Video Overview
གླུ་འདི་ནི་སྒོ་གླུ་ཞིག་རེད།སྟོན་མོའི་སྐབས་སུ་མགྲོན་པོ་རྣམས་སྒོ་རུ་འབུད་ཁར་ལེན་ཞིང་།གླུ་མ་བླངས་ན་སྟོན་མོ་འཇོག་མཁན་གྱིས་སྒོ་ཕྱེ་པ་མ་རེད།
- སྟོབས་ལྡན།སྒོ་མགོ་གསེར་མཁར་དགུ་ཐོག་རེད།།
- གསེར་དགུ་ཐོག་ཉི་མ་རང་ཤར་རེད།།
- སྒོ་རྐེད་ཤིང་ལོ་ཡར་འཁྱིལ་རེད།།
- ཤིང་ཡར་འཁྱིལ་ཁུ་བྱུག་ཚེ་འཁོར་རེད།།
- སྒོ་ཞོལ་མཚོ་མོ་ཡར་འཁྱིལ་རེད།།
- མཚོ་ཡར་འཁྱིལ་ཉ་སྲམ་ཚེ་འཁོར་རེད།།