Skip to main content Skip to search
28 Aug 2018
2 min 57 sec
Video Overview
Creators: 
Penchela

An account of Ap Wang Drugay was shared by Tshewang from Damphu town, Tsirang Dzongkhag. Ap Wang Drugay is a popular and intellegent man from Wang under Thimphu Dzongkhag. Once he sold land to a man, claiming one cannot see the end of his field from one side with a stone in the middle of the field. So the man, believing him, paid the price Wang Drugyel demanded. Later when he went to work in the field, it became apparent that the field had a bend in the middle. So one could not see the other end, but it the field was not large, leaving the man frustrated. Later, Ap Wang Drugyal went to the same field with his only goat. The goat grazed from atop the stone in the middle of the field, since the stone had not been sold. The man again had to pay an additional amount for the stone. Thus, Wang Drugyal cleverly fetched a good price for his field.

Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    ང་བཅས་ར་ཝང་ལས་ དང་ཕུག་དང་ཕུག་ལུ་ཨཔ་མར་ཝང་ལས་ཨིན་པས་ཝང་ཝང་ལས་ཏེ་ཨཔ་ཝང་འབྲུག་རྒྱལ་ཟེར་མི་ཅིག་ཡོདཔ་མས་ཁོ་ཁོ་རའི་མིང་འདི་ ཝང་འབྲུག་རྒྱས་ཟེར་སླབ་མས།
  • ཚེ་དབང་ Tshewang
    ཏེ་ཁོ་གནམ་མེད་ས་མེད་མི་གི་རིག་པ་མཁས་དྲག་ཅིག་ཁོ་ མི་གི་སྦུག་ནང་ལུ་རིག་པ་ཡོད་མི་ཅིག་ཨིན་མས་སྦ་ཏེ་ང་བཅས་དང་ཕུག་མི་འདི་ཚུ་ རིག་པ་དེ་སྦེ་མིན་འདུག་སྦ་ཏེ་རིག་པ་འདི་ཁོ་ར་ར་མཁས་ལོ་སི།
  • ཚེ་དབང་ Tshewang
    ཁོ་ང་བཅས་ཀྱི་ དཔེ་འབད་བ་ཅིན་ ང་བཅས་ར་མི་གི་རིག་པ་བཙུགས་མི་ཅིག་མས་སྦ་ ཏེ་ཁོ་གི་ཨེང་་་ཏེ་ཁོ་དང་གཅིག་ཁར་ལུ་ཁོ་གི་མར་ཝང་ལུ་ཨ་ནཱི་མཁར་ས་གྲབ་ཆུང་གི་ ཨ་ནཱ་ཕར་ལུ་ཏེ་ཁོ་གི་ས་ཨིན་མས་སྦ་ཝང་གི་ས། ཏེ་ཁོ་ས་བཙོང་ནི་ཟེར་སླབ་སླབ་མས།
  • ཚེ་དབང་ Tshewang
    ཏེ་སླབ་ད་མི་ཅིག་གིས་ཏེ་ས་ཁོ་གིས་ ཉོ་གེ་ཟེར་སླབ་སྦེ་ཏེ་ས་འདི་ ཁོ་ཕར་ས་ག་ཏེ་ཡོདཔ་ཨིན་ན་ ཧེ་མ་བལྟ་ར་མ་བལྟ་བབལྟ་ར་མ་བལྟ་བ་འབད་ཞིནམ་ད་ ས་གོང་བསྒྲིགས་སྦེ་ཏེ་ས་ཉོ་ནི་སྦེ་གོང་བསྒྲིགས་སོང་ནུག་ཁོང་ར་གཉིས།
  • ཚེ་དབང་ Tshewang
    གོང་བསྒྲིགས་ ཏི་རུ་ལེན་འབག་སྦེ་ཏེ་ས་གི་རིང་གོང་ཡང་ ལེན་འབག་ཆེ་ནུག་ཏེ་ལེན་འབག་སྦེ་ཞིནམ་ད་ཤུལ་མ་ཏེ་ས་འདི་བལྟཝ་ད་ལུ་ཏེ་ ཏེ་ཨཔ་ཝང་འབྲུག་རྒྱལ་སླབ་ནུག་འདུག་སྦ།
  • ཚེ་དབང་ Tshewang
    ཨེང་་་ཨ་ངེ་སའི་ལོ་རྒྱུས་འདི་ སླབ་མི་དགོ་ཁྱོད་ར་ངེ་ས་མགོ་ལས་བལྟནི་མཇུག་མི་མཐོང་མཇུག་ལས་བལྟནི་ ཡར་མགོ་མི་མཐོང་ཟེར་ཏེ་ཨིན་ར་ཨིནམ་འདྲས་ཟེར་སླབ་འབད་སྦེ།
  • ཚེ་དབང་ Tshewang
    ཏེ་ཁོ་ཏི་རུ་འདི་ ཨེང་་་ཁོ་ར་སླབ་མི་འདི་གུ་ར་ ལེན་འབག་སྦེ་ཡར་སོང་ནུག་པ་ཏེ་མི་ལེན་འབག་ཏི་རུ་འདི་ཁོ་ལེན་འབག་ཆེ་འདུག་ཏེ་ས་འདི་རོགས་ ས་གི་ས་ཉོ་མི་འདི་ས་བལྟ་བ་འགྱོ་བའི་བསྒང་ལས།
  • ཚེ་དབང་ Tshewang
    ཁོ་ས་འདི་ཏེ་མར་ཨ་རི་ཕྱ་སི་སི་ཅིག་སྦེ་སྒོར་ལྟབ་ག་ར་སྒོར་ལྟབ་འབད་སྦེ་ ཏེ་ཨིན་ནི་འདི་ཨིན་མས་ཟེརཝ་མས་ལོ་མར་ལས་བལྟཝ་ད་ མར་མ་མཐོ་མར་ལས་བལྟཝ་ད་ཡར་མ་མཐོང་མི་འདི་བར་ན་སྐོར་ལུ་ཏེ་སྒོར་ལྟབ་གཅིག་ཡོད་དེ་ མ་མཐོངམ་མས་ཏེ།
  • ཚེ་དབང་ Tshewang
    ཨ་ནཱི་སྒོར་ལྟབ་ཅིག་འབད་དེ་ལས་བར་ན་རྡོ་ཕུག་སྦོམ་གཅིག་སྦེ་རྡོ་འདི་གི་མ་མཐོང་མ་མཐོངམ་མས་ཏེ་འ་ནཱི་ས་བཙོང་བཞག་སྦེ་ཏེ་ཤུལ་ལས་རོགས་ཏེ་ལཱ་འབད་ལྕང་ལཱ་རྐྱབ་སྦེ་ བྱཱ་ཚོ་ཨ་ནེ་སྦེ་སྡོདཔ་ད་ཨཔ་ཝང་འབྲུག་རྒྱལ་གྱིས་ར་བདའ་ཁོ་ར་ཡོདཔ་མས་སྦ།
  • ཚེ་དབང་ Tshewang
    ཏེ་ར་བདའ་སྦེ་ རྡོ་འདི་གུ་བཀལ་ཏེ་ཁོ་ར་ཡང་རྡོ་ཕུག་འདི་གུ་སྡོད་ར་འདི་ཚུ་ཡང་ རྡོ་བའི་གུ་བཞག་སྦེ་ཐགཔ་ཁོ་ར་ལག་པ་བཤེད་སྡོད་སྦེ་ ཏེ་ཁོ་ར་འདི་གིས་ རོགས་ཕར་གྱི་རེད་བྱཱ་བཟའ་ཚུར་ཡང་བྱཱ་བཟའ་ཏེ་འ་ནཱི་ཏེ་རོགས་ཏེ་ས་ཉོ་མི་འདི་གིས་སླབ་སླབ་མས།
  • ཚེ་དབང་ Tshewang
    དབའེ་ཨཔ་ཝང་འབྲུག་རྒྱལ་ཏེ་ཁྱོད་ས་འདི་ ང་ཉོ་ཚར་ཚརཝ་ཨིན་ཏེ་ཁྱོད་ར་འདི་ རྡོའི་གུ་བཀལ་སྦེ་ ངེ་བྱཱ་ག་ར་བཟའ་ཚར་འདུག་ཏེ་ག་དེ་སྦེ་སྨོ་ཏེ་ཟེར་སླབ་པ་གིས་ཏེ་ང་སབཙོངམ་མ་གཏོགས་ རྡོ་མ་བཙོང་པ་ཟེར་ཏེ།
  • ཚེ་དབང་ Tshewang
    ང་རྡོ་མ་བཙོང་རྡོ་ང་ར་ར་བཞག་སྟེ་ཡོད་ཟེར་ཁྱོད་ར་ང་རྡོ་ང་ར་ང་ར་རའི་རྡོ་རྡོ་གུ་ར་ཡང་ རྡོ་གུ་བཞག་པའི་ཨིན་ ང་ར་ཡང་རྡོ་གུ་སྡོདཔ་ཨིན་ཟེར་སླབ་ཏེ་ག་དེ་སྦེ་ཡང་ སླབ་མ་ཤེས་པ་ཏེ་དེ་ལས་ཏེ་རྡོ་གི་ཏི་རུ་སྤྲོད་དགོཔ་ཐལ་སོང་ནུག་ཁོ་ད་རྡོ་གི་རིང་ངོ་སྤྲོད་ད་ནུག་ལོ་ལགས།