སྦེ་འབད་ཚརཝ་ཅིག་ ཏེ་དེ་ལས་ ཉིནམ་ལྔཔ་འདི་ ཉིནམ་ལྔཔ་ཟེརཝ་ད་ ཏེ་དེ་ལས་ བྱེལ་ཁྲུ་ཟེར་ ཏེ་མདའ་འདི་ཡང་ཏེ་ དེ་ལས་ བྱངམ་ཕྱད་མེད་ལགས།
    after they have played for four days players will invite three tripple gem on place on fifth day and perform some religious prayer to dharma protector signifying a protection. after that there will be no enemy and fifth day is consider as free enemy day.
  • མགོན་པོ་ Goenpo;
    ང་བཅར་ར་ མདའ་ཁ་ཚར་ཅིག་ འ་ནཱེ་སྦེ་ ཏེ་ང་བཅས་ ནཱ་ལས་འབད་བ་ཅིན་ ཡར་རྟ་ལོག་བལྟ་བཏང་འོང་ལགས། མདའ་གི་ཁ་ ཏེ་མཇུག་བསྡུཝ་ད་ཡང་ རྟ་ལོག་བལྟ་བསྡུ་དགོ་ལགས་ མདའ་ཁ་ཡར་བལྟ།
    if we norbgang is organizing archery match then we will shoot arrow towards Talo and if Talo is organizing a match the they will shoot towards our place
  • མགོན་པོ་ Goenpo;
    ཏེ་རྟག་ལོག་ཚུ་གིས་འབད་བ་ཅིན་ མཇུག་བསྡུཝ་ད་ ནཱ་ངབཅས་ཧོངས་ལས་གི་ འབའ་འདི་ཁ་ལས་བསྡུ་འོང་ལགས། མར་མི་ཧོངས་ལས་ཀྱི་ འབའ་འདི་ཁར་ལས། ཏེ་འ་ནཱི་ རང་སའི་ སོ་སོར་གྱི་ རྣམ་རྟོག་ཨིན་ལགས་འ་ནཱི།མ་པ་རྒྱལ་ཐང་འདི་ར་དེ་ཏེ་ ང་ད་ལྟོ་ཞུ་དོ་བཟུམ་འབད་ཨིན་ལགས། མ། བུ། ངོ་། མ་བུ་ངོ་གསུམ་ཟེར་ཡང་ སླབ་འོང་ལགས། འ་ནཱི་ སྐུགས་འདི་ལུ་ ཏེ་རྒྱལ་དེ་ ག་ནི་ཡང་མེད་ལགས་ཨ་ནཱི།
    it is our own belief that when windup the match talop will end on our target.
  • མགོན་པོ་ Goenpo;
    ཏེ་ངབཅས་རའི་ ད་བཞེས་སྒོ་གི་སྐོར་ལས་སྦེ་ ཨ་ནཱེ་ཞུཝ་འདྲཝ་ཅིག་འབད་བ་ཅིན་ བཞེས་སྒོ་ཡང་ འ་ནཱི་བཟུམ་སྦེ་ ད་ཅི་ཞུ་དོ་བཟུམ་འབད་ཨིན་ལགས། འདི་གནམ་མེད་ས་མེད་བྱེད་མེད། དེ་ང་བཅས་ར་ ཏེ་ལ་ཕུག་ཆང་པ་། གོན་ཆང་པ། ཏེ་དེ་ལས་ སྦས་ཟུམ། ཨེ་མ་དར་ཚིག། ཨ་ནཱིམ་ མ་འདྲཝ་རྣམ་པ་སྣ་ཚོགས་འབད་ཞིནམ་ན་ལས་ ཏེ་འ་ནཱི་རེ་རེ་ནང་རེ་རེ་ལུ་ སྤུ་ར་(ཆ་མཉམ)མ་འདྲཝ་མ་འདྲཝ་སྦེ་ ཆོག་སྒྲིག་ཟེརཝ་ཅིག་བཀལ།
    so our fooding is like what we have mention above.prepare raddish barman,cucumber barman and ema datshe(chilli cheese) and many different types will made and enjoy.
  • མགོན་པོ་ Goenpo;
    ཏེ་དེ་ལས་ ཧེ་མ་ཧེ་མ་ར་ བང་རྔ་ཀྲིང་ཀྲི་རྡུང་མི། འདིའི་ཤུལ་ཤུལ་རྒྱ་གླིང་། འདིའི་ཤུལ་ཤུལ་དུང་། ཏེ་འདིའི་ཤུལ་ཤུལ་ ང་བཅས་ཡར་ལས་མ་གི་ བཞེས་སྒོའི་སྦོམ་ཆུང་དང་འཁྲིལ་ གོ་རིམ་ཧེ་མ་ལས་ར་ བཟོ་བཞག་འོང་སྦ་ལགས། འ་ནཱི་གོ་རིམ་ ཏེ་མཇུག་མཇུག་ར་མ་ལས་ མར་ལས་གོན་ཆང་པ་དེ་དང་ ལ་ཕུག་ཆང་པ་འདི་ འ་ནཱིའི་བསྡུ་བའི་ལགས། མར་ལས་སྦེ་ མཇུག་མཇུག་ར་ འ་ནཱེ་སྦེ་ཨིན་ལགས།
    then firstly bet drum,followed by trumpet,shawn,rattle and arrange our food on sequence and found cucumber barman and raddish barman at end.
  • མགོན་པོ་ Goenpo;
    ཏེ་ཁོང་གི་ མཛར་ཅུམ་འདི་ དམངས་ཁ་ཤོ་སྦེ་ར་སྡོད་འོང་ལགས་ ནཱི། ཏེ་འ་ནཱི་ མཛར་ཅུམ་བཞེས་པའི་སྐབས་ལུ་ཡང་ ཕར་དང་ཚུར་སོ་སོར་ནང་ལུ་ ག་ཏེ་ཡང་བྱོན་མི་ཆོག་ལགས་ག་ར་འབད་རུ། རྟ་ལོགཔ་ཆ་ཁྱབ་ ཕཱིལས་མར་ལའི་ནི(གྱལ)གཅིག། ནོརཔ་སྒངམ་ཆ་ཁྱབ་ ཚུར་ལས་མར་གྱལ་གཅིག་སྦེ་ ཨ་ནཱེ་སྦེ་ གདོང་སྐོར་སྦེ་སྡོད་འོང་ལགས།
    their pinic wil be in public where no one is allowed to go outside.everyone must sitted in respective group where talop will make one line and nobgang wil make one line respectivly from differnt direction and atlast come closser to eachother.
  • མགོན་པོ་ Goenpo;
    འ་ནཱི་ ཁོང་ཡར་གྱི་འབད་བའི་སྐབས་ལུ་ཡང་ ངབཅས་ནང་ལུ་ འབྱེལ་མི་འ་ནཱི་ མདའི་དྲངས་བཞག་ཆ་རོགས་འབད་མི་ རྩིསཔ་ག་ཅི་འབད་རུང་ བཞེས་སྒོ་ག་ར་ཡར་ལས་ཐོབ་ལགས། ཡར་ལས་ ཏེ་ཁོང་ཡར་ལས་མར་ ནཱ་འབྱོནམ་ད་ཡང་ ཏེ་ནཱ་གི་ཚུ་གིས་ ཏེ་ག་ར་མདའི་བཅའ་མར་མ་གཏོགསན་མ་ཤེས་ གཏོགས་ཚེས་གཅིག་ ཐབ་ཚངཔ་ལས་འགོ་བཙུགས་ག་ར་ བཞེས་སྒོ་ནཱ་ལས་ ང་བཅས་ཀྱིས་ ནཱ་ལས་ འབྱིན་འོང་ལགས།
    when evar norbgang organize match we will get meals and drinks like we have offer to them as we also prepare them foods and drinks including cooks and all.
  • མགོན་པོ་ Goenpo;
    ཏེ་རང་གི་ཧོངས་ལས་ཀྱི་ མི་ཡོད་པ་ཅིན་ བསྟོད་པ་རྐྱབ་ ཏེ་གནའ་མེད་ས་མེད་ འ་ནཱི་ གཅིག་གཅིག་ལུ་ གནམ་མེད་ས་མེད་དེམ་འབད་བའི་ལགས། ཏེ་འ་ནཱི་ བཀབ་ནེ་རལཔ་ཡོད་པ་ལགས། ཨམ་སྲུ་ཚུ་གི་བཀབ་ནེ་རལཔ་ འདི་ཚུ་ཏེ་ ཕར་རང་གིས་ དེམ་དང་འཁྲིལ་ འེང་་ཕར་མདའ་གུ་ཡང་ རེག་སག་ས་ མིག་ཏོ་གུ་ཡང་རེག་སག་ས་སྦེ་ གནམ་མེད་ས་མེད་ བཟོ་བཤད་ཟེརཝ་ཅིག་རྐྱབ་ཏེ་ ང་བཅས་ནཱ་གྱི་ མི་ཚུ་གི།
    so coming to cheerup the match if there is people from team then we impress the players and make them happy.and our women with her rachu rep cheerup like hitting on tip of arrow and eye of players.it was so interesting part of cheering up for team.
  • མགོན་པོ་ Goenpo
    ཏེ་དེ་ལས་ འ་ནཱི་བཟུམ་ ང་བཅས་རའི་ ཏེ་མདའ་འདི་ལགས། མདའ་འདི་འ་ནཱི་སྦེ་འབད་ཚརཝ་ཅིན་ རོགས་མི་རྒས་ཤོས་འདི་ཚུ་གིས་ཏེ་ད་ མི་བཅོ་བརྒྱད་འབདཝ་ད་ལགས། ཧེ་མ་ར་ ཨ་ནཱི་རྩིསཔ་དེགིས་ ང་ད་ལྟོ་ཞུ་དོ་བཟུམ་སྦེ་ ལོ་སྟག་འབད་མི་ ཧེང་རྐྱབ་ ཧེ་མ་ར་ སྟག་འདི་རྐྱབ་དགོ་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ད་ཁུངས་འདི་ ང་བཅས་ཡར་ལས་མར་ ལོ་བཞིན་གྱི་ཁུངས་འདི བཀལ་མི་ཤེས་པས། ཏེ་སྟག་འདི་ལགས་
    so like our archery match finish like that and afterwards elder person as there are 18 players so astrologer will tell the person who born to tiger year to shoot at first.there is no as such reason for yearly it is but
  • མགོན་པོ་ Goenpo;
    ཏེ་སྟག་མཆོངམ་དེས་ཟེར་ལགས། ཁོ་ག་ཅི་ལས་ཡང་ ཁམས་ གཟུགས་སྐརམ་ འེང་ཁམས་ཤིང་། ཆུ། མེ། རླུང་། ས་ འ་ནཱི་བཟུམ་ག་ར་ བསྡུ་བསྡུཝ་ཨིན་ཟེར་ ཨིན་པས་ལགས་སྟག་དེ།
    because tiger will jump without any fear so he has a power to control all other element like tree,water,wind and earth(soil)
  • མགོན་པོ་ Goenpo;
    ཏེ་ང་བཅས་ར་ ནཱ་གི་འཐེན་ཐངས་ག་ཡོད་མི་འདི་ ག་ལཱ་བྱ་ཡོད་མི་འདི་ འ་ནཱི་ མ་ མ་སྦེ་རྩེད་འོང་ལགས་ འ་ནཱི། ཏེ་ཧེ་མ་ཧེ་མ་རྐྱབ་མི་འདི་བུ། དབའེ་དབའེ་ད་འབདན་ ཁྱོད་ཀྱི་ཕར་ལས་ བུ་བཏང་ཞིག་ བུ་བཏང་ཞིག་ཟེར་ འ་ནཱེ་སྦེ་ཐོན་འོང་མ་ལགས། ཏེ་དེ་ལས་ ཨ་ནཱི་ རོགས་མི་བཅོ་བརྒྱདཔ་འདི་ ཧེ་མ་ར་ འ་ནཱི་བཟུམ་སྦེ་ བུ་རྐྱབ། འདིའི་ཤུལ་ཤུལ་གྱི་བུ་ཡ་རྐྱབ་ འ་ནཱེ་འབད་བའི་བསྒང་ལས་ཏེ་ དེ་ལས་ རྒས་ཤོས་དེ་ཚུ་གིས་ཏེ་ གཞུ་མཁརཝ་བཙུགས་འབད་སྦེ་ ཏེ་དེ་བསྒང་གི་གཞུང་སྒྲ་ མཚན་ལྡན་ཚོགས་པའི་ཚོགས་ལུགས་ལོ། གནམ་མཁའ་སྤྲིན་གྱི་དྭངསམ་ལོ། གསུང་གི་ཁུ་བྱུས་་སྔོནམ་ལོ། གངས་དཀར་སེང་གེ་ལོ། འ་ནཱི་བཟུམ་ ལེ་ཤ་འདུག་ལགས། ང་བཅས་ཀྱིས་ ཤེས་དེ་ར་འཐེན་ས་མཐོང་ཅིག་ལགས།