Skip to main content Skip to search
19 Jul 2018
2 min 25 sec
Video Overview
Creators: 
Yeshi Wangchuk, Rinchen Dorji

Rinchen Phuntsho has studied statue making for three years in Dehradun, India. Though the art of making statues has existed for centuries, it is not known from where making statues for offerings originated. They suggest perhaps it originated in India itself. The art of creating statues has changed over time. Offerings should be made to each and every Buddha; we should not give only specific offerings, but rather give them equally to each and every Buddha. People tend to think that making offerings means offering songs to gods, but that would not be correct. There are 16 offering goddesses, some carrying flowers, others incense, and others carrying thoep; each has a different name.

སྐུ་བཟོ་ནི་འདི་ ཁོ་གི་རྒྱ་གར་ད་ར་དུན་ལུ་འབད་ ལོ་གསུམ་གྱི་རིན་ལུ་ལྷབ་ནུག། དེ་འབདཝ་ད་ སྐུ་བཞེངས་ནི་འདི་ འབྲུག་རྒྱལ་ཁབ་ནང་ལུ་ དང་ཕུག་ལས་རང་འདུག་ཟེར་ ཞུ་ནི་ཨིན། མཆོད་པའི་ལྷ་མོའི་སྐུ་འདྲ་འདི་ ག་ཏེ་ལས་འབྱུངམ་ཨིན་ན་ མ་ཤེསཔ་ ཨིན་མས། རྒྱ་གར་ལས་རང་འབྱུངམ་འབྱུངམ་བཟུམ་ཅིག་འདུག་ཟེར་ཨིན་མས། མཆོད་པའི་ལྷ་མོ་འདི་ ག་ར་ལུ་འགྱོ་དོ་ཡོདཔ་ཨིན་མས། ཁོང་ཚུ་སྲོདཔོན་ཨིན་མས།  སྐུ་བཞེངས་ནི་འདི་ཧེ་མ་དང་ཕྱེདཔ་ད་ ད་རེས་ནང་པ་གོང་འཕེལ་འགྱོ་དོ་ཟེར་ཨིན་མས། དང་ཕུག་འབད་བ་ཅིན་ སྐུ་བཞེངས་ནིའི་ཅ་ཆས་ འདི་ཚུ་ཡང་ འཐོབ་ནི་ལུ་ལ་ཁག་ཡོད་པའི་ཁར་ བཞེངས་ནི་འདི་ཡང་ ལ་ཁག་ཡོད་ཟེར་ཨིན་མས། མཆོད་པའི་ལྷ་མོའི་འདི་ ཕྱོགས་བཅུ་ནིབཞུགས་པའི་སངས་རྒྱས་ག་རང་ལུ་ ཕུལ་དགོཔ་ཨིན་མས། སངས་རྒྱས་ག་ར་ ལྕོགས་ར་འཐདཔ་འབད་ མཆོད་པ་ཕུལ་དགོཔ་འདི་ འགལ་ཆེ་ཟེར་ ཨིན་མས། འདི་མཆོད་པ་འདི་ བླ་མ་ཚུ་ལུ་ཨིན་ཟེར་སླབ་ནི་དང་ འ་ནི་སངས་རྒྱས་ལུ་ཕུལ་ནི་ཟེར་འབད་ནི་འདི་ རྩ་ལས་ར་ མི་བཏུབ་དོ་ཡོདཔ་ཨིན་མས། །སྤྱིར་བཏང་མཆོད་པའི་ལྷ་མོ་ཟེར་སླབ་ད་ལུ་འདི་ ང་བཅས་ཀྱི་སེམས་ལུ་ གླུ་གི་མཆོད་པ་ཕུལ་མི་བཟུམ་ཅིག་ ཚོརཝ་མས། དེ་འབདཝ་ད་ འདི་བཟུམ་མེན་བ་ ཁོ་ཡང་དྲང་མི་ཨིན། གསོལ་དཔོན་ཨིན་ཟེར་བཤདཔ་ ཨིན་མས། མཆོད་པའི་ ལྷ་མོ་བཅ་དྲུག་ཡོད་མི་ཚུ་ ལ་ལུ་ ཕྱག་ལུ མེ་ཏོག་གནམ་ ལ་ལོ་ཅི་གི་སྤོས་རྣམས་ཏེ་ ཡོདཔ་ཨིན་མས། མཆོད་པའི་ ལྷ་མོ་བཅུ་དྲུག་ལུ་ མཚན་རེ་རེ་ཡོདཔ་ཨིན་མས། 

Transcript search
No results found for this search
0 of 0
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་མཆོད་པ་ཕུལ་སའི་མཆོད་པའི་ལྷ་མོ་ འ་ནཱི་འདི་ང་བཅས་ཀྱི་ ད་མཆོད་པའི་ལྷ་མོ་ཟེར་མི་འདི་ ད་ཁོ་འ་ནཱི་ནང་ སངས་རྒྱས་འ་ནཱི་ནང་མཆོད་པ་ཕུལ་མི་གསེས་མེད་ སངས་རྒྱས་ཡོད་རེ་ཡོད་རྣམས་ལུ་མཆོད་པ་ཕུལ་མི་ཨིན།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཕྱོགས་བཅུ་ནི་བཞུགས་པའི་སངས་རྒྱས་ག་ར་ལུ་ཕུལ་མི་ཁོ་ འ་ནཱི་བླ་མ་ཚུ་ལུ་ཨིན་ འ་ནཱི་སངས་རྒྱས་ལུ་ཕུལ་ནི་ཟེར་མེད་ ཁོ་འདི་ག་ར་མཆོད་པའི་ལྷ་མོ་འབདཝ་ད་ལུ་ ག་ར་སྤྱིར་བཏང་གི་མཆོད་པ་ཕུལ་མི་ཅིག་ར་ཨིན་ཁོ་ཡ།
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    ལ་སོགས་ མ་འདྲཝ་མ་འདྲཝ་སྦེ་འདུག་སྨོ་ལགས་ འ་ནཱི་ཚུ་ཡང་མཆོད་པའི་ལྷ་མོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    མཆོད་པའི་ལྷ་མོ་འདི་ཡོད་ མ་འདྲཝ་འ་ནཱེ་སྦེ་ དཀར་སེར་དམར་ལྗང་སྦེ་ར་ཡོད་སྦ་ ཨིན་རུང་ཏེ་ཁོ་མཆོད་པའི་ལྷ་མོ་ཟེར་མི་འདི་ ཁོ་བསམ་གྱིས་མི་ཁྱབ་པ་ཡོད་སྦ་ འ་ནཱི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་ཡོད་སྦ་ འ་ནཱི་རེ་རེ་བཞིན་དུ་འདི་ རང་ར་སོ་སོར་ འ་ནཱི་འགྱོ་འོང་སྦ་ལགས་ མཆོད་པ་ཕུལ་སྦེ།
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    སྤྱིར་བཏང་ ང་བཅས་མཆོད་པའི་ལྷ་མོ་ཟེར་ ད་སླབ་ད་ལུ་ད་ ང་བཅས་ཀྱིས་འདི་ད་ གླུ་གི་མཆོད་པ་ཕུལ་མི་ འ་ནཱི་བཟུམ་ཅི་ཚོརཝ་མས་སྦ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་བཟུམ་སྦེ་མེན་ ཁོ་འདི་འ་ནཱི་ ང་བཅས་ཀྱི་འ་ནཱི་གིས་ ཁོ་ཡང་དྲངས་མི་ གསོལ་དཔོན་ཨིན་གསོལ་དཔོན་ ང་བཅས་ར་ དཔེར་ན་བླ་མའི་གསོལ་དཔོན་ བླམ་གྱིས་བཞེས་ནི་རྐྱངམ་ཅིག་ར་ཨིན།
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    ད་འ་ནཱི་ཚུ་ཡང་ ག་དེ་སྦེ་ཡོད་ མཁོ་འདོད་བསྐྱེད་མི་འོང་མས་ག་ལགས་ འ་ནཱི་ཚུ་ཡང་།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ད་འ་ནཱི་ཡང་རེ་རེ་གཉིས་ཐོན་མས་ གནམ་ས་མེད་མི་ཐོན་ ཨོང་འ་ནཱི་འདི་རེ་རེ་གཉིས་ར་ཨིན།
  • ་ Yeshi Wangchuk ཡེ་ཤེས་དབང་ཕྱུག
    ད་མ་པ་ག་ཅི་ ག་ཅིག་ཁར་འགྱོཝ་སྨོ་ལགས?
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཨེང་་་གུ་རུ་ ཧ་ལས་མངམ་འ་ནཱི་ གུ་རུ་ནང་ཡང་འགྱོ་འོང་ སངས་རྒྱས་སྤྱིར་བཏང་ག་ར་ལུ་འགྱོ་འོང་ཁོ་འདི་ འ་ནཱི་དང་ཅིག་ཁར་ཟེར་མེད་ ད་རང་ར་སོ་སོར་ ག་ར་ཅིག་ཁར་འགྱོ་འོང་ཁོ་ སངས་རྒྱས་རེ་རེ་བཞིན་དུ་ལུ་འགྱོ་འོང་འ་ནཱི།
  • རྟེད་འབྲེལ་བཟང་པོ Tendral Zangpo
    འ་ནཱི་མཆོད་དཔོན་ལྷ་མོ་བཅུ་དྲུག་ཟེར་ཡོད།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཡོད་ ཏེ་འ་ནཱི་འ་ནཱི་འདི་ ག་ཅི་བསྒྲུབ་རུང་བཏུབ་བ་ ཏེ་ཕྱག་ནང་ལ་ལུ་ཅིག་མེ་ཏོག་བསྣམས་ ལ་ལོ་ཅི་སྤོས་ ལ་ལུ་ཅི་གིས་འ་ནཱི་སོ་སོར་སོ་སོར་བསྣམས་སྦེ་ཡོད་སྦ་ ཐོད་པ་བསྣམས་ལ་ལུ་ཅིག
  • ་ Tendrel Zangpo རྟེན་འབྲེལ་བཟང་པོ
    མཆོད་པའི་ལྷ་མོ་བཅུ་དྲུག་ཡོད་ས་ལུ་ ཏེ་ག་རང་ལུ་མཚན་རེ་རེ་ཡོདཔ་འོང་ནི་མས་སྨོ།
  • ་Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་མཚན་ཡོད་རེ་རེ་བཞིན་དུ་སྦེ་ ཏེ་འ་ནཱི་མཚན་འ་ནཱི་ཨིན་ འ་ནཱི་ཨིན་ཟེར་ ཏེ་ང་བཅས་མི་གི་འདུག་མེན་ན་ འ་ནཱི་བཟུམ་སྦེ་ཡོད་ཁོ་དཔེ་ཆ་ནང་ ཏེ་འ་ནཱི་རེ་རེ་བཞིན་དུ་སླབ་ནི་འདི་ ང་བཅས་ཀྱིས་སླབ་མི་ཚུགས་པས།
  • རྟེད་འབྲེལ་བཟང་པོ Tendral Zangpo
    ལགས་སོ།