Skip to main content Skip to search
26 Jun 2018
11 min 27 sec
Video Overview
Creators: 
Duptho, Sonam Chophel

Ache Lhamo is a main dance performed in Joenkhar village. Phurpa Wangdi narrates the story of Ache Lhamo. Tangtong Gyelpo (1361/5-1486)—a Buddhist master known for building iron bridges—initiated the Ache Lhamo. Ache Lhamo is performed by five dancers who play the role of five characters— Nyapa, King Norzang, Yethro Lhamo, Lumo and Nyarok. The dance is usually performed at the construction of fortresses, and ground-breaking ceremonies for the construction of houses. Despite the difference in dates, the dance is also connected to eighth-century master Guru Rinpoche’s success in building Samye Monastery by performing this dance with his five fingers. This dance is also performed to secure a good harvest.

༉  བཀྲ་ཤིས་སྒང་རྫོང་ཁག་ གཡུས་ཇོན་ཁར་ལུ་ ཨ་ལྕེ་ལྷ་མོའི་འཆམ་འདི་ ཧེ་མའི་ལམ་སྲོལ་ངོ་མ་ཅིག་ཨིན་མས། གཡུས་ཇོན་ཁར་ལས་ ཕུར་པ་དབང་འདུས་ཀྱིས་ ཨ་ལྕེ་ལྷ་མོའི་འཆམ་གྱི་སྐོར་ལས་བཤད་པ་རྐྱབ་མ་ཚད་ ཁོ་ར་ཡང་འཆམ་རྐྱབ་མི་ཅིག་ཨིན་མས། འཆམ་འདི་གཞི་བཙུགས་འབད་གནང་མི་ བླམ་ལྕགས་སམ་དབང་པོ་འབདཝ་ལས་ མི་འདི་འཆམ་གྱི་ལྷ་འབད་སྐྱབས་སུ་ཞུཝ་ཨིན་མས། ཨ་ལྕེ་ལྷ་མོའི་འཆམ་འདི་རྐྱབ་པའི་སྐབས་ མི་ལྔ་དགོཔ་ཨིནམ་ད་ དེ་ཡང་དང་པ་ར་ ཉ་པ་ དེ་གི་ཤུལ་ལས་ཆོས་རྒྱལ་ནོར་བཟང་། དེ་ལས་ལྷའི་བུམོ་ལྷ་མོ་དང་ཀླུའི་བུམོ་ཀླུ་མོ། མཇུག་ར་ཉ་རོགས་བཅས་འབྱོན་དོ་ཡོདཔ་ད་ འཆམ་འདི་ཡང་ རྫོང་དང་ལྷ་ཁང་ཚུ་བཞེངསམ་ད་ ས་བསླངས་རྟེན་འབྲེལ་འབད་བའི་སྐབས་ལུ་རྐྱབ་ཨིན་མས། འཆམ་རྐྱབ་དགོ་པའི་དོན་དག་དེ་ཡང་ ཧེ་མ་གུ་རུ་རིན་པོ་ཆེ་མཆོག་གིས་ བསམ་ཡས་ལྷ་ཁང་བཞེངས་པའི་སྐབས་ མཛུབ་མོ་ལྔ་གིས་འབད་འཆམ་རྐྱབ་སྦེ་ ལྷ་ཁང་བཞེངས་མི་ལུ་གནོདཔ་བཀལ་མི་ལྷ་འདྲེ་ཆ་ཁྱབ་སེམས་གཡེངས་བཅུག་སྟེ་ ལྷ་ཁང་དེ་བཞེངས་ཚུགས་པའི་ལོ་རྒྱུས་ཚུ་ཡང་འདུག གཡུས་དེ་ནང་བཟུམ་ཅིག་འབད་བ་ཅིན་ ཞིང་ཁའི་ལོ་ཐོག་ཚུ་ལེགས་ཤོམ་འོང་ནི་གི་དོན་ལུ་ཡང་རྐྱབ་དོ་ཡོདཔ་མ་ཚད་ ད་རེས་ནངས་པར་འབད་བ་ཅིན་ ང་བཅས་རའི་ལམ་སྲོལ་འདི་དར་ཁྱབ་གཏང་ནི་གི་དོན་ལས་ ཕྱིའི་བལྟ་བཤལཔ་ཚུ་འོང་པའི་སྐབས་ལུ་ཡང་རྐྱབ་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • ཕུར་པ་དབང་འདུས་
    Phurpa Wangdi: ད་ དཔྱེ་འབད་བ་ཅིན་ ང་བཅས་ནཱ་འབྱོན་མཁར་ མུར་སྦི་ མཐོ་ལོང་ གཡུས་ཚན་ངོ་མ་གསུམ་གྱི་ནང་ན་ ཏེ་ད་ང་བཅས་ཀྱི་རང་ལུགས་ཀྱི་ སྔར་སྲོལ་གྱི་ལམ་ལུགས་ དེ་ལས་ཧེ་མ་རང་གི་གཡུས་སྒོའི་ནང་ན་ ཏེ་རོགས་ང་བཅས་ར་ མར་བཟུམ་སྦེ་ གནམ་མེད་ས་མེད་འཆམ་ཚེས་བཅུ་སྦོམ་སྦེ་འདི་མེད། ཨིན་རུང་རང་ ད་ང་བཅས་ནཱ་ལུ་ ངོ་མ་ཡོད་མི་འདི་ར་ ཨ་ཞེ་ལྷ་མོ་འཆམ་ཟེར་ གཅིག་ཡོད་ཟེར་ཞུ་ནི།
  • ཕུར་པ་དབང་འདུས་
    Phurpa Wangdi: དེ་ལས་ ཨ་ཞེ་ལྷམོ་འདི་འབད་བ་ཅིན་ ཏེ་ད་ཨ་ཞེ་ལྷ་མོ་ཡང་ འ་ནཱི་ཨ་རྒས་པདམ་ཆོས་གྲགས་ཀྱིས་ ཨ་ཞེ་ལྷམོ་ཡང་ཤེས་ གཡག་འཆམ་ཡང་ཤེས་ འ་ནཱི་ཨ་རྒས་པདམ་ཆོས་གྲགས་ཀྱིས་ ཨ་རྒས་པདམ་ཆོས་གྲགས་ ཤི་མི་གིས་ གཡག་འཆམ་ཡང་ཤེས་ ཨ་ཞེ་ལྷམོ་རྐྱབ་ཟེར་བ་ཅིན་ ཨ་ཞེ་ལྷམོ་ཡང་ཤེས་ ཨམ་ཇོ་མོ་སྐོར་ལས་ ཇོ་མོ་གསོལ་ཐངས་སྐོར་ལས་དྲི་བ་ཅིན་ ཇོ་མོ་གསོལ་ཐངས་སྐོར་ལས་ཡང་ཤེས་ འ་ནཱི་ཨ་རྒས་པདམ་ཆོས་གྲགས་ཟེར་མི་གིས་ འ་ནཱི་ཨ་རྒས་ཀྱིས་ཡང་སླབ་དེས། ཏེ་གཙོ་བོ་ར་ ད་རེས་ནངས་པར་ཨ་ཞེ་ལྷམོ་འདི་འབབ་བ་ཅིན་ ང་ཡང་ ཨ་ལྕེ་ལྷམོ་གི་ནང་ལས་ ཉ་པ་འབད་དེ་འགོ་འཁྱིད་མི་དེ་ ང་ཨིན་ཟེར་ཞུ་ནི་ཨིན།
  • ཕུར་པ་དབང་འདུས་
    Phurpa Wangdi: ཏེ་ ང་འདི་ ག་གིས་སྟོན་བྱིན་ཡི་ཟེར་བ་ཅིན་ ཕར་མུར་སྦི་ལུ་ ཨ་རྒས་སྔོ་པོ་ཟེར་མི་ཅིག་སྡོད་ཅི་ ཨ་རྒས་སྔོ་པོ་གི་སློབ་མ་འདི་ ཕར་ཟོར་ལུ་ ད་རེས་ནངས་པར་ ཨ་རྒས་ཏའུ་ཅུང་ནོར་བུ་ཟེརསྡོད་ཅི་ ཨ་རྒས་ཏའུ་ཅུང་ནོར་བུ་ དུས་ཅི་ལས་ སྐྱེས་ལོ་ ག་དེམ་ཅིག་ལང་ཡི་ཟེར་བ་ཅིན་ སྐྱེལ་ལོ་དགུ་བཅུ་ བརྒྱད་བཅུ་གྱ་དགུ་འགྱོ་དོ་ཟེར་ཞུ་ནི་ཨིན། དུས་ཅི་ལས་་སྐྱེས་ལོ་ ༩༠ཡང་ལངམ་ཨིན་ ད་ལྟོ་ཡང་ ཨ་རྒས་ཡོད་ཟེར་ཞུ་ཨིན།
  • ཕུར་པ་དབང་འདུས་
    Phurpa Wangdi: ཏེ་ད་ ཨ་རྒས་ཏའུ་ཅུང་ནོར་བུ་དང་ ཁོང་ཚུ་ལུ་ ང་གིས་ཡང་དྲིས་ཡི་ ལམ་ལུགས་འདི་འབད་བ་ཅིན་ ཨ་རྒས་པདམ་ཆོས་གྲགས་ཤི་མི་གིས་ཡང་ དེ་སྦེ་ར་ཨིན་ཟེར་སླབ་དེས། ཏེ་འཆམ་འདི་ ང་གིས་ཡང་རྐྱབ་ཤེས་ གླུ་གཞས་ཡང་ཡོད་ ཉ་པ་གི་གླུ་གཞས་སོ་སོ་ཡོད་ ཆོས་རྒྱལ་ནོར་བཟང་གི་གླུ་གཞས་སོ་སོ་ཡོད་ ཡིད་འཕྲོག་ལྷ་མོ་གི་གླུ་གཞས་སོ་སོ་ཡོད་ ཀླུ་མོ་གི་གླུ་གཞས་སོ་སོ་ཡོད་ ཉ་རོགས་ཟེར་གླུ་གཞས་ས་ོསོ་ཡོད་ ཟེར་ཞུ་ནི་ཨིན།
  • ཕུར་པ་དབང་འདུས་
    Phurpa Wangdi: འ་ནཱ་ལུ་འབད་བ་ཅིན་ ཁོང་འཆམ་པ་ག་དེ་ཅིག་འགྱོ་འོང་ཟེར་བ་ཅིན་ ཨ་ཞེ་ལྷ་མོ་ལུ་འཆམ་པ་ལྔ་འགྱོ་འོང་ཟེར་ཞུ་ནི་ལགས། ཏེ་འཆམ་པ་ལྔཔོ་འདི་ དང་པ་ཟེརཝ་ད་ཉ་པ་འཐོན་འོང་ལགས་ འ་ནཱ་ལས་ཆོས་རྒྱལ་ནོར་བཟང་ཨིན་ལགས་ ཆོས་རྒྱལ་ནོར་བཟང་གི་ཤུལ་ལས་ སྟེང་ལྷ་ཡི་བུམོ་ཟེར་ ལྷ་མོ་ཟེར་འཐོན་འོང་ལགས་ དེ་ལས་འོག་ཀླུ་ཡི་བུམོ་ཟེར་ ཀླུ་མོ་ཟེར་འཐོན་འོང་ལགས་ དེ་ལས་མཇུག་ལུ་ ཉ་རོགས་ཟེར་གཅིག་འཐོན་འོང་།
  • ཕུར་པ་དབང་འདུས་
    Phurpa Wangdi: ཏེ་འ་ནཱི་འཆམ་འདི་ ཁོ་རྐྱབ་པའི་སྐབས་ལུ་ ག་ཅི་ལུ་ཕན་ཐོག་འོང་ག་ཟེར་བ་ཅིན་ གནོད་པ་དང་ཕན་པ་གི་སྐོར་ལས་ ང་གིས་མདོར་བསྡུས་ཅིག་ཞུ་བ་ཅིན་ ཏེ་ཕན་པ་འདི་འབད་བ་ཅིན་ གཙོ་བོ་ར་ འ་ནཱི་འཆམ་འདི་འགོ་དང་པ་ར་ ག་གིས་གནང་ཡི་ག་ཟེར་བ་ཅིན་ ཏེ་འཆམ་འདི་འགོ་དང་པ་ར་ ང་བཅས་རའི་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེ་ དྷ་ན་ཀོ་ཤའི་མཚོ་ལས་ཡར་བོད་ལུ་ང་བཅས་ར་རྒྱལཔོ་ཁྲི་སྲོང་ལྡེའུ་བཙན་གྱིས་ བོད་ལུ་ང་བཅས་བསམ་ཡས་བཞེངས་ནི་ལུ་ དྷ་ན་ཀོ་ཤའི་མཚོ་ལས་ཡར་ ཕར་བོད་ལུ་གདན་འདྲེནམ་ད་ལུ་
  • ཕུར་པ་དབང་འདུས་
    Phurpa Wangdi: དེ་ལས་གདན་དྲངས་སྦེ་ དེ་ལས་ཡར་བསམ་ཡས་ལྷ་ཁང་བཞེངས་པའི་སྐབས་སུ་ ཁོ་གིས་ཕྱག་མཛུབ་ལྔ་གིས་ ཁོང་གི་ལྷ་ཁང་ ཧེ་མ་གི་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ ཁོ་འདི་ལྷ་ཁང་བཞེངས་པའི་སྐབས་ལུ་ ས་ས་ཕྱོགས་དང་ལུང་ལུང་ཕྱོགས་འབག་ནི་འདི་གིས་ ཏེ་ལྷོདཔ་ཅིག་ཁ་ལས་ ང་བཅས་ར་དྷ་ན་ཀོ་ཤའི་མཚོ་ལས་ གུ་རུ་པདྨ་འབྱུང་གནས་ ང་བཅས་ར་བོད་བསམ་ཡས་ལུ་གདན་དྲངས་སྦེ་ དེ་ལས་བསམ་ཡས་ལུ་ལྷ་ཁང་བཞེངས་ དེ་ལས་གུ་རུ་རིན་པོ་ཆེ་གིས་ ཁོ་ལུ་བསང་གསུར་བྱིན་པ་མ་ཚད་
  • ཕུར་པ་དབང་འདུས་
    Phurpa Wangdi: ད་རུང་ཁོ་གིས་སོ་སོ་འབད་དེ་ར་ ཉིན་མ་འདི་ ཏེ་ད་ཕྱག་དང་ ཕྱག་མཛུབ་མོ་ལྔ་གིས་འབད་ ཁོ་གིས་ལྷ་འདྲེ་མི་གསུམ་ག་ར་ ཕྱག་མཛུབ་མོ་ལྔ་གིས་འབད་དེ་ལྷ་འདྲེ་མི་གསུམ་ག་ར་ ལག་མཛུབ་ཀྱིས་འབད་འཆམ་རྐྱབ་སྦེ་ འཆམ་ལུ་སྤྲུལ་པ་གནང་སྟེ་ དཔེ་འབད་བ་ཅིན་ འ་ནཱི་འདི་ འ་ནཱི་ཉ་པ་འབད་བཅུག་ཟེར་ འ་ནཱི་འདི་ཉ་པ་བཟུམ་ཅིག་འབད་ འ་ནཱི་ནོར་བཟང་འབད་ འ་ནཱི་ཀླུ་མོ་འབད་ འ་ནཱི་གིས་ལྷ་མོ་འབད་ འ་ནཱི་གིས་ཀླུ་མོ་འབད་ འ་ནཱི་གིས་ཉ་རོགས་འབད་དེ་ ཕྱག་མཛུབ་མོ་ལྔ་གིས་འབད་དེ་ གུ་རུ་པདྨ་འབྱུང་གནས་ ཁོ་རང་གིས་ ཕྱག་མཛུབ་མོ་ལྔ་གིས་འཆམ་བཟུམ་ཅིག་འབད་མཛད་དེ་ འ་ནཱི་བཟུམ་མཛད་དེ་
  • ཕུར་པ་དབང་འདུས་
    Phurpa Wangdi: ཏེ་ཧ་ལམ་ཅིག་ལས་ འ་ནཱི་བསམ་ཡས་ལྷ་ཁང་འདི་ ལེགས་ཤོམ་འབད་ར་བཞེངས་ཡི་ལོ་ འ་ནཱི་ཕྱག་མཛུབ་མོ་ལྔ་གིས་མ་ཚད་ ངོ་མ་ཐུགས་སྨོན་གྱིས་ར་གནང་གནངམ་མས། འདི་གི་ནང་ལས་ཡང་ ཕྱག་མཛུབ་ལྔ་གིས་འབད་དེ་ ཏེ་ད་འཆམ་བཟུམ་ཅིག་སྦེ་ ལྷ་འདྲེ་མི་གསུམ་ཚུ་དང་ ཁོ་བོད་ལུ་བདུད་ཚུ་ག་ར་ ཕྱག་གིས་གཡེང་བཅུག་སྟེ་ ཉིན་མ་མི་ཚུ་གིས་བཞེངས་ ཕྱི་རུ་ལྷ་འདྲེ་ཚུ་གིས་བཞེངས་ཏེ་ ཏེ་འ་ནཱ་ལས་བཞེངས་ཚུགས་ཚུགསཔ་ཨིན་མས་ཟེར་ འ་ནཱི་བཟུམ་ཨ་རྒས་པདམ་ཆོས་གྲགས་ཤི་མི་གིས་ཡང་ ཁོ་གིས་ཡང་འ་ནཱི་བཟུམ་སླབ་དེས།
  • ཕུར་པ་དབང་འདུས་
    Phurpa Wangdi: ཏེ་དེ་འབདཝ་ད་ལུ་ ད་གུ་རུ་པདྨ་འབྱུང་གནས་ཀྱིས་ ཁོ་འདི་ལྷ་ཁང་བཞེངས་ཚར་ཞིནམ་ལས་ ཁོ་གི་ཕྱག་འདི་ ཁོ་ར་གི་ཕྱག་འབད་ནི་འདི་གིས་ ཧ་ལམ་ཅིག་ལས་ ཏེ་ད་འ་ནཱི་ཅིག་འབད་ར་ལུས་ནུག་བ་ཏེ་ལགས། འ་ནཱ་ལུ་ ཁོ་གིས་འདི་འཆམ་འདི་མ་མཛད་པས་བ་ འཆམ་འདི་མ་མཛད་པར་ ཁོ་གི་ཕྱག་མཛུབ་མོ་ལྔ་གིས་ ད་འ་ནཱི་འདི་འབད་བ་ཅིན་ འཆམ་འདི་ག་གིས་བཟོ་ཡི་ཟེར་བ་ཅིན་ འཆམ་ཨ་ཞེ་ལྷ་མོ་འཆམ་འདི་འབད་བ་ཅིན་ ག་གིས་བཟོ་ཡི་ཟེར་བ་ཅིན་ ད་ང་བཅས་འཆམ་ངོ་མ་བཟོ་མི་འདི་འབད་བ་ཅིན་ ཏེ་བླ་མ་ལྕགས་བསམ་དབང་པོ་ཟེར་མི་ཅིག་ཡོད།
  • ཕུར་པ་དབང་འདུས་
    Phurpa Wangdi: ང་བཅས་ད་རེས་ནངས་པར་ བླ་མ་ལྕགས་བསམ་ཟེར་ཅིག་ཡོད་ བླ་མ་ལྕགས་བསམ་དབང་པོ་ཟེར་བ་ཅིན་ ཁོ་ལུ་བླ་མ་ལྕགས་བསམ་དབང་པོ་ཟེར་མི་གིས་ ང་བཅས་ད་རེས་ནངས་པར་ འཆམ་འདི་ལྷ་ག་ལུ་བསྟེནམ་སྨོ་ཟེར་བ་ཅིན་ ལྕགས་བསམ་དབང་པོ་ལུ་བསྟེནམ་ཨིན། ཨ་ཞེ་ལྷ་མོའི་ལྷ་འདི་ ལྷ་འདི་འབད་བ་ཅིན་ ལྕགས་བསམ་དབང་པོ་ལུ། འ་ནཱི་འཆམ་འདི་ གུ་རུ་རིན་པོ་ཆེ་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེ་གིས་ ཕྱག་མཛུབ་ལྔ་གིས་ ཁོང་ལྷ་འདྲེ་མི་གསུམ་ཐམས་ཅད་ འ་ནཱི་བཟུམ་སྦེ་དམ་བཏགས་ནི་འདི་གིས་ འ་ནཱི་འདི་ ང་བཅས་ར་ཨ་ཞེ་ལྷ་མོའི་འཆམ་བཟོ་དགོ་པས་ཟེར་ ཨ་ཞེ་ལྷ་མོ་བཟོ་མི་ངོ་མ་འབད་བ་ཅིན་ ད་འགོ་ཕྱག་མཛུབ་ལྔ་གིས་ཨ་ནཱི་མཛད་གནང་མི་ ཨྱོན་གུ་རུ་རིན་པོ་ཆེ་
  • ཕུར་པ་དབང་འདུས་
    Phurpa Wangdi: ཤུལ་ལས་འཆམ་བཟོ་མི་འབད་བ་ཅིན་ བླ་མ་ལྕགས་བསམ་དབང་པོ་ཟེར་མི་གིས་བཟོ་བཟོཝ་ཨིན་པས་ཟེར་ ང་བཅས་ནཱ་འཆམ་འདི་ ཨ་ནཱི་ཨ་ཞེ་ལྷ་མོ་འདི། ཏེ་ཁོ་གིས་བཟོཝ་ད་ལུ་ ག་དེ་སྦེ་བཟོ་ཡི་ཟེར་བ་ཅིན་ འ་ནཱི་འདི་ གཞི་ག་ལུ་བཞག་བཞགཔ་སྨོ་ཟེར་བ་ཅིན་ ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ལུ་གཞི་བཞག་སྦེ་ ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ལུ་ གཞི་བཞག་སྟེ་ ཡ་འ་ནཱི་འདི་ དམག་དཔོན་སྦོམ་འདི་ཉ་པ་འབད་ ཁོ་འདི་ཆོས་རྒྱལ་ནོར་བཟང་ ཆོས་རྒྱལ་ནོར་བཟང་གི་ཨམ་སྲུ་ལྷ་མོ་འདི་ ཨམ་སྲུ་སྦོམ་ཤོས་སྟེང་ལྷ་ཡི་བུམོ་ འོག་ཀླུ་ཡི་བུམོ་འདི་ མོ་འདི་ མཇུག་ར་ དམག་དཔོན་གྱི་འཁོར་གཡོག་འབད་དེ་ ཁོང་འ་ནཱི་ཕྱག་མཛུབ་ འ་ནཱི་འདི་ཡིད་འཕྲོ་ལྷ་མོ་དང་ དེ་ལས་འ་ནཱི་བཟུམ་འདི་ ཨ་ཞེ་ལྷ་མོ་ཟེར།
  • ཕུར་པ་དབང་འདུས་
    Phurpa Wangdi: ཨ་ཞེ་ལྷ་མོ་ཟེར་སླབ་དགོ་པའི་ཁུངས་ག་ཅི་སྨོ་ཟེར་བ་ཅིན་ ཨ་ཞེ་ལྷ་མོ་ཟེར་བ་ཅིན་ སྟེང་ལྷ་ཡི་བུམོ་གི་མཚན་ཨིན་མས་བ་ངོ་མ་འདི་ ཨ་ཞེ་ལྷ་མོ་ཟེར། གནམ་མེད་ས་མེད་བརྩིས་ དེ་ལས་འ་ནཱི་འཆམ་ ཡ་ཧེ་མ་གུ་རུ་རིན་པོ་ཆེ་གི་ཕྱག་གིས་ འ་ནཱི་བཟུམ་ཅིག་གནང་གནངམ་ཨིན་མས། འ་ནཱི་འདི་ ང་བཅས་ར་འཛམ་བུ་གླིང་ལུ་རྟེན་སྦེ་བཞག་དགོ་པས་ འཆམ་བཟོ་དགོ་པས་ཟེར་ འཆམ་བཟོ་མི་འདི་ བླ་མ་ལྕགས་བསམ་དབང་པོ་ཨིན་ཟེར་
  • ཕུར་པ་དབང་འདུས་
    Phurpa Wangdi: ད་ད་རེས་ནངས་པར་ང་བཅས་ར་ ཕུག་ལྕགས་བསམ་དབང་པོ་ཟེར་ ང་བཅས་ཀྱི་ཕུག་ལྕགས་བསམ་གི་ཨ་ཞེ་ལྷ་མོ་གི་ ལྷ་འདི་འབད་བ་ཅིན་ བླ་མ་ལྕགས་བསམ་དབང་པོ་ལུ་བསྟེན་དོ་ཟེར་ཞུ་ནི་ཨིན། ད་ད་རེས་ནངས་པར་ འཆམ་ངོ་མ་འདི་ ཕར་རྟ་དབང་ཞོར་ཕི་ཟེར་ས་ལུ་ཡོད་ངོ་མ་འདི་ དེ་ལས་གཅིག་ མཚོ་ཆེན་པདྨ་ལམ་མཚོ་ཟེར་རུང་ འ་ནཱི་ཞོར་ཕི་གི་ཕར་ཁ་ལུ་ ད་རེས་ནངས་པར་བལྟ་ནི་གི་མཚོ་ཡང་ཡོད། ཏེ་ཕུག་ལྕགས་བསམ་དབང་པོ་ཟེར་རུང་ཡང་ ད་ད་རེས་ནངས་པར་ ཕུག་ལུ་གྱུར་ཏེ་ཡོད་ ཡར་ལུ་ད་རེས་ནངས་པར།
  • ཕུར་པ་དབང་འདུས་
    Phurpa Wangdi: ད་ ང་བཅས་ཀྱི་ནཱ་ ཨ་ཞེ་ལྷ་མོ་འཆམ་འདི་ གནོད་པ་དང་ཕན་པ་འདི་ ག་ཅི་སྨོ་ཟེར་བ་ཅིན་ ད་བཅས་རའི་རྫོང་གཞིས་དང་ དེ་ལས་ཁྱིམ་ས་བསླང་ནི་ ཁྱིམ་སྒྲུབ་འབད་ནི་ དེ་གི་སྐབས་ལུ་ ཏེ་འ་ནཱི་ཨ་ཞེ་ལྷ་མོ་འཆམ་འདི་རྐྱབ་བཏུབ་ཟེར་ འ་ནཱི་བཟུམ་ག་ར་ཤེས་མི་ཚུ་གིས་ཤེས། ཏེ་ད་གཙོ་བོ་ར་ བཏུབ་དགོ་པའི་ཁུངས་ག་ཅི་སྨོ་ཟེར་བ་ཅིན་ གུ་རུ་རིན་པོ་ཆེ་གིས་ ཏེ་འ་ནཱི་ཕྱག་མཛུབ་ལྔ་གིས་མཛད་གནང་ནི་འདི་གིས་ ཁོ་གི་འ་ནཱི་གིས་ ད་བསམ་ཡས་ལྷ་ཁང་ར་ བཞེངས་ཚུགས་ནི་འདི་གིས་ ད་རེས་ནངས་པར་ ཨ་ཞེ་ལྷ་མོ་འཆམ་འདི་ ལྷ་ཁང་སྒྲུབ་རུང་ཁོ་གིས་བཏུབ་ མ་སྒྲུབ་པར་ ཁོ་གི་ས་བཏུལ་ཟེརཝ་ཅིག་ཡོད་ འཆམ་རྐྱབ་ད་ལུ་ ད་ས་བཏུལ་ནི་གི་
  • ཕུར་པ་དབང་འདུས་
    Phurpa Wangdi: ང་བཅས་ས་དུལ་ཟེར་ཅིག་ འཆམ་རྐྱབ་ནི་ཅིག་ཡང་ཡོད། ཏེ་ད་ ཁྱིམ་སྒྲུབ་རུང་ རྫོང་སྒྲུབ་རུང་ འ་ནཱི་འཆམ་འདི་རྐྱབ་བཏུབ། བཟོཝ་ད་ལུ་ཡང་ ས་བཏུལ་ནི་ཟེར་ འ་ནཱི་གིས་མ་བཏུབ་ཅིག་ག་ནི་ཡང་མེད། ཏེ་ད་ད་རེས་ནངས་པར་ ང་བཅས་ཀྱི་ལོ་ཐོག་དང་འདི་ཚུ་ཡང་ ང་བཅས་ཀྱི་འཆམ་རྐྱབ་ནི་ཡོད། ཧེ་མ་ ང་བཅས་ཀྱི་སྐབས་ལུ་ འཆམ་གནམ་མེད་ས་མེད་ཅིག་མ་རྐྱབ་ ང་བཅས་ཀྱི་སྐབས་སུ་ ག་ཅི་རྐྱབ་སྨོ་ཟེར་བ་ཅིན་ ཏེ་ང་བཅས་ཚུ་འཆམ་འགོ་རྐྱབ་ད་ གཡུས་ཚན་ནང་ལུ་ ཟླ་བ་དང་པ་ལོ་གསར་ལུ་ ཟླ་བ་དང་པ་ལོ་གསར་གི་ནང་ན་དང་ ཏེ་འ་ནཱི་བཟུམ་ཚེས་བཅུ་ དེ་ལས་གཡུས་ཚན་ནང་ལུ་ རང་སོ་སོ་གི་ ཡ་འ་ནཱི་བཟུམ་འཆམ་ཅིག་རྐྱབ་གནང་ ང་བཅས་ཀྱིས་ཁ་བཟེད་དེ་སྦྱིན་བདག་འཐོན་ནི་ཨིན་ཟེར་བ་ཅིན་ ཏེ་ང་བཅས་རྐྱབ་ནི་ཡོད།
  • ཕུར་པ་དབང་འདུས་
    Phurpa Wangdi: ཏེ་མེད་པ་ཅིན་ ད་རེས་ནངས་པར་འདི་ འ་ནཱི་བཟུམ་འབད་མི་ཡང་མིན་འདུག ཏེ་ཨིན་རུང་ར་ད་ ང་བཅས་ཀྱི་འདི་ ལོ་བཟློག་གི་ཡང་ ཁོ་གི་ཨ་ཙི་རེ་ ལོ་བཟློག་གི་འཆམ་ཨིན་ཟེར་ ང་བཅས་ར་མར་ ར་སྡི་ཕོངས་མེད་འགྱོ་རུང་ཡང་ ང་བཅས་ཀྱི་ལོ་བཟློག་ཨིན་ཟེར་ ཁོང་གིས་ཆ་བཞག་སྟེ་ ལེགས་ཤོམ་ཅིག་འབདཝ་ཨིན། ཏེ་ཨིན་རུང་ར་ གཙོ་བོ་ར་ འ་ནཱི་ངོ་མ་ངོ་མ་འདི་འབད་བ་ཅིན་ ཏེ་རྫོང་གཞིས་དང་ ས་སྟོང་རི་སྟོང་ དེ་ལས་ས་གོཉ་ཀླུ་གཉན་ལུ་ འ་ནཱི་གིས་བཏུབ་ཨིན་ཟེར་ ཨ་ཞེ་ལྷ་མོའི་འཆམ་འདི། དེ་ལས་ཁོ་གི་མ་བཏུབ་ཅིག་ག་ནི་ཡང་མེད་ཟེར་ ཨ་ཞེ་ལྷ་མོ་རྐྱབ་དགོ་པའི་ཁུངས་ངོ་མ་འདི་ཨིན།
  • ཕུར་པ་དབང་འདུས་
    Phurpa Wangdi: ཏེ་ཨ་ཞེ་ལྷ་མོ་འདི་ ད་རེས་ནངས་པར་ ངབཅས་ཀྱིས་གནམ་མེད་ས་མེད་འཆམ་འདི་ ཧེ་མ་བཟུམ་འབད་ནི་མིན་འདུག ཏེ་འབད་རུང་ཡང་ ད་གཙོ་བོ་ར་ ལམ་ལུགས་སྲོལ་འདི་དང་ ང་བཅས་ར་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་འབད་ ང་བཅས་ཀྱིས་ཨ་ཙི་རེ་ རྩ་འགེངས་ཏེ་མ་ཉམས་ཅིག་བཞག་སྟེ་ཡོད། ཏེ་ད་འཆམ་འབད་ར་མེད་དེ་འབད་རུང་ ཏེ་ང་བཅས་ཀྱིས་ གཙོ་བོ་ལམ་ལུགས་འ་ནཱི་བཟུམ་ཅིག་ ཨིན་མས་ཟེར་ འ་ནཱི་འདི་གཙོ་བོ་ང་བཟུམ་ཅིག་མེད་རུང་ ངེ་གི་བུཚ་ཚུ་ལུ་ ང་བཅས་ཀྱི་འཆམ་ཤུལ་འ་ནཱི་ཨིན་མས་ཟེར་ འ་ནཱི་བཟུམ་ལམ་ལུགས་དེ་སྦེ་ཨིན་ཟེར་ འ་ནཱི་བཟུམ་ཅིག་སླབ་སྟེ་ འ་ནཱི་བཟུམ་སྦེ་ བུཚ་ཚུ་ལུ་ཤུལ་ཅིག་སླབ་ནི་ལུ་ ག་ཨིན་ཏེ་འབད་རུང་ ལམ་ལུགས་འ་ནཱི་བཟུམ་ཅིག་ཨིན་མས་ཟེར་
  • ཕུར་པ་དབང་འདུས་
    Phurpa Wangdi: ཏེ་འ་ནཱི་བཟུམ་ ང་བཅས་ཀྱིས་རྩ་འགེངས་ཏེ་ར་ གནམ་མེད་ས་མེད་འཆམ་རྐྱབ་སྟེ་འབད་མ་ཚུགས་རུང་ ཏེ་མ་ཡལཝ་ཅིག་སྦེ་བཞག་ནི་སྦེ་མནོ་སྟེ་ཡོད། ཨིན་རུང་ཡང་ གཞུང་གི་ཁ་ཐུག་ལས་ཡང་ ད་རེས་ནངས་པར་ ཏེ་འ་ནཱི་བཟུམ་མའི་ལམ་ལུགས་སྲོལ་འདི་ སྔར་སྲོལ་གི་ལམ་ལུགས་སྲོལ་འདི་ ལེགས་ཤོམ་སྦེ་ར་བདག་འཛིན་འཐབ་དོ་ཟེར་ འཐབ་དགོ་ཟེར་ གཞུང་གིས་ཡང་མཛད་ཡང་མཛདཔ་མས་ ཏེ་འ་ནཱི་བཟུམ་མཛད་ཡང་མཛད་དགོ་པས། ཏེ་ད་བཅས་ཀྱི་འཆམ་འདི་འབད་བ་ཅིན་ ད་ང་གིས་ཡང་ འཆམ་རྐྱབ་སྟེ་ར་ཧ་ལམ་ ལོ་ངོ་ཁལ་འགྱོ་དོ།
  • ཕུར་པ་དབང་འདུས་
    Phurpa Wangdi: ཏེ་འཆམ་གྱི་ནང་ན་གྲས་ཁར་གཏོགས་སྦེ་ ཏེ་ད་རེས་ནངས་པར་ ཨ་ཙི་རེ་ཕར་ཚུར་འབག་ཤོག་ཟེར་བ་ཅིན་ ཏེ་ང་བཅས་ཀྱིས་རྐྱབ་དོ་ གཞན་གཡུས་འཆམ་འབད་དེ་འདི་ ང་བཅས་ནཱ་རྐྱབ་ནི་མེད། ད་མེད་རུང་ཡང་ད་ ང་བཅས་ཀྱི་ལམ་ལུགས་འདི་ སྔར་སྲོལ་གི་འབྱུང་བའི་འབྱུང་ལུགས་འདི་ བདག་འཛིན་འཐབ་སྟེ་ར་བཞག་གེ་ཟེར་ མནོ་སྟེ་ཡོད་ཟེར་ ང་བཅས་ཀྱིས་ཞུ་ནི་འདི་ འ་ནཱི་ཅིག་ཞུ་ནི། ཏེ་ཨ་ཞེ་ལྷ་མོ་གི་སྐོར་ལས་ ཏེ་གནམ་མེད་ས་མེད་ཅིག་མིན་འདུག་ ཨིན་རུང་ཡང་ ང་བཅས་ཀྱིས་ སྔར་སྲོལ་ལམ་ལུགས་འདི་ མ་ཉམས་ཅིག་སྦེ་ར་བཞག་ནི་ཟེར་ མནོ་སྟེ་ཡོད་ཟེར་ཞུ་ནི་ཨིན། ལགས་སོ་ བཀའ་དྲིན་ཆེ་ལགས།། །།