Skip to main content Skip to search
28 Jun 2018
4 min 51 sec
Video Overview
Creators: 
Yeshi Wangchuk

In the olden days, a poor man came to our country and married a girl named Pelzom. After their marriage, he composed this song for her, and the song has been performed to the present day. In the past, this song was danced by one man and one woman, but now the song and dance is performed by two women and two men. The Toenpa Pelzom dance is only performed in Chojam, and is unique. This song was recorded and studied for the benefit of Bhutanese youth, so that they can take interest in such songs.

 

ཧེ་མ་བོད་ལས་ མི་སྤྱང་ཀ་ཅིག་ ནཱ་ལུ་འོང་སྟེ་ འབྲུག་པའི་ བུམོ་དཔལ་འཛོམས་ཟེར་མི་འདི་དང་ཅིག་ཁར་ གཉེན་སྡོམས་འདི་ དེ་ལས་ ཚིག་བཙུགས་ཞིནམ་ལས་ རྐྱབ་ནི་འགོ་བཙུགས་ནུག་ཟེར་ཨིན་པས། སྟོན་པ་དཔལ་འཛོམས་ཀྱི་ ཟློས་གར་འདི་ ཧེ་མ་འབད་བ་ཅིན་ ཕོ་གཅིག་དང་ མོ་གཅིག་སྦེ་རྐྱབ་ཨིན་རུང་ ཤུལ་ལས་འགྱུར་བཅོས་སོང་སྟེ་ མོ་གཉིས་དང་ ཕོ་གཉིས་སྦེ་ རྐྱབ་སྲོལ་དར་ཡོདཔ་སྦེ་ཨིན་པས།  སྟོན་པ་དཔལ་འཛོམས་ཟེར་བའི་ ཟློས་གར་འདི་ སྐྱོ་བྱམས་ལུ་མ་གཏོགས་ གཞན་ཁར་མེད་པའི་ གནམ་མེད་ས་མེད་ཀྱི་ ལུགས་སྲོལ་ ཁྱད་པར་ཅན་ཅིག་ཨིན་པས།  སྟོན་པ་དཔལ་འཛོམས་ཀྱི་ཟློས་གར་འདི་ ལུང་ཕྱོགས་གཞན་ཁར་མེད་པའི་ ལུགས་སྲོལ་ ཁྱད་དུ་འཕགས་པ་ཅིག་ འབདཝ་ལས་བརྟེན་ ད་རེས་ སྒྲ་བཟུང་འབད་མི་གིས་ མ་འོངས་པར་ ན་གཞོན་དང་ གཞན་ཡང་ སྤྲོ་བ་དང་ དག་སྣང་ཅན་གྱི་ མི་ཚུ་ལུ་ ཁྱད་ཕན་འབྱུང་པའི་ནུས་པ་འདུག།

 

Transcript search
No results found for this search
0 of 0
  • དངོས་གྲུབ་རྡོ་རྗེ་
    ཏེ་ ནཱ་གི་ ཨཱ་་་འགོ་བཙུགས་ཐངས་འདི་ སྔོན་མ་ ཡར་བོད་ལས་རང་ཏེ་ སྟོན་པ་སྦེ་ ཏེ་ མི་སྤྱང་ཀ་ཅིག་འོང་ནུག་བ་ལགས་ འ་ནཱི་འདི་ ཏེ་ ཨ་ནཱི་གི་ཡང་ ཏེ་ སྤྱང་ཀ་ཅིག་འོང་སྦེ་ ནཱ་བུམོ་དཔེ་འབད་བ་ཅིན་ ཨ་ནཱི་དཔལ་འཛོམས་བུམོ་ཟེར་ འདུག་མེན་ན་ལགས་ ང་བཅས་ར་ དཔལ་འཛོམས་བུམོ་ཟེར།
  • དངོས་གྲུབ་རྡོ་རྗེ་
    དར་དཀར་ལ་མོའི་ དཔལ་འཛོམས་(བེམ)བུམོ་ཟེར་མི་ཅིག་ དཔེ་འབད་བ་ཅིན་ འ་ནཱི་བཟུམ་ཅིག་ ཏེ་ ཁོ་གིས་ ནཱ་འོང་ཞིནམ་ལས་ གཉེན་བཏགས་ནི་གི་ འགོ་བཙུགས་ནུག་བ་ལགས། ཏེ་ གཉེན་བཏགས་འབད་ཞིནམ་ལས་ ཏེ་ ཁོ་གིས་ ག་ར་ཚིག་བཙུགས་ཏེ་གིས་ ཏེ་ འདུག་བ་ལགས་ སྔོན་མ་གི་ དང་ཕུགས་ཀྱི་ཚིག་འདི།
  • དངོས་གྲུབ་རྡོ་རྗེ་
    འ་ནཱི་སྟོན་པ་དཔལ་འཛོམས་ཟེར་མི་འདི་ ནཱ་འགོ་བཙུགས་སྦེ་ ཏེ་ ནཱ་ལས་ད་ སྔོན་མ་འབད་བ་ཅིན་ ཕོ་གཅིག་དང་མོ་གཅིག་ར་ཨིན་པས། ད་འབད་བ་ཅིན་བཞི་ཐོན་མས་ལགས། འོང་ལགས། ཕོ་གཉིས་མོ་གཉིས་ལགས། ཏེ་ ཚིག་འདི།
  • ཡེ་ཤེས་དབང་ཕྱུག་
    འ་ནཱི་འདི་ ད་རིས་ ད་རིས་ཐོན་ནི་མས་སྨོ་ལགས?
  • དངོས་གྲུབ་རྡོ་རྗེ་
    ད་རིས་ཐོན་དགོ་ལགས་ འ་ནཱི་འདི་ ད་རིས་ཉིནམ་གཅིག་ཐོན་དགོ་ལགས་ གཞན་མདངས་ཞག་ཡང་ཐོན་དགོ་ ད་རིས་ཡང་ཐོན་དགོ་ ནངས་པ་ཡང་ཐོན་དགོ་ ཏེ་ འདི་འབདཝ་ད་ ཨ་ཙི་ཅིག་ད་ བྲག་ཅ་(ལས་རིམ་)མང་ནི་དེ་གིས་ ཏེ་ ཉིནམ་འཐུང་འབད་ཞིནམ་ལས་ ཨ་ཙི་ཅིག་ཧ་སག་འདི་ ནཱ་སྟོན་མ་ཚུགས་ལགས།
  • ཡེ་ཤེས་དབང་ཕྱུག་
    གཞན་ཁར་མེད་མི་ཁྱད་ཆོས་ཅིག་ འ་ནཱི་ཨིན་པས་སྨོ་ སྟོན་པ་དཔལ་འཛོམས་ཟེར་མི་འདི?
  • དངོས་གྲུབ་རྡོ་རྗེ་
    ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་
    ཕར་གནམ་མཁའ་ལུ་ཡང་མིན་འདུག་སྨོ་ལགས་འདི?
  • དངོས་གྲུབ་རྡོ་རྗེ་
    གནམ་མཁའ་མེད་ལགས་ ནཱ་ཨིན་པས་ལགས་ ཏེ་ ཁོ་གིས་འབད་ནཱ་ང་བཅས་ར་ནཱ་ འགོ་ཁོ་གིས་བཙུགས་ནུག་བ་ལགས་ འ་ནཱི་སྟོན་པ་གིས་འ་ནཱི་ ཁོ་གིས་འགོ་བཙུགས་འབད་ཞིནམ་ལས་ ཏེ་ འ་ནཱི་ཏེ་ འགོ་བཙུགས་ཞིནམ་ལས་ ཏེ་ ནཱ་གི་ཚེས་བཅུ་འདི་ འ་ནཱི་ལས་ ཏེ་ ཡར་ཡར་འགྱོ་ནུག་བ་ལགས་ཧ་ཧ་་་།
  • དངོས་གྲུབ་རྡོ་རྗེ་
    ཏེ་ ནཱ་འཆམ་ཅིག་ཡང་ སྔོན་མ་འབད་བ་ཅིན་འཆམ་ཡང་མེད་ ད་ལྟོ་འབད་བ་ཅིན་ ཨཱ་་་སྔོན་མ་འ་ནཱ་ ཨཱ་་་བླ་མ་ཞིང་ཕེབས་ཅིག་ཡོད་བ་ལགས་ ཏེ་ འ་ནཱི་གིས་ འཆམ་འདི་ཚུ་ཡང་ ནཱ་འགོ་བཙུགས་འབད་ཞིནམ་ལས་ སྔོན་མ་འབད་བ་ཅིན་ དཔའ་མཛངསཔ་གཅིག་ དེ་ལས་ ལྷ་མོ་ མགོན་མོ་ གཏེར་བདག་ ཁོ་འ་ནཱི་ གསུམ་ར་ཨིན་མས་ ད་འབད་བ་ཅིན་ འཆམ་ཡང་ཡོད་ལགས།
  • ཡེ་ཤེས་དབང་ཕྱུག་
    སྟོན་པ་དཔལ་འཛོམས་ཀྱི་ ད་ག་དེ་སྦེ་ཡོདཔ་སྨོ་ལགས་ ཕར་ད་ ཨཱ་་་ ཕར་ལུ་མཛད་སྒོའི་རིམ་པ་ག་དེ་ཡོདཔ་སྨོ་ ཁོ་གིས་འབད་དགོཔ་ག་དེ་སྦེ་ཡོདཔ་སྨོ་ལགས?
  • དངོས་གྲུབ་རྡོ་རྗེ་/Nidup Dorji ད་ཁོ་གིས་འབད་དགོཔ།
  • ཡེ་ཤེས་དབང་ཕྱུག་
    ད་རིས་སྐུ་འཆམ་ཐོནམ་ད་ག་དེ་སྦེ་ཐོན་སྨོ་ལགས? དེ་ལས་ མཇུག་བསྡུཝ་ད་ག་དེ་སྦེ་བསྡུཝ་སྨོ་ལགས?
  • དངོས་གྲུབ་རྡོ་རྗེ་
    ཁོ་གིས་འབད་བ་ཅིན་ འ་ནཱི་ཚིག་གི་ འ་ནཱི་ལེའུ་ལུ་ལྷོདཔ་ད་ ཨ་ཙི་ཨ་ཙི་འ་ནེ་སྦེ་འགྱོ་ དེ་ལས་ མཛུབ་དཀྱི་འདི་ཚུ་བཙུགས་དགོ་ལགས་ འ་ནཱི་སྟོན་པ་འདི་ཚུ་ ཏེ་ མཛུབ་དཀྱི་འདི་ཚུ་བཙུགས་ཞིནམ་ལས་ ཚིག་དང་འཁྲིལ་ཏེ་གིས་ འ་ནཱི་མཛུབ་དཀྱི་འདི་ཚུ་འ་ནཱི་དཔལ་འཛོམས་ལུ་ བྱིན་དགོ་ལགས།
  • དངོས་གྲུབ་རྡོ་རྗེ་
    དེ་ལས་ སྟོནཔ་གིས་ དཔའ་རྟགས་བཏགས་ཏེ་སྡོད་འོང་ལགས་ འ་ནཱི་དཔའ་རྟགས་འདི་ཚུ་ཡང་ དཔལ་འཛོམས་ལུ་ ཨཱ་་་སྔོན་མ་ སྔོན་མ་འབད་བ་ཅིན་ ཁོ་གིས་ ཨ་ནཱི་བླུགས་ནུག་བ་ལགས་ རྟིང་བདའ་ལྷོདཔ་ད་ཏེ་ ཁོ་གིས་ཏེ་ བཀོ་བཞག་ནི་གི་ ཅ་ལ་བསྒྲིགས་ནུག་བ་ཏེ།
  • དངོས་གྲུབ་རྡོ་རྗེ་
    ཁོ་ར་འགྱོ་ནི་གི་བཅའ་སྒྲིག་ ཧ་ཧ་ཧ་ འ་ནཱི་འབདཝ་ད་ ཏེ་ དཔལ་འཛོམས་ལུ་ མཛུབ་དཀྱི་འདི་ཚུ་དང་ ཨ་ནཱི་ག་ཅི་ཨིན་རུང་ གུ་ཅི་ཨིན་རུང་ཏེ་ ག་ར་འ་ནཱི་དཔལ་འཛོམས་ལུ་ བྱིན་བཞག་འབད་སྦེ་ ཞིནམ་ལས་ཏེ་ ཁོ་ར་འགྱོ་ནི་གི་ མནོ་བསམ་བཏང་ནུག་བ་ལགས་ འ་ནེ་སྦེ་ཨིན་མས་ལགས་ ཧ་ཧ་ཧ་ ཧ་ཧ་ཧ།
  • ཡེ་ཤེས་དབང་ཕྱུག་
    བྱོག་འགྱོ་ནི་གི་མནོ་བསམ་བཏང་ནུག་སྨོ་ལགས?
  • དངོས་གྲུབ་རྡོ་རྗེ་
    འོང་ལགས་ ཁོ་ར་བྱོག་འགྱོ་ནི་གི་ མནོ་བསམ་བཏང་སྟེ་ ཏེ་ མཛུབ་དཀྱི་དང་ ཨ་ནཱི་དཔའ་རྟགས་འདི་ཚུ་ཡང་ དཔལ་འཛོམས་ལུ་ ཤུལ་བཞག་འབད་ཞིནམ་ལས་ ཏེ་ ཁོ་ར་འགྱོ་ནི་གི།
  • ཡེ་ཤེས་དབང་ཕྱུག་
    དེ་འབདཝ་ད་ བྱོག་མ་ཐལཝ་ཨིན་ན་ལགས?
  • དངོས་གྲུབ་རྡོ་རྗེ་
    འོང་ཏེ་ ཏེ་ བྱོག་མ་ཐལ་བས་ ཐལ་ནི་འདི་ལགས་ ཏེ་ བྱོག་མ་ཐལ་འོང་ལགས་ བྱོག་ཐལ་ནི་འ་ནཱི་ བྱོག་ཐལ་ཏེ་གི་ འ་ནཱི་འགྱོ་ཡི་ཟེར་ འདི་དེ་མིན་འདུག་ ཏེ་ འ་ནེམ་ཅིག་ཨིན་མས་ལགས་ ཁོ་གིས་ད།
  • ཡེ་ཤེས་དབང་ཕྱུག་
    ཧེ་མ་ག་འབད་མི་འདི་ ད་ལྟོ་ནཱ་མཐོང་སྣང་སྦེ།
  • དངོས་གྲུབ་རྡོ་རྗེ་
    ཨོང་ལགས་མཐོང་སྣང་ ཨོང་ལགས་ འ་ནཱི་མཐོང་སྣང་ཅིག་མ་གཏོགས་ གནམ་མེད་ས་མེད་ འ་ནཱི་ཏེ་ ཞུ་ནི་ཡང་ གནམ་མེད་ས་མེད་ ང་གིས་ཡང་ཏེ་ ཞུ་མི་ཤེས་པས་ལགས།
  • ཡེ་ཤེས་དབང་ཕྱུག་
    ལགས་སོ་ རྫོང་ནང་ལས་ཕར་ གཞན་ཁར་ག་ཏེ་ཡང་མེད་མི་འདི་ འ་ནཱི་བཟུམ་ཅིག་གི་ད་ གཅིག་ཨ་ནཱི་ཨིན་པས་སྨོ་ལགས་ སྟོནཔ་དཔལ་འཛོམས?
  • དངོས་གྲུབ་རྡོ་རྗེ་
    ཨོང་ལགས་ ཨིན་པས་ལགས་ སྟོན་པ་དཔལ་འཛོམས་ལགས་ ཁོ་ཨིན་ལགས་ གཅིག་འདི་ནཱ་ལགས།
  • ཡེ་ཤེས་དབང་ཕྱུག་
    འ་ནཱི་ཕོ་ལེགས་མོ་ལེགས་ཀྱི་ འཐུསཔ་སྦེ་ཨིནམ་འདྲས་མེན་ན་ མེན་ག་ལགས?
  • དངོས་གྲུབ་རྡོ་རྗེ་
    ད་ཨིན་ནི་འདི་ ཕོ་ལེགས་མོ་ལེགས་ཀྱི་འཐུསཔ་ཨིན་མས་ ཨིནམ་ད་ སྟོན་པ་དཔལ་འཛོམས་ཟེར་ མ་པ་ཕོ་ལེགས་མོ་ལེགས་ཀྱི་འཐུས་ཨིན་མས་ འདི་འབདཝ་ད་ ནཱ་གི་ཞལ་འབགཔ་འ་ནཱི་བཙུགས་དགོཔ་མེད་ལགས་ ཞལ་འབགཔ་མེད་ མེདཔ་ཨིན་ལགས་ ཁོང་འ་ནཱི་ཞལ་འབགཔ་མེད་ གཞན་ཕར་ལས་མས།
  • ཡེ་ཤེས་དབང་ཕྱུག་
    ཞལ་འབགཔ་མ་པ་ལས་མེདཔ་སྦེ་ཨིན་ན་ལགས?
  • དངོས་གྲུབ་རྡོ་རྗེ་
    ཞལ་འབགཔ་མེད་ལགས་ མ་པ་ལས་ཞལ་འབགཔ་མེད་ལགས།
  • ཡེ་ཤེས་དབང་ཕྱུག་
    ཏེ་ཐོན་མི་འདི་ག་སྨོ་ བུཚ་ ཕོ་སྐྱེས་སྨོ་ ཨམ་སྲུ་སྨོ?
  • དངོས་གྲུབ་རྡོ་རྗེ་
    ད་ཨམ་སྲུ་ ད་ཐོནམ་ད་ ཨ་ཙི་ཅིག་མི་བཏུབ་ཟེར་ཨིན་པས་མེན་ན? ཨཱ་ཕོ་རྒནམ་(ཕོ་སྐྱེས་)འདི་ དཀྱི་ར་གྱོན་སྦེ་ ཨམ་སྲུ་བཟོ་སྦེ་ ཨོང་ནཱི་སྦེ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་
    ཕོ་སྐྱེས་ཀྱིས་འབད་ར་ ཐོན་དགོཔ་སྦེ་ཨིན་པས་སྨོ?
  • དངོས་གྲུབ་རྡོ་རྗེ་
    ཕོ་རྒྱ་རང་ཐོན་དགོ་ལགས་ འ་ནཱི་ཕོ་རྒྱ་ཐོན་སྦེ་ ཕོ་རྒྱ་གིས་ དཀྱི་ར་གྱོན་འབད་ཏེ་ དཔལ་འཛོམས་ཟེར་མི་འདི་ཡང་ འ་ནེ་སྦེ་ཨིན་མས་ལགས། ཕོ་རྒྱ་གིས་ཐོན་དགོཔ་ལགས།