Skip to main content Skip to search
24 Aug 2018
6 min 58 sec
Video Overview
Creators: 
Penchela

Karma Nidrup narrates a history of his home, which is the base for the Wangdzop (district head) Domchu. It was constructed while he was Dzongpon of Wangdue Phodrang. He had three daughters from three different wives, one in Punakha, one in Khothakha and the third at Thimphu Chang. Later the house was passed down to the Droentshab (guest representative) of Thimphu, who was the brother of Karma Nidup's father in-law. Hence the house was inherited by Karma Nidup and his wife. He also shares some of the responsibilities of his father in-law and also shares about the taxes people pay to the government.

 

ཨཔ་དངོས་སྒྲུབ་ཀྱིས་ ཁྱིམ་གྱིས་ ལོ་རྒྱུས་འདི་ ཀརྨ་དངོས་སྒྲུབ་ཁོ་ར་གྱིས་ བཤད་འདི་ཡོདཔ་ཨིན་མས། འདི་ཡང་ དབང་རྫོབས་སྡོམ་བཅུག་གིས་ ཁྱིམ་ཨིནམ་དང་ དེ་ལས་ འདི་ཡང་ དབང་འདུས་རྫོང་དཔོན་གྱིས་རྫོང་དཔོན་འབད་སྐྱོང་བའི་སྐབས་ བཞེངས་ཡོདཔ་ཨིནམ་མས། ཁོ་ལུ་ཨམ་སྲུ་གསུམ་ཡོད་པའི་ནང་ལས་ བུམོ་རེ་རེ་ཡོདཔ་ཨིནམ་མས། གཅིག་ སྤུ་ན་ཁ། གཅིག་མཁོ་ཐ་ཁ།་དེ་ལས་གཅིག་ ཐིམ་ཕུ་ སྤྱང་ལུ་ཡོདཔ་ཨིན་མས། ཤུལ་ལས་ ཁྱིམ་འདི་ ཐིམ་ཕུ་གིས་ མགྲོན་ཚབ་ཀྱིས་ ལེན་འདི་ཡོདཔ་ཨིན་མས། འདི་ཡང་ ཀརྨ་དངོས་སྒྲུབ་ཀྱིས་ ཨ་པ་ཨིན་དོ་ཡོདཔ་ཨིན་མས། དེ་གིས་འབད་ཁྱིམ་འདི་ ཀརྨ་དངོས་སྒྲུབ་དང་ ཨམ་སྲུ་ལུ་ བྱིན་འདི་ ཡོདཔ་ཨིན་མས། ཁོ་གིས་ཨ་ཞང་གིས་ འགན་ཁུར་དང་ མི་སེར་འདི་ཚུ་ གཞུང་ལུ་ ཁྲལ་ག་དེམ་ཅིག་ བཏབ་དགོཔ་ཨིན་ན་ སྐོར་ལས་ཡང་ བཤད་འདི་ ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཀརྨ་དངོས་གྲུབ་ Karma Nidup
    ངེའི་ཁྱིམ་འདི་ར་འ་ནཱེ་སྦེ་ཨིན་མས་ལགས་ངེའི་ཁྱིམ་འདི་ནཱེམ་མི་བརྒྱུད་དེ་ཞུ་བ་ཅིན་ག་ཅིག་སྨོ་ཟེར་བ་ཅིན་མི་བརྒྱུད་འདི་མ་པ་ཁོང་ར་ད་ང་བཅས་ཁྱིམ་འདི་ངོ་མ་ངོ་མ་འདི་ར་ག་གིས་རྐྱབ་རྐྱབ་སྨོ་ཟེར་བ་ཅིན་དང་ཕུག་དབང་རྫོངཔ་དོམ་ཅུ་ཟེར་མི་འདི་གིས་རྐྱབ་རྐྱབ་ཨིན་མས།
  • ཀརྨ་དངོས་གྲུབ་
    དབང་རྫོངཔ་རྒྱལ་མཚན་དོམ་ཅུ་ཟེར་མི་འདི་གི་དབང་རྫོངཔ་སྦེ་བཞུགས་པའི་ནམ་དུས་ལུ་ཁོ་ལུ་ཨམ་སྲུ་གསུམ་ཡོདཔ་མས་པ་ལགས།ཁོ་ལུ་ཨམ་སྲུ་གསུམ་ཡོདཔ་ད་ལུ་ཨམ་སྲུ་གཅིག་ཤར་ལས་མས་ཏེ་ཨམ་སྲུ་གཅིག་ནཱ་ལས་མས་ལགས།
  • ཀརྨ་དངོས་གྲུབ་
    གཅིག་ཕར་ཀ་ཝ་མས་ཏེ་ཀ་ཝ་དམ་ད་ཇུ་ཟེར་མི་ནང་ཡོདཔ་ཨིན་ཁྱིམ་གཅིག་ལགས་ཁྱིམ་འ་ནི་བཟུམ་ཅོག་ར་འཐདཔ་ཅིག་དེ་ལས་གཅིག་ཤར་ལུ་ཡོདཔ་མས་ཤར་གྱི་འདི་ང་གི་མ་མཐོང་ཕར་་་ཕར་གྱི་འདི་མཐོང་ཅིག་པ་ཏེ་འ་ནཱི་འབདཝ་ད་ ཁོང་བུམ་གསུམ་ལུ་ཁྱིམ་གསུམ་རྐྱབ་རྐྱབ་མས་པ།
  • ཀརྨ་དངོས་གྲུབ་
    ཁོའི་ཨམ་གསུམ་ལུ་བུམོ་རེ་རེ་འབདཝ་ད་བུམོ་རེ་ཁྱིམ་རེ་རྐྱབ་བྱིནམ་ད་ལུ་ད་རེས་འ་ནཱི་འདི་ཏེ་འ་ནཱི་དབང་རྫོངཔ་དོམ་ཅུ་རྒྱལ་མཚན་གྱི་དོམ་ཅུ་གིས་རྐྱབ་རྐྱབ་མས་ཁྱིམ་འདི་ལགས་དང་ཕུག་གི་ཁྱིམ་འདི་ལགས།
  • ཀརྨ་དངོས་གྲུབ་
    འདི་རྐྱབ་ད་ཡང་དབང་རྫོངཔ་གིས་རྐྱབ་མི་འབད་ནི་དེ་གི་ཤིང་ཆ་དང་དེ་ཚུ་ག་ར་ཡར་ཁོ་ཐག་ཁར་མར་སྦེ་བཏོན་སྦེ་རྐྱབ་རྐྱབ་མས་པ་ལགས་འ་ནཱི་འབད་ནི་དེ་གི་འ་ནཱེ་སྦེ་བཤད་ནི་འདུག་བ་དེ་ལས་འ་ནཱི་གི་ཤུལ་ཤུལ་བདའ་ དེ་ལསན་ཏེ་འགྲོས་ཀྱིས་བཏང་འབད་བའི་ཤུལ་དེ་ལསན་ཏེ་ང་བཅས་ཨེ་་་རྫོང་ཁག་འདི་ ང་བཅས་ཐིམ་ཕུག་མས་ལགས།
  • ཀརྨ་དངོས་གྲུབ་
    རྫོང་ཁག་དང་ཕུག་ཐིམ་ཕུག་མས་ཏེ་ཐིམ་ཕུག་འབདཝ་ད་ལུ་ང་བཅས་ཝང་ཚུར་ ད་ཐ་ད་བྱཱ་ཕར་ཐིམ་ཕུག་དགུན་ནཱ་ལོག་པའི་ས་ཏེ་འ་ནཱེ་སྦེ་ཨིན་པས་ཏེ་ཁྱལཔ་ཉི་ཤུ་རྩ་གཉིས་ཡོད་དེ་ལགས་ཕར་ཡང་ཁྱིམ་འདུག་ནཱ་ཡང་ཁྱིམ་འདུག་
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱེ་འབདཝ་ད་ ཁོང་ར་བསྡོམས་ཁོང་ར་གི་དེ་ལསན་ཏེ་འ་ནཱི་གི་བརྒྱུད་པ་འདི་དེ་ལསན་ཏེ་འགྲོས་ཀྱིས་བཏང་སྟེ་གི་ནཱ་མགྲོན་ཚབ་རིམ་བརྒྱུད་ཀྱི་ཨིན་པས་པ་མགྲོན་ཚབ་རིམ་བརྒྱུད་འབདཝ་ད་དང་པ་རང་ག་གི་འབད་ནུག་ཟེར་བ་ཅིན་མགྲོན་ཚབ་འཇམ་པ་རྒྱལ་མཚན་ཟེར་མི་དེ་མས།
  • ཀརྨ་དངོས་གྲུབ་
    འཇམ་པ་རྒྱལ་མཚན་ཟེར་མགྲོན་ཚབ་མགྲོན་ཚབ་ཟེར་མི་འདི་ ནཱ་ལས་ར་མས་ལགས་ཁྱིམ་འཇམ་པ་རྒྱལ་མཚན་འཇམ་པ་རྒྱལ་མཚན་ཟེར་མི་འདི་
    མགྲོན་ཚབ་མགྲོན་ཚབ་ཟེར་མི་འདི་ག་ཅིག་སྨོ་ཟེར་བ་ཅིན་དང་ཕུག་འབད་བ་ཅིན་ང་བཅས་ར་ནཱ་ད་གསོལ་ཐབ་དགོན་འདུནམ་ནཱ་འབྱོནམ་ད་ནཱ་འབྱོན་ཏེ་དགོན་འདུནམ་ཕར་ཐིམ་ཕུག་འབྱོནམ་ད་ ཕར་ཐིམ་ཕུག་འབྱོན་གསོལ་ཐབ་འདྲན་འདྲ་བྱོན་དགོ་པས།
  • ཀརྨ་དངོས་གྲུབ་
    ཏེ་ཁོ་ལུ་ག་ཅིག་སྨོ་ཟེར་བ་ཅིན་མགྲོན་ཚབ་མགྲོན་ཚབ་ཟེར་མི་འདི་རྒྱལ་ཚབ་བཟུམ་ཅིག་མས་པ་ལགས་ཁོ་ཏེ་འ་ནཱི་འབདཝ་ད་ གཙོ་བོ་གཏམ་གྱི་འབད་རུང་ ག་ཅིག་འབད་རུང་ ཁོ་གི་སྦེ་ཁ་རོགས་མཛད་དགོ་པས་པ་ཏེ་འ་ནི་ཤུལ་ཤུ་ར་ད་རུང་མགྲོན་ཚབ་འཇམ་པ་རྒྱལ་མཚན་གྱི་ཏེ་ནུ་གཅུང་འདི་ ང་བཅས་ཀྱི་ངེའི་གནས་མའི་ཨ་པ་འདི་མས་པ་ལགས།
  • ཀརྨ་དངོས་གྲུབ་
    དཀར་མ་ཚེ་རིང་ཟེར་མི་འདི་ཏེ་འ་ནཱི་གི་སྦེ་འབད་བའི་ཤུལ་ལས་ཏེ་མགྲོན་ཚབ་ལོ་འདི་ཏེ་མགྲོན་ཚབ་མཇུག་ར་ཁོ་གི་སྦེ་བསྡུཝ་མས་ནཱ་སྤུ་ན་ཁ་གི་མགྲོན་ཚབ་མགྲོན་ཚབ་འདི་ལགས།
    ཏེ་འ་ནི་སྦེ་མགྲོན་ཚབ་དཀར་མ་ཚེ་རིང་ཟེར་མི་འདི་གི་ཏེ་ད་ལོ་ཡུདཔ་ཅིག་ཧ་ལམ་སྡོད་ནུག་ལགས།
  • ཀརྨ་དངོས་གྲུབ་
    ཏེ་མགྲོན་ཚབ་དཀར་མ་ཚེ་རིང་ཧེ་མ་ཚར་ཅིག་མར་བསམ་རྩེ་ལུ་ རྒྱལ་ཚབ་འབད་ཡང་སྡོད་ནུག་རྒྱལ་ཚབ་སྦེ་མར་ལས་མར་དེ་བསྒང་ང་བཅས་ཨིན་ཌི་ཡ་(རྒྱ་གར་༽དང་ ང་བཅས་མཐུན་ལམ་གནམ་མེད་ས་མེད་མིན་འདུག་པ་ལགས།
  • ཀརྨ་དངོས་གྲུབ་
    བསམ་རྩེ་ལུ་རྒྱལ་ཚབ་སྦེ་སྡོད་ འ་ནཱི་འབད་བཞིནམ་ལས་མར་ལས་འོང་ཞིན་ན་མགྲོན་ཚབ་སྦེ་ཏེ་འ་ནཱེ་འབད་སྦེ་ཏེ་འ་ནཱེ་སྦེ་སྡོད་སྡོདཔ་མས་ཏེ་འ་ནཱི་སྐབས་ཏེ་ནང་ལུ་ག་ཅིག་སྨོ་ཟེར་བ་ཅིན་ ང་བཅས་ཁྱལ་འཐུས་འུར་ལཱའི་སྐོར་ལས་ དུམ་དྲག་ཅིག་ཞུ་བ་ཅིན།
  • ཀརྨ་དངོས་གྲུབ་
    དང་ཕུག་ང་བཅས་ཕར་ ཐིག་ཕུག་འབད་བ་ཅིན་ ལྕང་བརཔ་དེ་ཚུ་ཏེ་ད་ཁྱལ་འཐུས་འུར་ལཱ་ག་ཅི་ཁྱལ་འཐུས་འུར་ལཱ་ཟེར་རུང་འུར་ལཱ་ཏེ་ད་དོས་སྐྱེལ་ནི་བཞག་ནི་འ་ནཱི་ཚུ་ཏེ་མར་ལས་ང་བཅས་ལ་རྒྱལམ་དོས?རྩ་རིམ་དོས་འ་ནཱི་ཚུ་ དོས་ག་ར་ཡར་ལས་འབག་དགོ་པས་པ།
  • ཀརྨ་དངོས་གྲུབ་
    ཏེ་མར་ལས་ཕར་ དབང་འདུས་ཕོ་བྲང་དོས་འབག་དགོ་པས་ཡར་སྤུ་ན་འབག་དགོ་པས་དགེ་འདུནཔ་འབྱོནམ་ད་འབག་དགོ་པས་ཏེ་ཁྱལ་འཐུས་འུ་ལཱ་རྒྱ་ཆེ་དྲག་ཨིན་པས་
    དབང་ཡོན་གཉེར་ཚང་ཟེར་ཏེ་གནམ་མེད་ས་མེད་ཀྱི་ གདུག་དྲགས་མས་འ་ནཱི་བསྒང་ལགས།
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱེ་འབདཝ་ད་ལུ་ དབང་ཡོན་གཉེར་ཚང་འདི་ཡང་ཏེ་ད་དང་ཕུག་འབད་བ་ཅིན་ ང་བཅས་ནཱ་ལུ་ལྕང་ལཱ་འདི་རྐྱབ་བཞག་ བྱཱ་འདི་རྔ་འབད་སྦེ་ཕུང་དེ་རྩིགཔ་འབད་བའི་ཤུལན་ཡར་གཉེར་ཆེན་གྱིས་དར་ཤིང་ན་ཡིག་ཅུང་བཀལཝ་མས་པ་ལགས་ཕུང་འདི་གུ།
  • ཀརྨ་དངོས་གྲུབ་
    འ་ནི་བྱཱའི་ཕུང་འདི་གུ་ཡིག་ཅུང་བཀའ་བཞག་འབད་སྦེ་ཏེ་འ་ནཱི་ཡིག་ཅུང་བཀལ་ཚར་ཞིནམ་ན་ལས་ཡར་གཉེར་ཆེན་ལུ་ དགོངས་སྐོར་མ་ཞུ་བ་བྱཱ་ཕུར་མི་ཆོག་པས་ལགས་འ་ནཱེ་སྦེ་མས་དང་ཕུག་འབད་བ་ཅིན་ལགས།
  • ཀརྨ་དངོས་གྲུབ་
    ཏེ་དང་ཕུག་ཡར་ཁྱལ་ཕུལ་ཐངས་འདི་འབད་བ་ཅིན་ཐ་ན་ལུ་ཏེ་ད་ང་བཅས་ར་ཐབས་ཁ་གི་སྒོ་ཐལ་འགོ་བཟུང་སྟེ་ར་ཕུལ་དགོ་པས་དེ་ཕུལ་དགོ་མི་ཁུངས་དེ་ག་ཅིག་སྨོ་ཟེར་བ་ཅིན་ང་བཅས་ཤོག་གུ་བཟོ་དགོ་པས་བ་ལགས་འབྲུག་ཤོག་འ་ནཱི་ནང་ བཅས་སྒོ་ཐལ་འགྱོཝ་མས་པ་ལགས་ཐལ་ཁུ་འ་ནི་འ་ནཱེ་སྦེ་འགྱོ་དགོ་པས།
  • ཀརྨ་དངོས་གྲུབ་
    དེ་ལསན་ཡིག་གུ་འབྲི་ནིའི་དོན་ལས་སྣག་རྩི་ང་བཅས་ར་མེ་ཕྱི་གི་ འ་ནཱེ་སྦེ་ཞིནམ་ན་ལས་དུ་པ་འ་ནཱེམ་ཅིག་ཡང་ཕུལ་དགོཔ་སྦེ་ཏེ་འདི་ཚུ་དེ་ང་བཅས་ཀྱིས་འདི་མ་ཕུལ་དེ་ཏེ་ཕམ་རྒས་ཤོས་ཚུ་གི་འ་ནཱེ་སྦེ་སླབ་དེ།
  • ཀརྨ་དངོས་གྲུབ་
    དེ་ལསན་ཆིབས་ཕར་ཚུར་འགྱོཝ་དན་དེམ་ཨ་ནཱི་བཀལ་དགོ་ལགས་ལྕངམ་འ་ནཱི་བཟུམ་ཏེ་ཀར་རྔ་སྟེ་བཀལ་དགོ་པས་ཏེ་འ་ནཱི་ཚུ་བཀལ་ཏེ་འ་ནཱེ་ཚུ་འབད་བའི་བསྒང་ལས་ཏེ་ད་དེ་བསྒང་དང་ད་ཕྱདཔ་ད་འདི་ཏེ་ད་གན་མེད་ས་མེད་གནམ་ལག་ཐིག་ཡར་སོ་ཡི།
  • ཀརྨ་དངོས་གྲུབ་
    དེ་བསྒང་སྟེ་གྲ་(འགྲེམས་པ་)བཀལ་དགོ་ཡུདཔ་ཅིག་ལས་ཏེ་གྲ་བ་ལ་ཟེར་དེ་བསྒང་ལས་གྲ་བ་ལ་དེ་ལསན་ཏེ་ཨ་ཙི་ཅིག་རྒྱ་གར་དང་ ང་བཅས་མཐུན་ལམ་འགྱོ་དོ་ཡོདཔ་མས་ལགས།
  • ཀརྨ་དངོས་གྲུབ་
    གྲ་བ་ལ་བཏོན་དེ་ལསན་ཡུདཔ་ཅིག་ལསན་ གྲ་བཀལ་མི་གཱ་རི་བཏོན་དེ་ལས་ལམ་བཏོན་ད་ཏེ་དེ་ལསན་ཏེ་དང་པ་དྲུག་བཅུ་གཉིས་བཀང་དེ་ལས་དྲུག་ཧེ་མ་ར་དྲུག་དུམ་ལམ་ཐལ་བའི་བསྒང་དེ་ལས་དྲུག་དུམ་ལས་བཅུ་གཉིས་བཀང་གུ་བཀལ་བཅུ་གཉིས་བཀང་གི་ཏེ་ང་བཅས་ར་ཏེ་ད་ཞབས་ཏོག་ལས་མི་གུ་བཀལ།
  • ཀརྨ་དངོས་གྲུབ་
    ཏེ་ཞབས་ཏོག་ལས་མི་གི་ཏེ་ད་ད་འུང་ད་རྩ་མེད་བཏང་ཞབས་ཏོག་ལས་མི་ཡང་མེད་ད་ག་ནི་ཡང་མེད་པ་སྐྱིད་ཏོང་ཏོ་ད་ད་དེ་ཏེ་ལགས་ ང་བཅས་ར་རྒྱལ་ཁབ་བཟུམ་ཅིག་ནང་ཏེ་ལྷ་ཡུལ་ལུ་ལྷོད་པའི་ཉམས་ཡོད་ནི་མ་ཚད་རང་གི་འབད་རང་བཟའ་རང་གི་འབད་རང་གྱོན་འབད་སྡོད་ནི་གི་དེམ་ཨིན།
  • ཀརྨ་དངོས་གྲུབ་
    ཏེ་གངས་བར་ནང་གི་ཉིནམ་བསྲོ་སྤྲིན་བར་ནང་གི་ཉིནམ་བསྲོ་ གངས་བར་ནང་གི་ཆུ་འཐུང་འབད་སྦེ་ཏེ་ད་གཅིག་གི་གཅིག་ཡང་ག་གིས་ཡང་སྤྲོད་དགོཔ་མེད་ལགས།
    ད་ང་བཅས་ནཱ་ འབྲུག་རྒྱལ་ཁབ་ནང་ལུ་ཏེ་ད་སྐྱིད་པའི་ཟེར་རུང་ དེ་ཅིག་ལས་བརྒལ་སྦས་ཡུལ་གྱི་གནས་གནས་སོགས་དང་ཕུག་ཕམ་ཚུ་གིས་ཡང་ སྦས་ཡུལ་ལྷོདཔ་ད་ལུ་བཞེས་སྒོ་ཡང་ཡར་ལས་ར་འཐོན་པའི་ཟེར་དང་ཕུག་ཕམ་རྒས་ཤོས་ཚུ་གིས་ འ་ནཱེ་སྦེ་སླབ་ནི་འདུག་བ།
  • ཀརྨ་དངོས་གྲུབ་
    སྤ་་་སྦས་ཡུལ་ནང་ ལྷོད་ལྷོདཔ་བཟུམ་མས་སྨེ་སྦས་ཡུལ་ལྷོད་ལྷོདཔ་བཟུམ་མས་ཟེར་ཏེ་སྦས་ཡུལ་ཟེར་མི་ག་བཟུམ་ཅིག་ཨིན་ན་ཟེརཝ་ད་སྦས་ཡུལ་ནང་ལྷོདཔ་ད་ལུ་ཏེ་ལྟོཝ་བཀྱེས་ནི་མེད་ཏེ་སྐྱིད་ཏོང་ཏོ་སྦེ་ ཏེ་ལཱ་མེད་ཏེ་ལཱ་ཏེ་བཞེས་སྒོ་བཟའ་ནི་འཐུང་ནི་ཚུ་འདི་དེ་ནང་ལས་འབྱུང་འབད་སྦེ་འ་ནཱེ་སྦེ་ཨིན་ཟེར་བཤད་ནི་འདུག
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱི་གི་ དཔེྱ་འ་ནཱི་བཟུམ་ཅིག་ ང་བཅས་རྒྱལ་ཁབ་ནང་ཨིན་པས་ལགས་ང་བཅས་རྒྱལ་ཁབ་བཟུམ་ན་འདི་འ་ནཱེ་ཅིག་ད་ལེགས་ཧིང་ འ་ནཱི་བཟུམ་ཅིག་འདི་མེད་འོང་མནོཝ་བཏངམ་མས་ལགས།
  • ཀརྨ་དངོས་གྲུབ་
    ད་དེ་གི་སྟེ་ད་ང་བཅསན་ ད་རྒས་ཤོས་འ་ནཱེམ་ཅིག་གུ་ལྷོད་ཅི་དེ་རང་འབད་རུང་ང་བཅས་ཀྱིས་སྐྱིད་པའི་ཉིནམ་སྐྱོང་ཙམ་ཅིག་འདི་ ང་བཅས་ཀྱིས་ བདའ་ཟུན་ཅིག་སེམས་དགའ་བཅས་ལགས།
  • ཀརྨ་དངོས་གྲུབ་
    གནམ་མེད་ས་མེད་ད་དང་ཕུག་ཏེ་ད་དང་ཕུག་གི་དུས་ཡང་ཨ་ཙི་རེ་ད་ང་བཅས་ཀྱི་རྒྱལཔོ་ཞིང་གཤགས་དང་ཕུག་ཏེ་འབྲུག་རྒྱལ་གཉིས་པ་ཞིང་གཤགསཔ་ད་ཤེས་པས་ལགས་ང་གིས་ཨ་ཙི་རེ་འ་ནཱེ་སྦེ་ཏེ་རྒྱལཔོ་རིམ་ཐེང་བཞིཔ་འདི་བདའ་ཟིན་ཆེ་ནུག
  • ཀརྨ་དངོས་གྲུབ་
    ཏེ་ད་གནའ་མེད་ས་མེད་ཧིང་སངས་ས་སྦེ་ཞུ་ཞུ་མི་ཚུགས་ཏེ་ད་ཨིན་ནི་དེ་འཇིགས་མེད་རྣམ་རྒྱལ་བཞེས་བཞུགས་པའི་བསྒང་དེ་བསྒང་ང་བཅས་ཏེ་ད་ཆུང་སུ་ཅིག་ཨིན་མས་དེ་བསྒང་བུ་ཚུ་སྦེ་ཆུང་སུ་དུམ་དྲག་རེ་ཤེས་པས།
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱི་གི་ཏེ་ད་འ་ནཱི་གི་ ང་བཅས་ད་རྒྱལཔོ་རིམ་བརྒྱུད་བཞི་བཞི་རེ་གི་ཕྱག་ཞུ་ནི་དེ་གི་ཏེ་ག་ནི་བ་སྤྱད་རེ་བསགས་ནུག་མནོ་བའི་ མནོ་བསམ་བཏངམ་མས་ང་རང་ཡང་ལགས་ལགས་སོ་བཀྲིན་ཆེ།