Skip to main content Skip to search
19 Jul 2018
2 min 33 sec
Rating
0
No votes yet
Video Overview
Creators: 
Yeshi Wangchuk, Rinchen Dorji

For three years, Rinchen Phuntsho was trained in how to make statues of Akshobhya. Statues were made for many centuries, but it has become easier to do. It is considered important to have a statue of Akshobhya at our home. Akshobaya carries a vajra, and with the right hand  signals when we burn a dead body; the words “om ro tsa ni ro tsa ni kang kani kang ni” are chanted as well as kept as relics.

Show More

  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    འ་ནཱི་འདི་ མི་འཁྲུགས་པ་གསེས་སླབ་མི་འདི་འ་ནཱི་ཨིན་ འ་ནཱི་ནང་ རྡོ་རྗེ་བསྣམས་ ཏེ་འ་ནཱི་ཕྱག་འདི་ འ་ནཱི་མར་བཞགས་མི་འདི་ ཏེ་འ་ནཱི་ང་བཅས་ཀྱིས་ འ་ནཱི་རོ་བསྲེག་བཏངམ་མས་མེན་ན་ ང་བཅས་ཀྱིས་ ཨོཾ་རོ་ཙ་ནི་རོ་ཙ་ནི་ཀང་ཀ་ནི་ཀང་ཀ་ནི་ གཟུངས་འདི་འ་ནཱི་ཨིན།
  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    ང་བཅས་ར་ འ་ནཱི་མི་ཤི་དབང་བསྐུར་བཏངམ་མས་མེན་ན་འ་ནཱི་ཨིན་ ཏེ་འ་ནཱི་འདི་མི་འཁྲུགས་པ་འདི་བསྒྲུབ་དགོ་ ཚེ་ད་རེས་ལུ་འདི་ང་བཅས་ལྷ་ ཕྱི་མ་གི་ཡང་ ང་བཅས་ཀྱི་འ་ནཱི་ མི་ཤི་དབང་བསྐུར་ཁོ་ར་འབད་དགོ།
  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    ཏེ་ཁོ་གིས་ འ་ནཱི་རྡོ་རྗེ་བསྣམས་མི་འདི་ འ་ནཱི་ང་བཅས་ཀྱིས་ འ་ནཱ་ལས་ཡར་འགྱོ་ནི་གི་ཚུལ་རྣམ་ཤེས་འདི་ ཏེ་འ་ནཱི་འ་ནཱི་ མི་འཁྲུགས་པ་འདི་བསྒྲུབ་ར་བསྒྲུབ་དགོ་ སྐུ་ཤུལ་ལས་ འ་ནཱི་མི་འཁྲུགས་པ་སྐུ་བསྒྲུབས་ཟེར་ ཐོན་འོང་སྦ་རྩིས་ནང་ལས།
  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    ཏེ་འ་ནཱི་ད་ལྟོ་བསྒྲུབ་བཞག་པ་ཅིན་མི་ཐོན་འ་ནཱི་ ཡང་ན་མི་འཁྲུགས་པ་སྐུ་སྟོང་ཡང་བཞེངས་གསེས་ཐོན་འོང་སྦ་ཏེ་ དེ་བསྒང་ལས་ རང་དམྱལ་ཁམས་བཅོ་བརྒྱད་ལས་གཏང་དོ་གསེས་ ལ་ལོ་ཅིག་མི་འཁྲུགས་པ་བསྒྲུབ་དགོཔ་ཐོན་འོང་སྦ་རྩིས་ནང་ལས་ ཤི་ཚརཝ་ད་ལུ།
  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    ལ་ལོ་ཅིག་གིས་ གུ་རུ་བསྒྲུབ་དགོ་ཟེར་ཐོན་འོང་སྦ་ ལ་ལོ་ཅིག་གིས་སྤྱན་རས་གཟིགས་བསྒྲུབ་དགོ་ཟེར་ ཏེ་འ་ནཱི་བཟུམ་སྦེ་ཐོན་སྡོད་འོང་སྦ་ ང་བཅས་རྩིས་སོ་སོར་ རྩིས་ཅོག་ར་གཅིག་ འ་ནཱི་སྐུ་ཅོག་ར་གཅིག་བསྒྲུབ་ནི་གི་མི་ཐོན་རྩིས་ནང་།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ཁོ་གི་ཕྱག་མཚན་དང་འ་ནཱི་ཚུ།
  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    འདི་ཁོ་འདི་ འ་ནཱ་འ་ནཱ་འདི་དེ་ འ་ནཱ་ནང་འདི་ རྡོ་རྗེ་ལོ་མེན་ན་ རྡོ་རྗེ་ལོང་སྦེ་ འ་ནཱི་ནང་ཕྱག་འདི་འ་ནཱེ་སྦེ་བཞག་སྦེ་ ཏེ་གཅིག་འདི་མར་མར་ར་ཨིན་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱག་བཟུམ་སྦེ་ར་མར་འ་ནཱེ་སྦེ་བཞག་སྦེ།
  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    དེ་ལས་ འ་ནཱི་མེ་ཏོག་པདྨ་ ཉི་མ་ཟླ་བ་འདི་ག་ར་ཅོག་གཅིག་ དེ་ལས་འ་ནཱི་ཞབས་འདི་དཀྱིལ་ཀྲུང་ཨིན་ འ་ནཱི་དཀྱིལ་ཀྲུང་སྦེ་ར་ཨིན་ཁོ་ཡང་།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    སྐུ་མདོག་འབད་བ་ཅིན།
  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    ཨ་་་་སྐུ་མདོག་འདི་ དཀརཔོ་ཨིན་ཁོ་འདི་ ད་འ་ནཱི་ ཏེ་ད་ལྟོ་འདི་ ཁོ་འ་ནཱི་ང་བཅས་གསེར་གྱི་འདི་ སྤྱིར་བཏང་རོགས་སེརཔོ་འགྱོཝ་མས་སྦ་ ཨེང་་་་གུ་རུ་གི་སྐུ་མདོག་སོ་སོར་ཡོད་ རྡོ་རྗེ་སེམས་དཔའི་དཀར་པོ་ཡོད།
  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    ཏེ་འ་ནཱི་བཟུམ་སྦེ་སོ་སོར་སོ་སོར་ ཏེ་འ་ནཱེ་སྦེ་འབདཝ་ད་ལུ་ ཁོའི་ད་ད་ལྟོ་ གསེར་གྱི་འདི་སྤྱིར་བཏང་ནང་འདི་ ག་ར་གསེར་སྦེ་འགྱོཝ་མས་ན་འ་ནཱེ་སྦེ་ འ་ནཱི་འགྱོཝ་མས་ཁོ་ དེ་ལས་འ་ནཱི་ཏེ་ རིགས་ལྔ་ཡོད་སྦ་ཁོ་ལུ་ ཡར་འ་ནཱི་དབུ་ལུ་འདི་ ཡར་རིགས་ལྔ་འ་ནཱི་ཡོད་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    མཚན་རྟགས་འབད་བ་ཅིན་ ཕོ་མོ་ཨིན་ན་ལགས?
  • ་ Rinchen Phuntsho རིན་ཆེན་ཕུན་ོགས
    འ་ནཱི་ཕོ་ཨིན་ ཕོ་མི་འཁྲུགས་པ་ཟེར་མི་འདི་ ཏེ་ང་བཅས་ཀྱིས་ ཏེ་འ་ནཱི་རིགས་ལྔ་ ཏེ་འ་ནཱི་སྦེ་ སྤྱན་རས་གཟིགས་ཡང་ཕོ་ ཁོ་ཡང་ཕོ་ གུ་རུ་ཡང་ཕོ་ ཏེ་འ་ནཱི་བཟུམ་སྦེ་ཡོད།