Video Overview
Although the founder of the temple is unknown, oral tradition claims it was founded 400 years ago. The temple is considered one of the most sacred temples in the area as it was blessed by a spiritual master from Tibet who subdued local demons. In 2011, a severe earthquake hit the temple. The temple shrine was saved with a piece of plank that prevented the walls from crumbling down. The main sacred object in the temple is Avalokiteshvara. The temple's main relic, a self-arisen cymbal, was stolen by a man named Lhatu and carried to the Paro fortress, where it remains today.
༉ པདྨ་དབང་ཕྱུག་གིས་བཤད་མི་ནང་ གསོལཝ་བཏབ་ས་ལྷ་ཁང་འདི་ བཞེངས་མི་ག་ཨིན་ན་ཁ་གསལ་ཅིག་མ་ཤེས་རུང་ ཁ་རྒྱུན་གྱི་ལོ་རྒྱུས་དང་འཁྲིལ་བ་ཅིན་ མི་ལོ་༤༠༠ ལྷག་ཙམ་ཅིག་གི་ཧེ་མ་ལས་ཡོདཔ་སྦེ་བཤད་དོ་ཡོདཔ་མས། བོད་ཀྱི་བླམ་ཅིག་གིས་བཞེངས་བཞེངསམ་ཨིནམ་སྦེ་ ཡིད་ཆེས་བསྐྱེད་མི་ལྷ་ཁང་འདི་ ས་གནས་དེ་ཁའི་གནས་རྩ་ཅན་ཅིག་སྦེ་བརྩིཝ་ཨིནམ་ད་ ལྷ་ཁང་འདི་ཧེ་མ་ཚར་ཅིག་ འདྲེ་དང་བདུད་ཀྱི་དབང་ཆིཔ་ལས་བརྟེན་ མི་ལེ་ཤ་ཅིག་ལུ་གནོད་པ་བཀལ་བའི་ལོ་རྒྱུས་འདུག ཨིན་རུང་ ཤུལ་ལས་བླམ་སྦོམ་ཅིག་བྱོན་སྦེ་བྱིན་གྱིས་བརླབས་གནངམ་ལས་བརྟེན་ ད་རེས་ནངས་པར་ སྐྱབས་མགོན་ཞུ་སའི་གནས་རྩ་ཅན་ཅིག་སྦེ་ངོས་འཛིན་འབད་དེ་འདུག སྤྱི་ལོ་ ༢༠༡༡ ལུ་ ང་བཅས་རའི་རྒྱལ་ཁབ་ནང་ ས་ཡོམ་ཤུགས་སྦེ་རྐྱབ་པའི་སྐབས་ མཆོད་བཤམ་འདི་ཨེན་ཏ་ཅིག་གིས་ མགུ་ལས་ཕར་བཀབ་སྡོད་དེ་ སྐུ་གསུང་ཐུགས་རྟེན་ཚུ་ལུ་གནོད་སྐྱོན་འབྱུང་མ་བཅུག་པར་ ཧ་ལས་སི་སི་སྦེ་བཞག་ཡོདཔ་ལས་ མི་ཚུ་གིས་ལྷ་ཁང་ནང་གི་རྟེན་གཙོ་བོ་ སྤྱན་རས་གཟིགས་ཀྱིས་གཙོས་པའི་གཞན་ ནང་རྟེན་ཚུ་ལུ་དད་པ་སྦོམ་སྦེ་བསྐྱེད་དོ་ཡོདཔ་ཨིན་མས། ལྷ་ཁང་གི་ནང་རྟེན་གཙོ་བོ་ རོལམོ་ཅིག་ཡོད་མི་དེ་ ལྷ་ཀྲུ་ཟེར་མི་དེ་གིས་ ཨརཝ་བརྐུ་འབག་ཡོདཔ་ད་ ད་ལྟོའི་བར་ན་ཡང་ སྤ་རོའི་རྫོང་ནང་མཇལ་ནི་ཡོདཔ་སྦེ་བཤདཔ་ཨིན་པས།
- Samtse
- པདྨ་དབང་ཕྱུགPema Wangchucuk: ད་ང་བཅས་ གསོལ་བཏབ་ས་ འབྲུག་པ་བིན་དུ་ལྷ་ཁང་གི་སྐོར་ལས་མདོར་བསྡུས་ཅིག་ ང་བཅས་ཀྱིས་ཤེས་ཤེས་མཐོང་མཐོངམ་འདི་ཞུཝ་འདྲཝ་ཅིག་འབད་བ་ཅིན།
- པདྨ་དབང་ཕྱུགPema Wangchucuk: མ་གཞི་ལྷ་ཁང་འདི་ག་གིས་བབཞེངས་ཡི་ག་ ག་དེ་འབད་བཞེངས་ཡི་ག་ ཏེ་ར་དང་ཁུངས་འདི་དྲངས་ནི་མིན་འདུག་ལགས། ཨིན་ཏེ་ར་འབད་ས་ཅིག་རུ་ར་ ལྷ་ཁང་འདི་དང་ཕུ་ད་རེས་བ་ ཏེ་ལོ་བཞི་བརྒྱ་གི་ཧེ་མ་ ཡོད་པའི་ལོ་རྒྱུས་ཨིན་པས་ཟེར་ཞུ་ནི་ལགས།
- པདྨ་དབང་ཕྱུགPema Wangchucuk: འདི་གི་ལོ་རྒྱུས་འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ་ཧེ་མ་ལྷ་ཁང་འདི་མ་བཞེངས་པའི་ཧེ་མ་ལུ་ ཨམ་ཕྱུགཔོ་ཅིག་གི་ནང་ལུ་ ད་རེ་གསོལ་བཏབ་ས་ཨིན་ འདི་གི་ཧེ་མ་བཙག་འཐུ་གིས་ ད་རེས་གསོལ་བཏབ་ས་ཟེར་བཏག་གོ་མི་འདི་ བཙག་འཐུ་ལྷན་ཚོགས་ཀྱི་ཧོང་ཐོག་ལས་སྦེ་བཏགས་བཏགསཔ་མས་ལགས། འདི་གི་ཧེ་མ་ ང་བཅས་ར་འབྲུག་པ་བིན་དུ་ཟེར་ཡོདཔ་ཨིན་ལགས་ མིང་དེ་སྦེ་ཡོད།
- པདྨ་དབང་ཕྱུགPema Wangchucuk: དེ་འབདཝ་ད་ལུ་ ད་རེས་ཀྱི་ས་གོ་འདི་ནང་ལུ་ ཏེ་ཨམ་ཕྱུགཔོ་ཅིག་གི་ནང་ལུ་ གནམ་མེད་ས་མེད་ནོར་བརྒྱ་དང་སྟོང་སྦེ་ཡོདཔ་མས་ལགས། ཏེ་དེ་བསྒང་གི་མིང་ཡང་ པདྨ་ལུང་ཟེར་ཡོད་པའི་ལོ་རྒྱུས་ཨིན་མས་ལགས། འདི་གནམ་མེད་ས་མེད་རྒས་ཤོས་འདི་ཚུ་གིས་ཡང་མི་ཤེས་པས་ལགས།
- པདྨ་དབང་ཕྱུགPema Wangchucuk: ཨིན་ཏེ་འབད་ས་ཅིག་རུང་ བློ་གོ་ཡི་གོ་ཡི་འབདཝ་ད་ དེ་སྦེ་ཨིན་མས་ལགས། ཏེ་ཕྱུག་པོའི་ཁྱིམ་ནང་ལུ་ ཏེ་གནམ་མེད་ས་མེ་བྱ་རོགས་ལེ་ཤ་བཙུགས་ཏེ་གི་འབདཝ་ད་ལུ་ ཏེ་ཕྱུག་པོའི་ཨམ་མོ་རེངསམོ་ཅིག་ཨིནམ་པ་ལས་བརྟེན་ཏེ་གིས་འབད་ ཏེ་ནོར་གྱི་བྱང་ས་ལུ་འགྱོ་མ་ཚུགསཔ་སྦེ་སྡོདཔ་ད་ལུ།
- པདྨ་དབང་ཕྱུགPema Wangchucuk: ཏེ་ག་ར་ ཏེ་ནོར་རྫིཔ་འདི་ཚུ་གིས་ ཏེ་སྣང་བ་གང་ཤར་གི་ཐོག་ལས་འབད་ ཏེ་ལཱ་འབད་ ཏེ་ཡར་དང་མར་ མར་དང་དར་ཚིལ་ཡང་མ་སྐྱེལ་སྦེ་ གནམ་མེད་ས་མེད་ཨམ་འདི་ལུ་བརྒོལ་སྦེ་འབདཝ་ད་ལུ་ ཏེ་ཨམ་འདི་གིས་ གཞན་མི་གི་གཡུས་ཁའི་ཆ་རོགས་འདི་ཚུ་བཙུགས་ཏེ་གི་འབད་ ཁོང་རའི་ནོར་རྫིཔ་དེ་ཚུ་བསད་པའི་ལོ་རྒྱུས་ཨིན་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: དེ་སྦེ་བསད་པའི་མཐའ་མ་ལུ་ མདོར་བསྡུ་སྦེ་ཞུཝ་འདྲཝ་ཅིག་འབད་བ་ཅིན་ བསད་པའི་མཐའ་མ་ལུ་ ཏེ་འདི་ནང་ལུ་ གནམ་མེད་ས་མེད་ ད་ཁོང་གི་གཤིན་པོ་དེ་ཚུ་འདྲེ་དེ་ཚུ་ མི་ཤི་ཞིནམ་ལས་འདྲེ་ལུ་གྱུར་ཏེ་གིས་འབད་ གནམ་མེད་ས་མེད་འཚུབ་བཏོནམ་ཨིན་ཟེར་མས་ལགས་ ཉི་མ་ར་ ཏེ་ཤའི་ཨེན་ཙེ་གུ་ རྡོའི་ཨེན་ཙེ་གུ་ ཏེ་མི་བརྫམ་ཨིན་ཟེར་ཨིན་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་ད་རེས་ མཆོད་རྟེན་གི་རྩ་བ་ལུ་འབད་ འདི་གི་སྦོ་ལོགས་ཁ་ལུ་ མཆོད་རྟེན་གཅིག་བཞེངས་ཏེ་ཡོད་ལགས། འདི་གི་ནང་ལུ་ ཏེ་ཧེ་མ་འབད་བ་ཅིན་དང་ཕུ་ ཏེ་འདྲེ་གི་ཨེན་ཙེ་ཟེར་ འདི་ནང་ལུ་ ཏེ་མི་ཉི་མ་ར་ གཡུས་ཁ་ལུ་མི་ཤི་ནི་ཨིན་ཟེར་བ་ཅིན ཏེ་ན་ཧིང་གཞེས་ཧིང་ང་བཅས་ཆུང་ཀུ་སྦེ་སྡོདཔ་ད་ཡང་ ཏེ་འདི་ནང་ལུ་ཨ་ཙི་རེ་འཚབ་འཚུབ་འབད་ས་འདི་ང་བཅས་ཀྱིས་ཡང་གོ་ཡི་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་འ་ནཱི་འབདཝ་ད་ལུ་ ཏེ་མི་རེ་གཡུས་ཁ་ལུ་སྐྱོན་རེ་ཤོར་ནི་ཡོད་ མི་རེ་ཤི་ནི་ཡོད་འབད་བ་ཅིན་ ཏེ་འདི་ནང་ལུ་འཚུབ་དྲགས་བཏོནམ་ཨིན་ལགས། ཏེ་ད་རེས་འདི་ ད་དུས་དང་འཁྲིལཔ་ད་ལུ་ ད་རེས་འདི་བཟུམ་མའི་སྲོལ་མིན་འདུག་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་འ་ནཱི་འབདཝ་ད་ལུ་ ཨམ་འདི་གི་དེ་སྦེ་འབད་བའི་མཐའ་མ་ལུ་ ཏེ་གནམ་མེད་ས་མེད་ ཏེ་མི་གི་ད་མི་བསད་དེ་གི་སྦེ་འབདཝ་ད་ལུ་ ཏེ་མི་འདི་ཚུ་གིས་ ཤི་བའི་མཐའ་མ་ལུ་ ཏེ་འདྲེ་སྦེ་གྱུར་ཏེ་གིས་འབད་ ནམ་མེད་ས་མེད་འཚུབ་དྲགས་བཏོན་ དེ་ལས་འབད་ར་མ་ཚུགསཔ་འབད་ཞིནམ་ལས་ དེ་ལས་ཡར་ལས་ ཏེ་བོད་པའི་སྤྲུལ་པ་རིན་པོ་ཆེ་ཟེར་མི་འདི་ ཏེ་བླམ་སྦོམ་ཅིག་ཞུ་སྟེ་གིས་འབད་ ཏེ་འདི་ནང་ལུ་དམ་བཏགས་ཏེ་གིས་འབད་ ཏེ་ད་རེས་ཀྱི་ལྷ་ཁང་འདི་ དེ་སྦེ་བཞེངས་བཞེངསམ་ཨིན་ཟེར་བའི་ མི་གི་དོགས་པ་ དེ་སྦེ་འདུག་ལགས།
- པདྨ་དབང་ཕྱུགPema Wangchucuk: ཨིན་ཏེ་འབད་ས་ཅིག་རུ་ར་ ལྷ་ཁང་འདི་ང་བཅས་ཀྱིས་ཤེསཔ་ད་ལུ་ གནམ་མེད་ས་མེད་རྩ་ཆེ་ཏོག་ཏོ་གི་ལྷ་ཁང་ཅིག་ཨིན་ལགས། འདི་ནང་ལུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ སྤྱན་རས་གཟིགས་ཡོད་པ་གིས་མ་ཚད་ ཏེ་འདི་ནང་ལུ་བླམ་རྒྱལ་བ་གོང་དེ་ཚུ་གི་ ནང་རྟེན་ཧེ་མའི་ཁོང་ར་གི་དཔེ་ཆ་འདི་ཚུ་ ད་རེས་ལྷ་ཁང་གི་ནང་ན་ལུ་ ཏེ་སྐུ་གདུང་སྦེ་བཞེངས་ཏེ་གིས་འབད་ མཆོད་རྟེན་སྦེ་བཞེངས་ཏེ་གིས་འབད་ བཙུགས་ཏེ་ཡོད་ཟེར་ཞུ་ནི་སྦེ་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་ང་བཅས་ཀྱིས་ ད་ལྟོ་ཚུན་ཚོད་ལྷ་ཁང་འདི་ནང་ལུ་བཤགས་པ་ ད་དུས་བཟང་དུས་བཟང་ནང་ལུ་ དཀར་མེ་དང་གསེར་སྐྱེམས་ཕུལཝ་ཕུལ་ས་ར་ཡོད། འདི་ནང་ལུ་སྨྱུང་གནས་དང་འདི་ཚུ་ འདི་ནང་ལུ་འདྲཝ་མ་འདྲཝ་གི་ རིམ་གྲོ་ར་འབད་དེ་ཡོད་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་ཡ་མཚན་ཆེ་ཏོག་ཏོ་གི་ ཏེ་ལོ་རྒྱུས་ཅིག་ཞུཝ་འདྲཝ་ཅིག་འབད་བ་ཅིན་ གནམ་ལོ་ ༢༠༡༡ ལུ་ ད་ང་བཅས་ཀྱི་ ས་གཡོམ་རྐྱབ་པའི་གནམ་དུས་ལུ་ ཏེ་ལྷ་ཁང་འདི་ ད་རེས་སྐྱོན་ཆ་ཤོར་མི་འདི་ ཏེ་གནམ་ལོ་ ༢༠༡༡ གི་ས་གཡོམ་རྐྱབ་སྟེ་གིས་འབད་ སྐྱོན་ཆ་ཤོར་ཤོརཝ་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: འདི་ནང་ལུ་ཡ་མཚན་ཆེ་ཏོག་ཏོ་གི་རྟགས་ག་དེ་འབད་བཏོན་ཡི་ཟེར་བ་ཅིན་ ལྷ་ཁང་འདི་གི་མཆོད་བཤམ་ངོ་མ་འདི་ ནང་ན་གི་མཆོད་བཤམ་འདི་ ཏེ་ས་གཡོས་གྱིས་འབད་འགྱེལཝ་ཅིགན་ ཏེ་དཔྱད་རིག་རྣམ་རྟོག་མེད་སི་སི་སྦེ་ རབ་གསལ་ནང་གི་ནང་ན་གི་ཨེན་ཏ་འདི་གིས་འབད་ཡར་མི་གིས་ལྷོང་ལྷོངམ་བཟུམ་སྦེ་ལྷོངམ་ཅིགན་ ཡར་མཆོད་བཤམ་འདི་གི་ ད་ཡར་ལས་མཆོད་བཤམ་རྦོབ་རིལ་འོང་བའི་མཐའ་མ་ལུ་ ཤིང་འདི་ཡར་ལས་ཁ་ཐུག་རྐྱབ་སྟེ་ ཡར་ལོངས་ཏེ་འབདཝ་ད་ལུ་ ཏོག་རྐྱབ་བཞག་ནུག་ ཟེར་ཨིན་མས་ལགས།
- པདྨ་དབང་ཕྱུགPema Wangchucuk: འ་ནཱི་འབད་བ་ལས་བརྟེན་ཏེ་གིས་འབད་ ཏེ་ལྷ་ཁང་གི་མཆོད་བཤམ་འདི་ མི་གིས་ཏོག་རྐྱབ་རྐྱབ་བཟུམ་སྦེ་ ཏེ་གནམ་མེད་ས་མེད་ ཉེན་སྲུང་འབད་བཞག་ནུག་ ཟེར་ཞུ་ནི་སྦེ་ཨིན་ལགས། གནམ་མེད་ས་མེད་ཡ་མཚན་ཆེ་ཏོག་ཏོ་གི་རྟགས་མཚན་དེ་སྦེ་སྟོནམ་ཨིན་ ཟེར་ཞུ་ནི་སྦེ་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: ཨ་ནཱི་འབདཝ་ད་ལུ་ ཏེ་ལྷ་ཁང་འདི་ནང་ལུ་ ད་ལྟ་ཚུན་ཚོད་ང་བཅས་ཀྱིས་ མ་པ་ང་བཅས་རའི་གཡུས་ཁའི་མི་གིས་ ད་འབྲུག་པ་བིན་དུ་ཟེར་མི་གི་ ད་རེས་ཀྱི་གསོལ་བཏབ་སའི་ས་གོ་ནང་ལུ་ ཏེ་འབྲུགཔ་སྤར་རི་གང་ཡོད་ལགས།
- པདྨ་དབང་ཕྱུགPema Wangchucuk: སྤར་རི་གང་ཟེར་མི་འདི་ད་ ནཱ་ལུ་ང་བཅས་ཀྱི་ ད་གུང་པ་བདུན་ཅུ་བརྒྱད་ཅུ་དེ་ཅིག་གི་བརྩི་ ང་བཅས་འབྲུགཔ་ཉག་རྐྱང་སྦེ་ཡོད། ཏེ་ང་བཅས་ཀྱི་ ད་་ལོ་འབག་ཟཝ་ཨིན་ལགས་ནཱ་ལུ། ཏེ་ཧཱ་པ་གིས་ ལོ་འབག་བརྩི་སྲུང་འབད་བའི་སྲོལ་ཡོདཔ་ཨིན་ལགས་ནཱ་ལུ། ཏེ་འ་ནཱི་འབདཝ་ད་ལུ་ ང་བཅས་འབྲུགཔ་སྤར་རི་གངམ་འདི་གིས་ ཏེ་ཡར་འབད་མ་འབད་སྦེ་ ལྷ་ཁང་འདི་བདག་འཛིན་འབད་དོ་ལགས།
- པདྨ་དབང་ཕྱུགPema Wangchucuk: ཨིན་ཏེ་འབད་ས་ཅིག་རུ་ར་ ཏེ་ད་རེས་ལྷ་ཁང་འདི་ཉམས་གསོ་ཞུ་ནི་གི་དོན་ལས་ ཏེ་འདས་པའི་གནམ་དུས་ལུ་ ཏེ་གཞུང་གི་ཁ་ཐུག་ལས་འབུམ་བཅུ་ཐམ་བཏང་སྟེ་གིས་འབད་ ཏེ་ང་བཅས་ལུ་ལང་མ་ཚུགས་ ཟེར་ཞུ་ནི་སྦེ་ཨིན་ལགས། ཏེ་ད་རེས་ད་རུང་ གཞུང་གི་ཁ་ཐུག་ལས་ ད་རེས་ཀྱི་འཆར་གཞི་ནང་ལུ་ ད་རེས་ལོ་ལྔའི་འཆར་གཞི་ ༡༡ པ་གི་ལོ་ཐོག་དང་པ་གི་ནང་ལུ་ཏེ་འབུམ་བཅུ་ཐམ་འོང་སྟེ་ཡོད་ལགས།
- པདྨ་དབང་ཕྱུགPema Wangchucuk: ད་རེས་འབུམ་བཅུ་ཐམ་གིས་འབད་ལཱ་འབད་དེ་གིས་འབད་ ང་བཅས་ཀྱི་ཞུ་བ་འདི་འབུམ་ལྔ་བཅུ་ཞུ་སྟེ་གིས་འབད་ ལྷ་ཁང་འདི་ག་དེ་དྲག་དྲག་སྒྲིང་སྒྲིང་སྦེ་རྐྱབ་ནི་གི་ ད་ད་རེས་ནངས་པར་ར་ ང་བཅས་གི་ལཱ་འདི་འགོ་བཙུགས་ནི་སྦེ་ཨིན་ཟེར་ཞུ་ནི་སྦེ་ཨིན་ལགས།
- པདྨ་དབང་ཕྱུགPema Wangchucuk: དེ་འབདཝ་ད་ལུ་ ལྷ་ཁང་འདི་གནམ་མེད་ས་མེད་ ད་ལོ་ སུམ་བརྒྱ་དང་བཞི་བརྒྱ་ལངས་སོང་པའི་ ལྷ་ཁང་གནམ་མེད་ས་མེད་རྙིང་ཤོས་ཅིག་ཨིན་ ཟེར་ཞུ་ནི་སྦེ་ཨིན་ལགས། ཏེ་ལ་ལུ་གིས་སླབ་དོ་བཟུམ་འབད་བ་ཅིན་ ད་ང་བཅས་ཀྱིས་གཏན་འཁེལ་འབད་འདི་ཞུ་མི་ཤེས་པས་ལགས།
- པདྨ་དབང་ཕྱུགPema Wangchucuk: ང་བཅས་ཀྱིས་གོ་དོ་བཟུམ་འབད་བ་ཅིན་ ད་རེས་སྤ་རོ་རྫོང་ནང་ལུ་ཡོད་པའི་ནང་རྟེན་ངོ་མ་ ཏེ་རོལམོ་འདི་ ཏེ་ང་བཅས་ནཱ་ལས་ཨརཝ་ཤོར་ཤོརཝ་ཨིན་ཟེར་བའི་ མི་གི་དོགས་པ་ཡང་དེ་སྦེ་བསྐྱེདཔ་མས་ལགས། ཏེ་ཨརཝ་ལྷ་དཀྲུགས་ཟེར་མི་གིས་ ཏེ་ང་བཅས་ཀྱི་ནཱ་ལས་ཨརཝ་བརྐུ་སྟེ་གིས་འབད་ ཡར་མ་པ་ལྷ་དཀྲུགས་ཟེར་མི་འདི་ སྤ་རོ་ལས་ཨིན་པས་ལགས།
- པདྨ་དབང་ཕྱུགPema Wangchucuk: ཏེ་སྤ་རོ་ལུ་སྐྱེལ་ད་བའི་ ད་རེས་སྤ་རོ་ལྷ་ཁང་ནང་ལུ་ སྤ་རོ་རྫོང་ནང་ལུ་ ཏེ་ལོ་གཅིག་ནང་ལུ་ཚར་གཅིག་ སྟོན་པའི་སྲོལ་ཡོད་པའི་ནང་རྟེན་ངོ་མ་ ཏེ་རོལམོ་ མཚོ་ནང་ལས་ཐོན་པའི་རོལམོ་ཡ་གཅིགཔ་འདི་ ཏེ་ང་བཅས་ནཱ་ལས་ཨརཝ་ཤོར་ཤོརཝ་ཨིན་ཟེར་ དེ་སྦེ་ མི་གིས་དེ་སྦེ་བཤདཔ་ཨིན་པས་ལགས། བཀའ་དྲིན་ཆེ་ལགས།། །།