29 Jun 2018
10 min 39 sec
Video Overview
Creators:
Sherig Dentshog
There is also a culture in Pemagatshel that people practice Supplication (Lhasay) for their individual family. Ap Thuenphel Sherab of Shumar village describes how he practices Lhasay for his family. The supplication offering is done for a day long. They pray for a healthy life and for peace and prosperity for their family. Usually supplication offering is done in winter time and the family members prostrate and thank their deity for protecting them from the obatacles and consequence’s for a year. They do supplication once in every year to purify their sins and pray for a happy life here after. The supplication ceremony is conducted only on the good day and time by offering different edible items to their deity.
- Shumar
- Pemagatshel
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཡ་ ད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ ངེའི་མིང་ མཐུན་དཔལ་ཤེས་རབ་ཟེར་སླབ་ཨིན། ཏེ་ད་ལྟོ་ ང་རའི་ལྷ་གསོལཝ་ཨིན། ཏེ་ང་རའི་ལྷ་གསོལཝ་ད་ལུ་ ག་དེ་སྦེ་གསོལཝ་སྨོ་ཟེར་བ་ཅིན་ ཏེ་ང་ར་དང་ཕུ་ཅིག་ལས་ར་གསོལ་གསོལཝ་གི་ དང་ཕུ་ཨ་རྒས་ ཨང་རྒས་ཀྱིས་ དེ་ལས་ཕ་མའི་སྐབས་ དེ་ལས་ང་རའི་སྐབས་གསོལ་བའི་ལྷ་འདི་ ང་གིས་དེ་སྦེ་སླབ་ནི་ཡོད།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་འདི་ འ་ནཱི་སྦེ་སླབ་འོང་ འ་ནཱི་འདི་བླ་མའི་གཏོརམ་ཟེར་སླབ་ཨིན། འ་ནཱི་ཡི་དམ་གྱི་གཏོརམ་ འ་ནཱི་མཁའ་འགྲོའི་གཏོརམ་ དེ་ལས་བསྐང་དོན་གྱི་བླ་མ་ འ་ནཱི་ཚེའི་བླ་མ་ཟེར་སླབ་འོང་ དེ་ལས་བླ་མ་ ཡི་དམ་ མཁའ་འགྲོ་ བསྐང་དོན་ ཚེའི་བླ་མ་འབདཝ་ད་ བླམ་ལྔ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:འ་ནཱི་འདི་ཆོས་སྐུ་གཏོརམ་ཟེར་སླབ་འོང་ ཏེ་འ་ནཱི་འདི་གྲལ་གཏོར་ཟེར་སླབ་ཨིན་ གྲལ་གཏོར་ག་དེ་སྦེ་རྩིཝ་སྨོ་ཟེར་བ་ཅིན་ འ་ནཱི་ ཆོས་སྐྱོང་ སྡེ་ལྔ་ གཟའ་ པེ་དཀར་ རྡོར་ལེགས་ ལྷ་མོ་ [ལྷ་དག་?] ཡི་དྭགས་ཟེར་ འ་ནཱི་ ཆ་བཅུ་གཅིག་པ་བརྩིཝ་ཨིན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་འ་ནཱ་ལས་ འ་ནཱི་གྲལ་གཏོར་འདི་ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་འདི་ལྷམོ་གཏོརམ་ཨིན། ལྷམོ་ ཚེ་རིང་མ་ རྣམ་སྲས་ དགེ་བསྙེན་ རྒྱལ་པོ་ སྤྱི་བདུད་ཟེར་ཁོང་དྲུག་བརྩི་ནི་ཡོད། དེ་ལས་ལྷམོ་་་་ ལྷམོ་གཏོརམ་ཟེར་འདི་ལུ་སླབ་འོང་ འ་ནཱ་ལས་འདི་ འ་ནཱ་ལས་འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ འ་ནཱི་ཆད་མདོ་གཏོརམ་ཨིན་ཆད་མདོ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་འ་ནཱི་འདི་བརྟན་མ་ཟེར་སླབ་འོང་ དེ་ལས་འ་ནཱི་འདི་ཇོ་མོ་ཨིན་ ཇོ་མོ་ དྭངས་གླིང་ ཚོང་ཚོང་ཟེར་ དེ་ལས་འ་ནཱི་འདི་ ཏེ་གནས་པོ་ནོར་བུ་བཟང་པོ་ཨིན་ འ་ནཱི་གསང་སྔགས་རྒྱ་མཚོ་ཨིན་ ཏེ་འ་ནཱི་ག་དེ་སྦེ་སྨོ་ཟེར་བ་ཅིན་ གནསཔོ་གསང་སྔགས་རྒྱ་མཚོ་ཟེར་མི་འདི་ ང་བཅས་ར་ནཱ་ ཤུ་མར་ནང་གི་གནསཔོ་གནས་བདག་ཅིག་ཨིན་ འ་ནཱི་ལུ་གཏོརམ་བཟོ་བྱིན་དགོཔ་ཨིན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་འ་ནཱི་ གནསཔོ་ནོར་བུ་བཟང་པོ་ཟེར་མི་འདི་ ནཱ་ཤ་ལི་ དགའ་མང་ ཤུ་མར་ ནང་སྐོར་ ག་ཏེ་ཡང་ ཁོ་ལུ་སྤྱིར་བཏང་གིས་གནས་པོ་ནོར་བུ་བཟང་པོ་ཟེར་ཁོ་ལུ་གསོལ་ཁ་བཏང་དགོཔ་ཨིན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་འ་ནཱ་ལས་བསྟུན་ཏེ་བླ་མ་ ཡི་དམ་ མཁའ་འགྲོ་ཟེར་ཞིནམ་ལས་ དེ་ལས་ ཏེ་དཀར་གཏོར་ཟེར་ ཡུལ་ལྷ་གཞི་བདག་གི་ཨིན། དེ་ལས་འ་ནཱི་འདི་བགེགས་གཏོར་ཟེར་ ཏེ་འ་ནཱི་ཚུ་ འ་ནཱི་ཚུ་ག་ར་ ཏེ་གཏོརམ་དེ་སྦེ་བཞེངས་འོང་ ཏེ་འ་ནཱི་འདི་ག་ཅི་སྨོ་ཟེར་བ་ཅིན་ བ་ལིང་གཏོརམ་ དེ་ལས་འ་ནཱི་འདི་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ བཀའ་བརྒྱད་ དེ་ལས་བཀའ་བརྒྱད་ དེ་ལས་འ་ནཱི་འདི་བཀའ་སྟོད་ ཏེ་འ་ནཱི་འདི་ཟ་ལམ་ཟེར་ ཏེ་འ་ནཱི་འདི་སྡེ་བརྒྱད་ཟེར་དེ་སྦེ་བརྩི་འོང་།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་འ་ནཱ་ལས་ འ་ནཱ་ལས་གཏོརམ་ག་ཅི་སྨོ་ཟེར་བ་ཅིན་ དེ་ལས་ ད་ལྟོ་གི་རང་གི་ ཏེ་འ་ནཱི་འདི་ ལུས་ཚབ་ཨིན། འ་ནཱི་འདི་ཆོས་སྐུ་གཏོརམ་ཨིན། དེ་ལས་ཏེ་དབུགས་ལེན་ མངལ་གནས་ ལུས་རྫོགས་ བཙས་པ་ ཁྲུས་བྱེད་ གོས་གྱོན་ ལས་བྱེད་ དར་བ་ རྒུད་པ ན་བ ཤི་བ་ [དུར་འཇུག་?]ཟེར་ ཏེ་ད་ལྟོ་ག་ཅིམ་ཟེར་བ་ཅིན་ ནཱ་འཛམ་གླིང་ནང་གི་ག་ར་ འདི་ནང་ཚང་དགོ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:འ་ནཱི་ ག་དེ་སྦེ་ཚངམ་སྨོ་ཟེར་བ་ཅིན་ འགོ་དང་པ་རང་ དབུགས་ལེན་ཟེར་ དེ་ལས་ཏེ་མངལ་གནས་ཟེར་ ག་ཅི་སྨོ་ཟེར་བ་ཅིན་ མངལ་ལུ་གནས་གནསཔ་ཨིན་ དེ་ལས་མངལ་གནས་ ལུས་རྫོགས་ཟེར་ གཟུགས་སྦོམ་པ་ དེ་ལས་བཙས་པ་ཟེར་ ཨ་ལོ་སྐྱེས་སྐྱེསཝ་ ཁྲུས་བྱེད་ཟེར་ཨ་ལོ་སྐྱེས་ཞིམ་ལས་ འ་ནཱ་ཆུ་འཁྱུ་འཁྱུཝ་ཨིན་ དེ་ལས་ཁྲུས་བྱེད་ གོས་གྱོན་ཟེར་ འ་ནཱི་གོ་ལ་གྱོན་གྱོནམ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:དེ་ལས་ འ་ནཱ་ལས་ ཏེ་ཁྲུས་བྱེད་ གོས་གྱོན་ དེ་ལས་འ་ནཱི་འདི་ ལཱ་འབད་འབདཝ་ ལས་བྱེད་ དེ་ལས་དར་བ་ ལཱ་ག་ཅི་འབད་རུང་ འ་ནཱི་ཁོ་གིས་ལཱ་འབད་ཚུགསཔ་ འ་ནཱི་དར་བ་ གནམ་མེད་ས་མེད་ཚོང་འདྲ་ ག་ཅི་འབད་རུང་ཁོ་གིས་ལཱ་འབད་ཚུགསཔ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:དེ་ལས་ དར་བ་ རྒུད་པ་ འ་ནི་ཨ་ཙི་ ཁོ་ག་ཅི་འབད་རུང་ ལས་དོན་ག་ཅི་འབད་རུང་རྒུད་པ་ དེ་ལས་འ་ནཱ་ལས་ ན་བ་ ཤི་བ་ [དུར་འཇུག་?]འ་ནཱི་ཨིན། ཏེ་འ་ནཱི་བཟུམ་ག་ར་བཟོ་སྟེ་བཀོ་ཞིནམ་ལས་ ཏེ་ད་ལྟོ་རང་རྐྱངམ་ཅིག་གི་མེན་པར་ ག་ཏེ་ལུ་ཡང་ ག་ར་གི་རྐྱེན་བཟློག་ཚུགསཔ་ ག་ར་ལུ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་འ་ནཱི་ག་དེ་སྦེ་གསོལ་ཏེ་ ཕུལ་དགོཔ་སྨོ་ཟེར་བ་ཅིན་ ང་བཅས་ར་ནཱ་ རྒྱལ་བ་ལྷ་ལས་འབབ་པའི་དུས་ཆེན་ཟེར་ ཟླཝ་དགུ་པ་ཚེས་༢༢ལུ་སངས་རྒྱས་ ལྷ་ཡུལ་ལས་མར་ ནཱ་མི་གཡུས་ལུ་འབྱོན་འབྱོནམ་ཨིནམ་མས། འ་ནཱ་ལས་ཡར་སངས་རྒྱས་ནཱ་བཞུགས་ཏེ་ཟླཝ་དགུ་པ་ བཅུ་པ་ཟེརཝ་ད་ ང་བཅས་ནཱ་གཡུས་ཁའི་མི་ག་ར་གིས་ལྷ་གསོལ་ འདི་ནང་དམིགས་ཏེ་ལྷ་གསོལཝ་ཨིན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ འབད་ཚུགས་མི་གིས་ ཟླཝ་༩པ་ལས་འགོ་བཙུགས་ཏེ་༡༠པ་ནང་རྫོགས་འོང་ ལ་ལུ་གིས་༡༢པ་ དང་པ་ནང་འཁོད་ཡང་ལུས་དོ་ ཏེ་ད་ལྟོ་ག་ཅིམ་ཟེར་བ་ཅིན་ ཟླཝ་༡༡པ་ཟེར་མི་འདི་ ལྷའི་ཟླ་ནག་ཟེར་༡༡པ་ནང་ལྷ་གསོལ་ནི་མེད།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ འ་ནཱི་བཏང་པ་ཅིན་ ག་དེ་སྦེ་བཏངམ་སྨོ་ཟེར་བ་ཅིན་ ད་ལྟོ་ང་རྐྱངམ་ཅིག་གིས་མེན་པར་ གཡུས་ཁའི་ག་ར་གོང་རེ་རེ་བཞིན་དུ་ འ་ནཱི་བཟུམ་སྦེ་ལྷ་གསོལ་དགོཔ་ཨིན། ཏེ་ལྷ་མ་གསོལ་བ་ཅིན་ ལྷ་འདི་ ག་གིས་ཡང་ནཱ་ དཔོན་གྱིས་བཀའ་ཡང་མེད་ དེ་ལས་བླ་མའི་བཀའ་ཡང་མེད་ ནཱ་གཡུས་ཁའི་ རང་རང་སོ་སོ་གིས་ ཕར་ཚུར་གཅིག་གིས་གཅིག་རང་རང་སོ་སོ་གིས་སྡུག་བསྔལ་འབག་སྟེ་ ངེས་འབྱུང་འབག་སྟེ་ དཀའ་བ་དང་དུ་ལངས་ཏེ་གསོལ་ལོ་ཟེར་ རང་གིས་རང་དང་དུ་ལངས་ཏེ་གསོལ་དགོ
- མཐུན་དཔལ་ཤེས་རབ་/Thuenpel Sherab:འ་ནཱི་མ་གསོལ་བ་ཅིན་ ཏེ་ ན་ནི་ ཤི་ནི་ ག་ར་ ཏེ་ལྷ་མ་གསོལ་བའི་རྟགས་ཨིན་ཟེར་ རང་གི་དོགས་པ་གནམ་མེད་ས་མེད་སྦོམ་ཆགས་ཏེ་ ཏེ་འ་ནཱི་འགོ་དང་པ་རང་ རང་གི་ལྷ་གསོལཝ་ཨིན་ དེ་ལས་ལྷ་གསོལ་ཞིནམ་ལས་ ཏེ་ན་ནི་ ཤི་ནི་ འགལ་རྐྱེན་བར་ཆད་ ག་ཅི་ཡང་འབྱུང་ནི་མེད་ རང་གི་ལྷ་དཀོན་མཆོག་གསུམ་ལུ་གསོལཝ་བཏབ་སྟེ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:དེ་ལས་ ལྷ་དཀོན་མཆོག་གསུམ་གསོལཝ་ད་ལུ་ ག་དེ་སྦེ་གསོལ་སྨོ་ཟེར་བ་ཅིན་ འགོ་དང་པ་རང་ ཏེ་སྐྱབས་མཛད་ནི་གི་ལྷ་གསོལཝ་ཨིན། དེ་ལས་གཉིས་པ་ཟེརཝ་ད་ལུ་ ཏེ་འ་ནཱི་འཇིག་་་་་ འཁོར་བ་གི་ལྷ་ ཇོ་མོ་ བཙན་ མ་མོ་ རྒྱལ་པོ་ འབྱུང་པོ་ལ་སོགས་པ་ དེ་ལས་ཤིང་གི་ལྷ་ མེའི་ལྷ་ ཆུའི་ལྷ་ ལྷ་ག་ར་ རང་གིས་ད་ལྟོ་ ག་ར་གཅིག་ཁར་གསོལཝ་ཨིན། གཅིག་ཁར་གསོལ་ཞིནམ་ལས་ ཏེ་སེམས་རང་ཧིང་སངས་ས་སྦེ་ ཡང་འཕྲོས་འཕྲོས་སྦེ་ ཕར་ཚུར་འགྱོ་རུང་ ཚོང་རྐྱབ་རུང་ལམ་འགྲོ་ ལཱ་འབད་རུང་ལམ་འགྲོ་ ག་ཅི་འབད་རུང་ལམ་འགྲོ་ལེགས་ཤོམ་འགྱོཝ་ཨིན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ རང་གི་ལྷ་གསོལ་བའི་དོན་དག་རང་ ག་ར་རང་གི་ ལྷ་ལགཔ་འདོགས་ནི་ཟེར་ ལམ་ཐག་རིངམོ་ག་ཏེ་འགྱོ་འགྱོཝ་ཡོད་རུང་ རང་གིས་ནཱ་འོང་སྦེ་ ག་ར་ལགཔ་འདོགས་ སྨོན་ལམ་བཏབ་སྟེ་ ཕྱག་ཕུལ་ དེ་སྦེ་ལྷ་གསོལཝ་ཨིན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ ལྷ་གསོལ་དགོ་པའི་དོན་དག་ ག་ཅི་སྨོ་ཟེར་བ་ཅིན་ རང་གིས་བཟོ་སྟེ་གསོལ་བའི་ལྷ་མེན་པར་ དང་ཕུ་ དུས་མ་བསྐོས་ བསྐོས་པའི་བསྒངས་ལས་རང་ལྷ་གསོལ་ཏེ་ རང་གི་ ཨང་རྒས་ཨ་རྒས་ཚུ་གིས་གསོལ་ཏེ་ དེ་ལས་རྐྱངམ་ཅིག་རང་གི་ཨ་པ་དང་ཨའི་གིས་གསོལ་ཏེ་ དེ་ལས་རྐྱངམ་ཅིག་རང་གིས་གསོལ་ དེ་ལས་ ཏེ་རང་གི་ཨ་ལོ་ཚུ་གིས་གསོལ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ལྷ་འདི་ བཀོ་བཞག་ནི་མེདཔ་ [ཕའི་གསོལ་ལ་ཕའི་གསོལ་ལོ་ རང་གིས་གསོལ་ལ་རང་གིས་གསོལ་ལོ་ གསོལ་ལོ་ བུའི་གསོལ་ལ་བུའི་གསོལ་ལོ་?] གསོལ་བ་ཡིན་ནོ་ བརྟན་པ་ཡིན་ནོ་ མཆོད་པ་ཡིན་ནོ་ ཁྱོད་ནི་ཕ་ཡིན་ནོ་ ང་ནི་བུ་ཡིན་ནོ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་འ་ནཱི་སྦེ་འབདཝ་ད་ག་ར་ གཅིག་གིས་གཅིག་ལུ་བརྟེན་ཏེ་ རང་ལྷ་ལུ་བརྟེན་ ལྷ་གིས་སྐྱབས་མཛད་ དེ་ལས་རྐྱངམ་ཅིག་བརྟེན་ཏེ་ རེ་ལྟོས་འབད་དེ་ ང་བཅས་ར་ག་ར་ ས་འཛམ་གླིང་ནང་ལྷ་ལུ་བརྟེན་ཏེ་ ག་ར་ས་ཁར་ཆགས་མི་ག་ར་ འ་ནཱི་བཟུམ་སྦེ་སྡོད་དེ་ ཏེ་འ་ནཱི་སྦེ་གསོལ་དགོ་པའི་དོན་དག་ འདི་ཨིན་ལྷ་གི་སྐོར་ལས།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་སླབ་རུང་སླབ་མི་ཚར་ གནམ་མེད་ས་མེད་མངམ་འཐོན་ནི་ཡོད་ག་དེ་ཅིག་རང་ ཏེ་ད་ལྟོ་ མ་པ་བསྡུས་བསྡུས་སྦེ་བཞག་ནི་ ད་ལྟོ་ལྷ་ ལྷ་གསོལ་འདི་བཅའ་སྒྲིག་རྐྱབ་ད་ རོགས་འབད་ཚུགས་མི་གནམ་མེད་ས་མེད་ལེགས་ཤོམ་སྦེ་ རྒྱས་ཤིང་རྒྱསཔ་སྦེ་བཏང་པ་ཅིན་ ཉིནམ་ལྔ་ལྔ་ གསུམ་གསུམ་སྦེ་འགོར་འོང་།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ནཱ་ལུ་ ཧ་ལམ་ བར་ན་སྐོརམ་ཅིག་སྦེ་བཟོ་བཟོཝ་ད་ ད་རེས་ ཆུ་ཚོད་༨ལས་ཡར་ལྟ་འགོ་བཙུགས་མི་འདི་གིས་ ད་ལྟོ་ ད་རེས་ཆུ་ཚོད་༨དེ་ཅིག་རང་འགྱོཝ་མས་ནུབ་མོ་གི་ ད་ལྟོ་གནམ་བསྲོ་ཡི་ ནངས་པར་ཡང་ ཧ་ལམ་ ཆུ་ཚོད་༤དེ་ཅིག་ལས་ཡར་ལྟ་འགོ་འཙུགས་ཏེ་ ནངས་པར་ ཧ་ལམ་ཆུ་ཚོད་༤དེ་ཅིག་ལུ་ཡུདཔ་ཅིག་མཇུག་བསྡུ་ཚུགསཔ་མ་ཚུགསཔ་ཅིག་འོང་།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་བཟུམ་སྦེ་ ཡུདཔ་ཅིག་བར་ན་སྐོརམ་ཅིག་སྦེ་ ཡུདཔ་ཅིག་རག་རོག་ཙམ་ཅིག་འབད་བཏངམ་ཨིན། ད་ལྟོ་ག་ཅིམ་ཟེར་བ་ཅིན་ ཏེ་རོགས་འབད་ཚུགས་མི་གིས་ཡར་འབད་དེ་བཏང་ནི་ཡོད་ འབད་མ་ཚུགས་མི་གིས་མར་འབད་དེ་ཡང་བཏང་ནི་ཡོད།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཨིན་ཏེ་ར་འབད་རུང་ཕར་ བཅའ་སྒྲིག་ནཱ་ གཏོརམ་དང་བཟོ་བཟོ་བའི་བཅའ་སྒྲིགས་ཚུ་ རྒྱས་འབྲིང་བསྡུས་གསུམ་མ་གཏོགས་ དཔེ་ཆ་འདི་ཨིན་ན་མེད་ན་ ཏེ་ཚངམ་སྦེ་རང་བཏང་དགོཔ་ཨིན། དེ་ལས་ང་བཅས་ནཱ་ལུ་ཡང་ ལྷ་ལ་ལུ་ལུ་ ལྷ་མང་ཤོས་རང་ ཆ་༡༡པ་ཟེར་ཡོད་ དེ་ལས་ དགུ་པ་ཟེར་འོང་ དེ་ལས་ ཆ་བདུན་པ་ཟེར་ དེ་ལས་ལྔ་པ་ཟེར་།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ག་ཅིམ་ཟེར་བ་ཅིན་ ཧེ་མ་ཡར་རྒྱས་མ་འགྱོ་བའི་བསྒང་ རོགས་འབད་ཚུགས་མི་གིས་ཆ་༡༡པ་བཟུང་སྟེ་ དེ་ལས་འབད་མ་ཚུགས་མི་གིས་ཆ་ལྔ་པ་ཟེར་ དེ་སྦེ་བཟུང་ནུག ཏེ་ད་ལྟོ་ ད་འདི་ཏེ་ག་ར་ གཞུང་ཡར་རྒྱས་འགྱོ་སྦེ་ ཏེ་ག་ར་ མང་ཤོས་རང་ ཆ་༡༡པ་ རོགས་འབད་ཚུགས་མི་གིས་ཆ་༢༡པ་སྦེ་གསོལ་མི་ཡོད་ ཏེ་ད་ལྟོ་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ནཱ་འདི་ཆ་༡༡པ་གཅིག་ལུ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ དང་ཕུ་ཕ་མ་གིས་བཟུང་བཟུངམ་སྔར་ ཏེ་ད་ལྟོ་རང་གིས་བཟུང་སྟེ་ རང་གི་ཨ་ལོ་ཚུ་ག་ར་གིས་འདི་བཟུམ་སྦེ་ རྟག་ཏུ་བརྟན་པ་ དུས་གཏན་གཏན་རྟག་བུ་རང་ འ་ནཱི་སྦེ་གསོལ་ནི་ཨིན་ཟེར་ ད་ལྟོ་ ག་ར་ལྷ་དང་མི་ཟེར་ ཏེ་རང་ལུ་ཡང་ལྷ་དགོ་ ལྷ་ཡང་ ལྷ་གིས་སྐྱབས་མཛད་ དེ་ལས་ཕར་ཚུར་རེ་ལྟོས་འབད་དེ་ འ་ནཱི་སྦེ་གསོལ་བའི་དཔེ་གཏམ་ཅིག་ཨིན་འདི།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ ག་ཅིམ་ཟེར་བ་ཅིན་ ང་བཅས་ཆ་ཁྱབ་ཀྱིས་བཅའ་སྒྲིག་ཡང་བཙུགས་ཚར་ཡི་ འདི་ཡང་བཏུབ་ཅི་ འ་ནཱི་སྦེ་བཏུབ་ཞིནམ་ལས་ དེ་ལས་ རོགས་དང་ཕུ་བཟུམ་སྦེ་ འབད་ཚུགསཔ་འབད་བ་ཅིན་འདི་ཏེ་ འགོ་དང་པ་རང་ ལྷ་གསོལ་བཙུགས་སྦེ་ ཏེ་དྲག་པོའི་སྦྱིན་སྲེག་བཏང་འོང་ དེ་ལས་འ་ནཱི་ ལྷའི་རིགས་མངམ་ཨིན་ མི་གིས་འབད་ཚུགས་པ་ཅིན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:དེ་ལས་ སྲི་མནམ་བཏང་དགོ་ ཏེ་ད་ལྟོ་ནཱ་འདི་ སྲི་མནན་བཏང་གེ་ཟེརཝ་ད་ མི་གནམ་མེད་ས་མེད་མིན་འདུག དེམ་ཅིག་སྦེ་བཀོ་བཞགཔ་ཨིན། ཏེ་ད་ལྟོ་ག་ཅིམ་ཟེར་བ་ཅིན་ ང་བཅས་ཆ་ཁྱབ་ ལྟ་མ་མཇུག་ལུ་ དྲག་པོའི་སྦྱིན་སྲེག་བཏང་ནི་ཅིག་གནས་སྐབས་བཏང་དོ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཏེ་ད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ འ་ནི་ཚུ་བཙུགས་སྦེ་ ད་ལྟོ་ང་བཅས་ཆ་ཁྱབ་ ལྷ་བཙུགས་ནི་ཨིན་ཨ་ཙི་ ང་བཅས་ཆ་ཁྱབ། ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅདརྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ།། །།