Video Overview
Ugyenchöling caretaker Ngawang Jamyang shares how the lhakhang was built. As temple caretaker, he is expected to know his responsibilities and what needs to be done at lhakhangs, such as what rituals need to be performed. He explained the difference between village people and Naktsang people. Ugyenchöling Lhakhang was built during the 17th and 18th centuries. From outside it appears similar to a dzong, but it is actually comprised of five lhakhangs. He has to look after all of these lhakhangs, performing offerings and prostrations. When visitors come to the lhakhangs, he is also expected to share information with them about the lhakhang.
ཨོ་རྒྱན་ཆོས་གླིང་ལྷ་ཁང་གི་དཀོན་གཉེར་ངག་དབང་འཇམ་དཔལ་གྱིས་ ལྷ་ཁང་གི་ཆགས་རབས་མདོར་བསྡུས་ཅིག་བཤད་ཞིནམ་ལས་ དེ་ལས་ ཁོ་ར་དཀོན་གཉེར་འབདཝ་ལས་ དཀོན་ཉེར་གྱི་ འགན་ཁུར་དང་ ལྷ་ཁང་ནང་ དུས་མཆོད་འབུམ་སྡེ་ཚུ་ ག་ཅི་རང་ཚོགས་གནང་ནི་ཡོད་གའི་ སྐོར་ལས་དང་ གཞན་ཡང་ གཞི་ཚོགས་བཙུགས་ཏེ་ ནག་ཚང་དང་ ལྷ་ཁང་གཉིས་བདག་འཛིན་འཐབ་གནང་མི་དེའི་ ཐད་ཁར་ ཁོ་རའི་བསམ་འཆར་ཚུ་ བཤད་ཡོདཔ་མ་ཚད་ གཡུས་ཁའི་མི་དང་ ནག་ཚང་གི་བར་ན་ འབྲེལ་བ་ཚུ་ ག་དེ་སྦེ་ཡོད་ག་ གནད་དོན་ལ་སོགས་པའི་ཐོག་ལུ་ ཁོ་རའི་བསམ་འཆར་ཚུ་བཤད་དོ་ ཡོདཔ་ཨིན་མས། དཀོན་གཉེར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཨོ་རྒྱན་ཆོས་གླིང་གི་ ལྷ་ཁང་དེ་ཆགས་ཏེ་ དུས་རབས་བཅུ་བདུན་དང་ བཅོ་བརྒྱད་དེ་ཅིག་ སོང་ཡོདཔ་སྦེ་ཨིན་པས། མ་གཞི་ ཕྱི་ལས་བལྟ་བ་ཅིན་ རྫོང་གཅིག་བཟུམ་སྦེ་ མཐོངམ་ཨིནམ་དང་ ནང་ན་ལུ་ ལྷ་ཁང་ ༥ ཡོད་ཟེར་ཨིན་པས། དེ་བཟུམ་སྦེ་ ཁོ་རའི་འགན་ཁུར་འདི་ ལྷ་ཁང་ལྔཔོ་ནང་ལུ་ དྲོ་པ་ཆུ་ཚོད་ ༦ལས་ཕྱག་མཆོད་ཚུ་ཕུལ་ཏེ་ དེ་ལས་ ཕྱི་རུ་ཆུ་ཚོད་ དེ་ཅིག་ཁར་ལུ་ མཆོདཔ་་བསྡུ་ནི་དང་ དེ་ལས་ གནས་སྐོར་ཚུ་ འོངམ་དང་ གནས་བཤད་རེ་རྐྱབ་བྱིན་ནི་ཚུ་ ཨིན་ཟེར་ཨིན་པས། དེ་མ་ཚད་ ལྷ་ཁང་ནང་ལུ་ ལོ་བསྟར་གྱི་དུས་ཆེན་འབུམ་སྡེ་དང་ ཡར་ངོ་མར་ངོ་ཚུ་ འགོ་འདྲེན་འཐབ་སྟེ་ བཟུང་ནི་ཚུ་ ཁོ་ར་གིས་སྦེ་ འབད་དོ་ཟེར་ཨིན་པས། ལྷག་པར་དུ་ གཞི་ཚོགས་བཙུགས་ཏེ་ ལྷ་ཁང་དང་ ནག་ཚང་བདག་འཛིན་འཐབ་གནང་པ་གིས་ མ་ཚད་ འགྲེམས་སྟོན་ཁང་སྦེ་ རང་སོའི་ལམ་སྲོལ་བཟང་པོའི་ཁྱད་ཆོས་ཚུ་ མི་མང་ལུ་ གསོལ་སྟོན་འབད་བའི་ཁར་ ཕྱི་ནང་གི་བལྟ་བཤལཔ་ཚུ་ལས་བརྟེན་ཏེ་ གཡུས་ཁར་ལུ་འོང་འབབ་ཚུ་ བཟོ་ཚུགས་དོ་ཡོདཔ་ལས་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་མས།
- Khangrab
- Tang
- Bumthang
- ངག་དབང་འཇམ་དཔལ་ Ngawang Jampelད་ ང་ར་གི་མིང་ཞུཝ་འདྲཝ་ཅིག་འབད་བ་ཅིན་ ཏེ་ ང་གི་མིང་འདི་ ངག་དབང་འཇམ་དཔལ་ཟེར་ ཞུཝ་ཨིན་ལགས་ ཏེ་ང་ར་གི་ལཱ་འགན་འདི་ནཱ་ ཨོ་རྒྱན་ཆོས་གླིང་གི་ ལྷ་ཁང་ནང་དཀོན་གཉེར་སྦེ་ ཕྱག་ཞུ་དོ་ཟེར་ ཞུ་ནི་ཨིན་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཨོ་རྒྱན་ཆོས་གླིང་ལྷ་ཁང་འདི་ ཏེ་ ནམ་ཆགས་ཆགསཔ་ཨིན་ན་ ག་དེ་སྦེ་ཨིན་ན་ ཏེ་རྟེན་ག་ཅི་ཡོདཔ་ཨིན་ན?
- ངག་དབང་འཇམ་དཔལ་ Ngawang Jampelད་ ཨོ་རྒྱན་ཆོས་གླིང་ལྷ་ཁང་འདི་ད་ དང་ཕུནི་ཏེ་ གནམ་ལོ་ཟེར་ཡང་མིན་འདུག་ དུས་རབས་ཟེར་ཨིན་པས་ དུས་རབས་ཏེ་ རོགས་མི་ཚུ་གི་ཁ་རྒྱུན་ལས་འབད་བ་ཅིན་ ཏེ་ དུས་རབས་བཅུ་བདུན་དང་ བཅོ་བརྒྱད་དེ་ཅིག་ཡར་སོང་ནུག་ཟེར་ ཨ་ནཱི་སྦེ་འདུག་ཟེར་ ཞུ་ནི་ལགས་ ལོ་རྒྱུས་འདི།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoརྟེན་ག་དེ་སྦེ་རང་ཡོད་ལགས?
- ངག་དབང་འཇམ་དཔལ་ Ngawang Jampelརྟེན་ད་ དུས་རབས་བཅོ་བརྒྱད་དེ་ཅིག་འགྱོ་ནི་བཟུམ་ཅིག་འདུག་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoའེང་ ལྷ་ཁང་ནང་ལུ་ དཀོན་གཉེར་མཛདཔ་ད་ལུ་ ཕྱག་ལཱ་ག་ཅི་རང་ཡོད་གོ་ལགས?
- ངག་དབང་འཇམ་དཔལ་ Ngawang Jampelད་ ང་ར་གི་ལཱ་འགན་ངོ་མ་འདི་རང་ད་ འགན་ཁུར་ག་ཅི་སྨོ་ཟེར་བ་ཅིན་ ད་དྲོ་པ་ཆུ་ཚོད་ ༦ ལས་འོང་སྦེ་ནཱ་ ཕྱག་མཆོདཔ་ཕུལ་ དེ་ལས་ ཕྱི་རུ་ཆུ་ཚོད་ ༤ དེ་ཅིག་ཁར་མཆོདཔ་བསྡུ།
- ངག་དབང་འཇམ་དཔལ་ Ngawang Jampelདེ་ལས་ གནས་སྐོརཔ་རེ་འོང་འབདཝ་ད་ ཨ་ནཱི་ ཨ་་་གནས་བཤད་རེ་རྐྱབ་ འ་ནེམ་ཅིག་རང་ཨིན་མ་པ་ རྟག་བུ་ན་བུ་གི་ལཱ་འདི་འ་ནཱི་ ཏེ་ ཟླ་གྲངས་བཞིན་དུ་གི་ དེ་ལས་ ཨ་ཡར་་་ག་ཅི་ལོ་ཉེར་དགུ་ལོ་ བཅོ་བརྒྱད་ལྷ་མོ་ཟེར་ འ་ནཱི་བཏང་ནི་ཡོད།
- ངག་དབང་འཇམ་དཔལ་ Ngawang Jampelདེ་ལས་ ཟླཝ་ ༡ པའི་ནང་ལུ་ ཏེ་ ནཱ་ང་བཅས་མི་ཚུ་གིས་ དེ་ལས་ ཞིང་སྒྲུབ་རེ་ ཨ་ནཱི་བསྙུང་གནས་རེ་ཨ་ནཱི་བཙུགས་ནི་ཅིག་ཡོད་ ཏེ་ མ་པ་ང་ར་གི་ རྟག་བུ་ན་བུ་རང་ ཉིནམ་ད་རེས་ནངས་པ་མེད་པ་ ཏེ་ ནཱ་ཕྱག་མཆོདཔ་ཕུལ་ནི་ ཏེ།
- ངག་དབང་འཇམ་དཔལ་ Ngawang Jampelནཱི་གི་རང་ཏེ་ ཡུདཔ་ཅིག་དྲོ་པ་ཆུ་ཚོད་ ༦ ལས་འོངམ་ད་ ཆུ་ཚོད་ དགུ་བཅུ་ཐམ་ཚུན་ཚོད་རང་ འ་ནཱི་ ནཱ་ལུསཔ་མས་ཟེར་ ཞུ་ནི་ཨིན།
- ངག་དབང་འཇམ་དཔལ་ Ngawang Jampelད་གཞན་ཁར་འབད་བ་ཅིན་ ད་རུང་རང་གཞུང་གི་ལཱ་ཁང་འབད་རུང་ ཏེ་ ཨ་་་ལྷ་ཁང་རེ་རེ་དཀོན་གཉེར་རེ་ ཏེ་ སྒེར་སྡེ་གི་ ལྷ་ཁང་འབད་རུང་ ཏེ་ ལྷ་ཁང་རེ་དཀོན་གཉེར་ ནཱ་ཏེ་ ད་སྤོ་ཏོ་ཁར་ཏེ་ ཕྱི་ལས་བལྟ་བ་ཅིན་ ཏེ་ རྫོང་གཅིག་མམ་ གཅིག་འབད་མཐོངམ་ཨིན་ ཏེ་ ནང་དུ་འབདཝ་ད་ ལྷ་ཁང་ ༥ དེ་ཅིག་ཡོད་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཨ་ནཱི་ལྷ་ཁང་ ལྔཔོ་ནང་ལུ་ ནཱ་དུས་མཆོད་བཟུང་ནི་ འབུམ་སྡེ་ག་ཅི་ར་ཡོད་གོ་ལགས?
- ངག་དབང་འཇམ་དཔལ་ Ngawang Jampelཏེ་ད་ང་ ལྷ་ཁང་ལྔཔོ་དེ་ནང་ ད་མ་པ་ལྷ་ཁང་ལྔཔོ་དེ་ནང་ ལྷ་ཁང་རེ་རེ་གི་ནང་ ད་ ཇོ་བོ་ཤཱཀྱ་མུ་ནེ་ལྷ་ཁང་ ཇོ་བོ་ལྷ་ཁང་ལོ་ སྒྲོལམ་ལྷ་ཁང་ལོ་ རྡོར་སེམས་ལྷ་ཁང་ལོ་ ཏེ་ མགོན་ཁང་ལོ་ དེ་ལས་ ཚེ་དཔག་ལྷ་ཁང་ཟེར་ ཨ་ནཱི་སྦེ་ཡོད་ ཏེ།
- ངག་དབང་འཇམ་དཔལ་ Ngawang Jampelརྟག་བུ་ན་བུ་གི་ ལོ་བསྟར་གྱི་ཟླཝ་དགུ་པའི་ནང་ ང་བཅས་ནཱ་གི་ཟླ་དགུ་པའི་ཚེས་བཅུ་ཟེར་ ཏེ་ད་ཚེས་བཅུ་ཟེརཝ་ད་ ད་རུང་མི་ཚུ་གི་འཆམ་ཡོད་ ཡོདཔ་བཟུམ་མཐོངམ་འདྲས་ དང་ཕུ་འབད་བ་ཅིན་ འཆམ་འདུག་ཟེར་ ཞུ་ནི་ལགས་ ཏེ།
- ངག་དབང་འཇམ་དཔལ་ Ngawang Jampelད་རེས་ནངས་པ་ཏེ་ ཆོ་ག་ཉིནམ་གསུམ་མ་གཏོགས་ཏེ་ འཆམ་འདི་མེད་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཏེ་ནཱ་ ལོ་གཅིག་ནང་ལུ་ ག་ཅི་དང་ག་ཅི་རང་གསོལ་ནི་ཡོད་ལགས?
- ངག་དབང་འཇམ་དཔལ་ Ngawang Jampelད་ལོ་གཅིག་ནང་ལུ་ད་ ད་ཨ་་་ཟླཝ་དགུ་པའི་ནང་ ད་ཅི་གོང་དུ་ཞུ་དོ་བཟུམ་སྦེ་ ཏེ་ ཟླཝ་དགུ་པའི་ཚེས་བཅུ་ཉིནམ་གསུམ་ཨིན་ལགས་ དེ་ལས་ ཟླཝ་ ༥ པའི་ནང་ ང་བཅས་ ཨ་་་ཉི་ལོག་གི་ཆོ་ག་ཟེར་ མགོནཔོ་མདོས་མཆོད་ནེམ་གྱི་ཆོ་ག་གཏང་ནི་ཡོད།
- ངག་དབང་འཇམ་དཔལ་ Ngawang Jampelད་འ་ནཱི་བསྒང་ཏེ་ ཨ་་་མགོན་པོ་གི་ཞལ་ཁ་ འ་ནཱི་བསྒང་ཡུདཔ་ཐེངས་ཅིག་ཕུད་ནི་ཡོད་ དེ་ལས་ མདོས་གསརཔ་འཐུ་ དར་ཕུལ་ནི་ སྙན་དར་ཕུལ་ནི་འ་ནཱི་ཡོད་ དེ་ལས་ ཡར་ལྷ་མོ་མདོས་མཆོད་ ཏེ་ འ་ནཱི་ལྷམོ་ ལྷོམ་མདོས་མཆོད་ མགོནཔོ་མདོས་མཆོད་ཟེར་ ཉིནམ་གཅིག་ལུ་ ཨ་ནཱི་ཆོ་ག་ཁག་གཉིས་སྦེ་བཏངམ་ཨིན།
- ངག་དབང་འཇམ་དཔལ་ Ngawang Jampelདེ་ལས་ ད་ཆོསཔ་ཐོབ་པ་ཅིན་ ཁག་གཉིས་སྦེ་བཏངམ་ཨིན་ མ་ཐོབ་པ་ཅིན་ དེ་ལས་ ཉིནམ་གཅིག་ལུ་ ཏེ་ ཨ་་་ག་ཅི་ལོ་ ལྷམོ་བདུད་གསོལ་མ་དང་ མགོནཔོ་མདོས་མཆོད་ཀྱི་ཆོ་ག་ ཉིནམ་གཅིག་ལུ་སྦེ་ འ་ནཱི་སྦེ་བཏངམ་ཨིན་ཟེར་ ཞུ་ནི་ལགས།
- ངག་དབང་འཇམ་དཔལ་ Ngawang Jampelད་རྟག་བུ་ན་བུ་གི་འ་ནཱི་ ཨ་་་ཟླཝ་དགུ་པའི་ཚེས་བཅུ་ ཆོ་ག་ཉིནམ་གསུམ་དང་ དེ་ལས་ ཟླཝ་ ༥ པའི་ནང་ཨ་ནཱི་ ཉི་ལོག་གི་ཆོ་ག་ཡོད་ཟེར་ ཞུ་ནི་ཨིན་ ཏེ་ ཟླཝ་ ༡ པའི་ནང་ ང་བཅས་དམངས་ཀྱིས་ ཨ་་་ཟླཝ་ཨ་་ཚེས་བཅུ་ཐམ་ལུ་ ཏེ་ ཨ་་་ཟླཝ་ ༡ པའི་གི་མཆོད་པ་ཟེར་ ང་བཅས་ནཱ་གི་ཁ་ལས་འབད་བ་ཅིན་ མཆོད་པ་ཟེར་ ཉིནམ་གཅིག་ཆོ་ག་བཏང་ནི་ འ་ནཱི་སྦེ་ཡོད་ཟེར་ ཞུ་ནི་ཨིན།
- ངག་དབང་འཇམ་དཔལ་ Ngawang Jampelདེ་ལས་ རེ་ཅིག་སྐབས་འདི་རོགས་ རང་རང་སོའི་ལྕོགས་གྲུབ་དང་བསྟུན་ཏེ་ ཨ་་་ཞིང་སྒྲུབ་ཉིནམ་གསུམ་གསུམ་རེ་ ཏེ་ཟླཝ་ ༡ པའི་གི་ དུས་ཆེན་འདི་ལུ་ ཏེ་ ཨ་ནཱི་ཞིང་སྒྲུབ་བཙུགས་ནི་ཡོད་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཏེ་ བསྐང་གསོལ་འདི་ ཟླཝ་ག་ཅི་ནང་སྨོ་ལགས?
- ངག་དབང་འཇམ་དཔལ་ Ngawang Jampelབསྐང་གསོལ་འ་ནཱི་ ད་ཅི་ཞུ་མི་འདི་ ཏེ་དང་ཕུ་འབད་བ་ཅིན་ ཟླཝ་ ༡༠ པའི་ནང་ དེ་ལས་ ཟླཝ་ ༩ པའི་ཚེས་བཅུ་ཟེར་ ཟླཝ་ ༩ པའི་ནང་ཨིན་མས་ ཏེ་ ཤུལ་ལས་ཏེ་ཨ་ནཱི་ གཅིག་ཁར་སྦེ་བརྡབས་ཏེ་གིས་ ཏེ་བསྐང་གསོལ་དང་ ཟླཝ་ ༩ པའི་ཚེས་བཅུ་འདི་གཅིག་ཁར་བརྡབས་ཏེ་ ཟླཝ་ ༩ པའི་ནང་ཨིན་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoདེ་ལས་ ནཱ་གནས་མཇལ་བར་འོང་མི་ ག་དེ་སྦེ་རང་འོང་མས་ལགས?
- ངག་དབང་འཇམ་དཔལ་ Ngawang Jampelད་ནཱ་གནས་མཇལ་བར་འོང་མི་ སྔོན་མ་འབད་བ་ཅིན་ ཏེ་ རེ་རེ་གཉིས་གཉིས་ལས་ འོང་ནི་མིན་འདུག་ ཏེ་ ད་རེས་ནངས་པ་ལམ་ གཱ་རི་(སྣུམ་འཁོར་) ལམ་བཏོན་སྦེ་ ཏེ་ ག་ར་ཏེ་རོགས་ ས་ཐག་རིང་ཤིང་གིས་ཡང་ ཏེ་ནཱ་རེ་ཚེ་སྐབས་ཏེ་ ཨ་་་གཉིས་གཉིས་གསུམ་གསུམ་ རེ་གཅིག་སྐབས་ ཏེ་རོགས་ཨ་་་གཱ་རི་(སྣུམ་འཁོར་)བདའ་ བཱསི་བདའ་འབད་ ཏེ་ ཨ་་་འོང་ནི་ཡོད་ཟེར་ ཞུ་ནི་ལགས་ ད།
- ངག་དབང་འཇམ་དཔལ་ Ngawang Jampelསྔོན་མ་དང་ ད་རེས་ཕྱདཔ་ད་ཏེ་ ལོག་ལྟབ་ཀྱིས་ ད་རེས་ཏེ་ ཨ་ཙི་ཅིག་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ རོགས་གཱ་རི་ལམ་ཡོད་ནི་དེ་གིས་ ཏེ་ རོགས་སྟབས་བདེ་ཧིང་འཁྲིལ་ཏེ་ དེ་གི་ནང་དོན་ཉིད་ལས་ཡང་ ཏེ་ ནཱ་དང་ཕུ་གི་ནཱ་འགྲེམས་སྟོན་ཅིག་ཡང་ཡོད་སྦེ།
- ངག་དབང་འཇམ་དཔལ་ Ngawang Jampelདེ་ལས་ ནཱ་ཞོར་ཁར་སྦེ་ ཏེ་ནཱ་གནས་ཁྱད་པར་ཅན་སྦེ་ ཏེ་རོགས་ཡར་ཀློང་ཆེན་གྱི་གདན་ས་ཅིག་ཡང་ ཡར་ཨ་ནཱི་བྲག་ཕུག་ནཱ་ཡོད་ནི་དེ་གིས་ ཏེ་ ཨ་ནཱི་མཇལ་ནི་དང་ ལྷ་ཁང་མཇལ་ནི་དང་ དེ་ལས་ དང་ཕུ་གི་ཅ་ལ་འགྲེམས་སྟོན་ འ་ནཱི་ཚུ་མཇལ་ནི་དོན་དག་ལུ་འབད་ ཏེ་ རོགས་འོང་ནང་ཡོད་ཟེར་ ཞུ་ནི་ལགས་ ག་ཏེ་གི་ཡང་།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཏེ་ནཱ་ འགྲེམས་སྟོན་ཁང་བཙུགས་ནུག་ དེ་ལས་ ལྷ་ཁང་ཡང་ ཏེ་ ཧེ་མ་ག་ཨིནམ་སྦེ་རང་ ད་ལྟོ་མ་ཉམས་པར་ཡོད་པའི་གི་ལོ་རྒྱུས་མས་ འདི་ཚུ་ནཱ་ལས་ཕར་བདག་འཛིན་འཐབ་ནི་དང་ ནཱ་ལས་ཕར་ཡུན་བརྟན་ནི་ ག་དེ་སྦེ་བརྟན་ནི?
- ངག་དབང་འཇམ་དཔལ་ Ngawang Jampelད་དེ་ཡང་ ད་ཨ་་་སྔོན་མ་འབད་བ་ཅིན་ ད་རོགས་ནཱ་གི་ཏེ་ ཨ་ཙི་ཅིག་རོགས་ཁོང་ར་ཏེ་ ག་ར་འབད་རུང་ཁོང་ར་དབང་ཚད་ཡོད་འབད་ ཨ་ནཱི་འབད་ནི་དེ་གིས་ ཏེ་ ཁོང་ར་གིས་ གནམ་མེད་ས་མེད་ག་ཅི་ལས་འབད་རུང་ ཏེ་ ཕར་བདག་འཛིན་འཐབ་ དེ་ལསནི་ ཁོང་ར་གིས་ནེམ་འབདཝ་ཨིན་མས་ཟེར་ ཞུ་ནི་ལགས།
- ངག་དབང་འཇམ་དཔལ་ Ngawang Jampelད་ད་རེས་ནངས་པ་འབདཝ་དནི་ཏེ་ ཨ་ཙི་ཅིག་བདའ་ཡང་མ་ཟུན་ ག་ར་ཏེ་ ལྷ་ཁང་འབད་རུང་ག་ཅི་འབད་རུང་རྒྱ་ཆེ་ནི་དེ་གིས་ཏེ་ ཏེ་ལྷ་འདི་གི་ཐད་ཁར་ལྷོདཔ་ད་ཏེ་ ང་ར་གིས་འབད་རང་ཏེ་ ད་གནམ་མེད་ས་མེད་རྒྱ་སྦོམ་སྦེ་ཏེ་ མེདཔ་ཐལ་སོང་པ་ཅིན་ཏེ་ ད་རོགས་ཁོང་ར་སྦྱིན་བདག་གིས་ ག་དེ་སྦེ་རུང་འབད་ནི་འོང་།
- ངག་དབང་འཇམ་དཔལ་ Ngawang Jampelཏེ་ ནཱི་མིན་ཏེ་ ཆག་ཆ་ཆི་ཆི་(དུམ་གྲ་རེ་) ཨ་ནཱི་ཆག་དཀྲུམ་ཞུགས་ཞུགསཔ་དང་ ག་ཅི་ནེམ་འབད་རུང་ རང་གིས་འབད་ཚུགསཔ་འདི་ རང་གིས་རང་ ཏེ་ད་འབདཝ་ཨིན་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཏེ་ ད་ལྟོ་ནཱ་ད་ གཞི་ཚོགས་བཙུགས་ཏེ་གིས་སྦེ་ ནག་ཚང་དང་ལྷ་ཁང་གཉིས་ཆ་རང་ བདག་འཛིན་གནང་མས་སྨོ་ འ་ནཱི་གི་ཐད་ཁར་ལྷོདཔ་ད་ ནཱ་གི་ཐུགས་བཞེད་ག་དེ་སྦེ་ཡོད?
- ངག་དབང་འཇམ་དཔལ་ Ngawang Jampelད་འ་ནཱི་ ཏེ་ད་ ད་དེ་ཡང་ ལེགས་ཤོམ་ཨིན་མས་ཟེར་ ཞུ་ནི་ལགས་ ད་ག་ཅི་སྨོ་ཟེར་བ་ཅིན་ ད་རོགས་ཨ་ནཱི་གཞི་ཚོགས་བཙུགས་འབད་ད་ཏེ་ ག་ཏེ་གི་མི་ཚུ་ཡང་ ཏེ་ རོགས་གཱ་རི་ལམ་ཡང་བཏོན་ ཏེ་ གཱ་རི་ལམ་བཏོན་ཞིནམ་ལས་ཏེ་ད་ རང་གི་རྐང་པ་གིས་ འགྱོ་མ་དགོཔ་འབད་ ལྷོད་ཚུགས་པས་ ཏེ་ ག་ཏེ་གི་མི་ཡང་ཕྱད་ཚུགས།
- ངག་དབང་འཇམ་དཔལ་ Ngawang Jampelཏེ་ ག་ཏེ་གི་ཡང་ཏེ་ ཨ་ནཱི་ཁ་ ལམ་ལུགས་ འ་ནཱི་ཚུ་ཤེས་ཚུགས་ ཕྱད་ཚུགས་ འ་ནཱི་འབད་ནི་དེ་གིས་ ཏེ་ད་ནཱི་འདི་ད་ རང་སྔོན་མ་འབད་བ་ཅིན་ ག་ཏེ་གི་མི་ཡང་ཕྱད་མ་ཚུགས་ ལྷོད་མ་ཚུགས་ཕྱད་མ་ཚུགས་ རང་ས་བགྱི་ཀུ་ནང་སྡོདཔ་ད་ཏེ་ བལྟ་རྒྱ་མཐོང་རྒྱ་ ཡོན་ཏན་ག་ནི་ཡང་མ་འཐོབ་ ད་ད་རེས་ནངས་པ་ འ་ནཱི་འབདཝ་ད་ ཏེ་ གཅིག་ལས་འབདན་ གནམ་མེད་ས་མེད་རང་གི་ ཨ་ནཱི་ཚོར་སྣང་ ཨ་་་ཕར་སྤྲོ་བ་ཅིག་ཡང་འདུག་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoནཱ་ ནག་ཚང་དང་ དེ་ལས་ ཕར་གཡུས་ཁ་གི་བར་ན་ འབྲེལ་བ་འཐབ་ཐངས་ག་དེ་སྦེ་ཡོད་གོ་ལགས་ ད་རེས་ནངས་པ?
- ངག་དབང་འཇམ་དཔལ་ Ngawang Jampelནག་ཚང་དང་ གཡུས་ཁའི་བར་ན་ འབྲེལ་འཐབ་ཐངས་ཏེ་ད་ རོགས་ནཱ་ཁག་ཆེ་ མ་ཆེ་ན་མ་ཤེས་ ཁག་ཆེ་ཚེནི་ཏེ་ རོགས་ཨ་ཞེ་གིས་ ཨ་ཞེ་མོ་ར་གིས་ཏེ་ ཨ་ད་འ་ནེམ་ཅིག་འབད་དགོ་པས་ཏེ་ ཁྱོད་ཚུ་གིས་ཟེརཝ་ད་ ཏེ་མར་གཡུས་ཁའི་མི་ཚུ་གིས་ཡང་ ནཱ་འོང་འབད་ ཏེ་ ནེམ་ཕྱག་ཞུ་བའི་ཟེར་ ཞུ་ནི་ལགས།
- ངག་དབང་འཇམ་དཔལ་ Ngawang Jampelད་དེ་འབད་རུང་རང་ ད་སྔོན་མ་འབད་བ་ཅིན་ ཏེ་ གླ་ཆ་དང་ ཟ་འཐུང་ཚུ་ག་ནི་ཡང་སྤྲོད་མི་དགོ་ ཏེ་ད་རེས་ནངས་པ་ཏེ་ རྒྱལ་ཁབ་ཡར་རྒྱས་དང་བསྟུན་ཏེ་ ད་ག་ར་ཏེ་ རང་དབང་རང་བཙན་གྱི་ཨ་ནཱི་ བཀོལ་ཆོགཔ་མེད་ནི་དེ་གིས་ ཏེ་ད།
- ངག་དབང་འཇམ་དཔལ་ Ngawang Jampelཨ་་་ཉིནམ་གཅིག་བཀོལནི་ ཉིནམ་གཅིག་གི་གླ་ ཉིནམ་གཉིས་བཀོལནི་ ཉིནམ་གཉིས་ཀྱི་གླ་ཆ་རང་རྩིས་རྐྱབ་སྟེ་ ནེམ་འབད་སྦེ་ ཕར་དང་ཚུར་འབྲེལ་བ་འདི་ཡོད་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཏེ་ ནག་ཚང་དང་ གཡུས་ཁ་གི་བར་ན་ཧེ་མ་བཟུམ་སྦེ་རང་འབྲེལ་བ་འདི་ གོངམ་དང་ འོགམ་སྦེ་ཙམ་ཅིག་ཡོདཔ་ཨིན་ན་ ཡངན་ད་རེས་ནངས་པ་མི་ག་ར་གིས་ དམངས་གཙོ་གི་འདྲ་མཉམ་ཨིན་ཟེར་ སླབ་སྟེ་འབདཝ་ད་ལུ་ ཏེ་ མི་སེར་རང་རང་ས་གིས་ དེ་ལས་ དབང་ཆ་ཡང་འདྲན་འདྲ་བཏོན་སྦེ་ འ་ནཱི་སྦེ་འབདཝ་ཨིན་ན་ག་དེ་སྦེ་ཨིན་ན?
- ངག་དབང་འཇམ་དཔལ་ Ngawang Jampelའདི་ད་ ཨ་་་གོངམ་དང་ འོགམ་གི་རང་གི་ འདུ་ཤེས་ད་དེ་སྦེ་རང་ཡོད་ཟེར་ ཞུ་ནི་ལགས་ ད་ འ་ད་རང་གི་གོངམ་ཨིན་མས་ རང་གི་རང་ཕྱག་ཞུ་དགོ་ཟེར་ ཏེ་ ང་བཅས་ནཱ་གི་ གཡུས་ཁ་གི་མི་ཚུ་གིས་ མནོ་བསམ་དེ་སྦེ་རང་བཏང་འབད་ ནེ་སྦེ་ཕྱག་ཞུ་དོ་ཟེར་ ཞུ་ནི་ལགས།
- ངག་དབང་འཇམ་དཔལ་ Ngawang Jampelད་ ནཱ་ལས་ ཨ་ཞེ་མོ་ར་གིས་ མ་གསུངསན་མ་ཤེས་ གསུངས་པ་ཅིན་ད་ ཕྱག་ཞུ་དགོ་ཞུ་དགོ་ཟེར་ ཏེ་ ང་བཅས་ཀྱིས་འབད་དགོ་ཟེར་ ང་བཅས་ཀྱིས་ མ་འབད་བ་ཅིན་ ག་གིས་འབད་ནི་ཟེར་ རོགས་ང་བཅས་གཡུས་ཁ་གི་མི་ཚུ་གིས་ཡང་ མནོ་བསམ་དེ་སྦེ་རང་བཏང་སྟེ་ ནེམ་ཕྱག་ཞུ་དོ་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoཨ་་་ནཱ་སྦོ་ལོགས་ཁར་གྱི་གཡུས་འདི་ཚུ་གིས་ ཏེ་ ཨོ་རྒྱན་ཆོས་གླིང་ལུ་ བརྩི་ཐངས་ག་དེ་ཡོད་ལགས?
- ངག་དབང་འཇམ་དཔལ་ Ngawang Jampelཨ་་་སྦོ་ལོགས་ཁར་གྱི་གཡུས་འདི་ཚུ་ད་ མ་པ་ད་ལོགས་སུ་ཏེ་ བརྩི་ཐངས་ཟེར་ ཏེ་ གནམ་མེད་ས་མེད་ག་ཅི་འོང་བ་ཏེ་ མ་པ་ང་བཅས་ར་གི་ ཏེ་ འགྲོ་ལུགས་ཨིན་པས་ ཏེ་ མི་ཤི་རུང་གཅིག་གཅིག་ཕར་དང་ཚུར་བལྟ་བར་འགྱོ་ནི་འདིནི་ཏེ་ རང་རང་ས་གི་ཉེ་འདབས་ཀྱི་མི་ཚུ་གིས་ཏེ།
- ངག་དབང་འཇམ་དཔལ་ Ngawang Jampelཕར་དང་ཚུར་དེ་སྦེ་ བརྩི་ཐངས་དེ་སྦེ་རང་ཡོད་ཟེར་ ཞུ་ནི་ལགས། ཏེ་འདི་དང་ནདཔ་ཐོན་རུང་ ག་ཅི་འབད་རུང་ ཏེ་ འགྲོ་ལུགས་དེ་སྦེ་རང་ཨིན་ཟེར་ ཏེ་ ཕར་སྦོ་ལོགས་ཀྱིས་ ཨ་་་ཨོ་རྒྱན་ཆོས་གླིང་གི་ མི་ཨིན་ཟེར་ཏེ་ ཕར་སྣང་མེད་སྐྱུར་ཏེ་ནེ་སྦེ་ ཨ་་་མནོ་བསམ་དེ་སྦེ་མེད་ཟེར་ ཞུ་ནི་ལགས་ད།
- ངག་དབང་འཇམ་དཔལ་ Ngawang Jampelག་ར་དྲང་བདེན་དང་འདྲ་མཉམ་མ་གཏོགས་ རང་གིས་རང་ར་ ཨ་ད་ ག་ཅི་ལོ་ཨིན་པས་མནོ་བསྐྱེད་སྡོད་ནི་གནམ་མེད་ས་མེད་ཟེར་ ག་ར་དྲང་བདེན་འདྲ་མཉམ་ཅོག་རང་འཐདཔ་རང་ཨིན་ཟེར་ ཞུ་ནི་ལགས་ མནོ་བསམ་བཏང་ཐངས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoད་ནཱ་གི་ཁ་ཐུག་ལས་ ཨ་ནཱི་ལྷ་ཁང་དང་ནག་ཚང་ལུ་ འབད་དགོཔ་བཅའ་དགོཔ་ག་ཅི་རང་འདུག་ མ་འོངས་པ་ག་ཅི་བཟུམ་ཅིག་ལུ་ འགྱུར་ནི་གི་འདི་ ལེགས་ཤོམ་འོང་ནི་མས?
- ངག་དབང་འཇམ་དཔལ་ Ngawang Jampelང་བཅས་ནཱ་གཡུས་སྒོ་གི་མི་སེར་ཚུ་གིས་ཡ་ལགས?
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoའོང་ལགས་ ནཱ་དཀོན་གཉེར་དང་ གཡུས་ཁའི་མི་ཚུ་གི་ཁ་ཐུག་ལས།
- ངག་དབང་འཇམ་དཔལ་ Ngawang Jampelནཱ་ད་གནམ་མེད་ས་མེད་ ད་ཧེ་མ་བཟུམ་སྦེ་ ག་ནི་ཡང་འབད་ནི་མེད་ཟེར་ ཞུ་ནི་ཨིན་ ད་ད་ཅི་གོང་ལུ་ཞུ་དོ་བཟུམ་སྦེ་ ད་ལཱ་ཁག་ཆེ་ཨ་ནཱི་སྦོམ་ར་ཡོད་པ་ཅིན་ ནེ་འབད་བའི་ཏེ།
- ངག་དབང་འཇམ་དཔལ་ Ngawang Jampelཨ་་་ནེ་མེན་པ་ ཏེ་ ང་བཅས་ར་ད་རེས་ནག་ཚང་ནང་འབདཝ་ཟེར་རུང་ ནག་ཚང་ནང་འོང་སྟེ་ ལཱ་འབད་ནི་དང་ ནེམ་གནམ་མེད་ས་མེད་ ཏེ་ དང་ཕུ་བཟུམ་སྦེ་ ག་ནི་ཡང་འབད་ནི་མེད་ཟེར་ ད་ནཱ་གི་ནག་ཚང་གི་ ཨ་ནཱི་ས་གཞི་ནཱ་ང་བཅས་གཡུས་སྒོའི་མི་ཚུ་གིས།
- ངག་དབང་འཇམ་དཔལ་ Ngawang Jampelཐུན་མོང་སྦེ་སྤྱོད་དེ་ ཏེ་འ་ནཱི་ལཱ་འབད་སྦེ་ དེ་ལས་ འ་ནཱི་བགོ་བཤའ་ད་ དཔྱ་གཅིག་ཨ་་་ཁོང་ར་ནཱ་ནག་ཚང་ལུ་ དཔྱ་གཉིས་ང་བཅས་ནཱ་ལཱ་འབད་མི་འབད་ནི་དེ་གིས་ཏེ་ དཔྱ་གཉིས་ང་བཅས་ནཱ་གཡུས་སྒོའི་མི་ཚུ་གིས་ ནེམ་བགོ་བཤའ་འ་ནཱི་སྦེ་འབདཝ་ཨིན་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoད་བུམ་ཐང་པའི་ཁ་ནང་སྦེ་རང་གསུང་གནང་མས།
- ངག་དབང་འཇམ་དཔལ་ Ngawang Jampelལགས་སོ།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoནཱ་ ནག་ཚང་དང་ ལྷ་ཁང་ཚུ་ལུ་ ད་ལས་ཕར་ཡར་རྒྱས་བཏང་དགོཔ་དང་ དེ་ལས་སྟབས་འདྲཝ་ག་ཅི་འདུག་གོ་ལགས?
- ངག་དབང་འཇམ་དཔལ་ Ngawang Jampelཨ་་་་ཡར་རྒྱས་བཏང་དགོཔ་དང་ ནག་ཚང་ཁ་ཐུག་ལས་ཡ་ལགས?
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoནག་ཚང་ལྷ་ཁང་།
- ངག་དབང་འཇམ་དཔལ་ Ngawang Jampelའེང་་་ད་འདི་ཚུ་འདི་ ཡར་རྒྱས་བཏང་དགོཔ་འདི་ ཏེ་ད་མ་པ་ཏེ་ ད་ཧེ་མ་འབད་རུང་ ཁོང་ར་ནཱ་ལས་བཏང་ན་མ་གཏོགས་ ད་དམངས་ཀྱིས་ དམངས་ཀྱི་ལྷ་ཁང་དང་ དམངས་ཀྱི་ནག་ཚང་འབད་བ་ཅིན་ དེ་སྦེ་ཨིན་པས།
- ངག་དབང་འཇམ་དཔལ་ Ngawang Jampelདེ་མིན་ཏེ་ རོགས་ནཱ་གི་ཨ་་་དེ་སྦེ་ཨ་་་ཞབས་ཏོག་ཞུ་དགོ་པའི་རྐྱན་སྦོམ་ རླུང་འཚུབ་འདྲཝ་ ས་ཡོམ་སྦོམ་རེ་རྐྱབ་སྟེ་ དེ་སྦེ་འབད་དགོཔ་ཡོད་རུང་ གཞུང་ལས་ཡང་ ག་ནི་ཡང་མེད་ ཨ་ཞེ་མོ་ར་གིས་སྦེ་ དེ་སྦེ་འབད་བའི་ལགས།
- ངག་དབང་འཇམ་དཔལ་ Ngawang Jampelཏེ་ དམངས་ཀྱི་ཁ་ཐུག་ལས་འདི་ ག་ཅི་འོང་བ་ལགས་ དམངས་ཁ་ཐུག་ལས་འདི་ འབད་དགོཔ་ཡོད་པ་ཅིན་ ཏེ་ད་འབད་མ་ཚུགསཔ་ཡོད་པ་ཅིན་ ལས་མི་འཚོལ་ཏེ་ འདིནི་གླ་སྤྲོད་དེ་རང་ཨིན་ལགས།
- ངག་དབང་འཇམ་དཔལ་ Ngawang Jampelལགས་སོ་ ཏེ་ད་ལྟོ་ཚུན་ཚོད་ ལོ་ཧ་ལམ་བཅོ་ལྔ་བཅུ་དྲུག་ལྷག་སྟེ་རང་ འདི་འགྲེམས་སྟོན་ཁང་རྐྱབ་ཨིན་ཟེར་ འདི་རང་འབདཝ་མས་ འདི་ག་དེ་སྦེ་རང་ ནཱ་གི་ནཱ་བཞུགས་བཞུགསཔ་འབད་ནི་དེ་གིས་ ཁྱོད་ཀྱིས་གཟིགས་གཟིགསཔ་འོང་ ལཱ་ག་དེ་སྦེ་རང་འབད་ཡི་གོ་? སྟབས་མ་བདེཝ་ག་ཅི་བཟུམ་ཅི་རང་ཐོན་ཡི་གོ? ལེགས་ཤོམ་ག་དེ་སྦེ་རང་སོང་ཡི་གོ?
- ངག་དབང་འཇམ་དཔལ་ Ngawang Jampelཨ་་་འགྲེམས་སྟོན་ཡ་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoའོང་་་འགྲེམས་སྟོན་ཁང་རྐྱབ་ཨིན་ཟེར་ རྐྱབ་སྟེ་ ཚོགས་པ་བཙུགས་ཏེ་ ལཱ་འབད་བའི་ཟེར་འབད་དེ་འབདཝ་ད་ སྟབས་བདེཝ་མ་བདེཝ?
- ངག་དབང་འཇམ་དཔལ་ Ngawang Jampelའེང་་་ད་འདི་དེ་ད་ ཨ་་་སྟབས་འདི་འགྲེམས་སྟོན་བཙུགས་ཏེ་ ད་ཏེ་ དང་པ་ལུ་ཁོང་ར་ལུ་ སྟབས་མ་བདེཝ་ སྦྱིན་བདག་ལུ་སྟབས་མ་བདེཝ་ག་ནི་ཡང་མེད་ ཏེ་ གཉིས་པ་ལུ་ ནཱ་འགྲེམས་སྟོན་བཙུགས་ནུག་ཟེར་ ཏེ་ ཉེ་འདབས་ཀྱི་གཡུས་སྒོ་ཚུ་ལུ་ཡང་ སྟབས་མ་བདེཝ་ལོགས་སུ་སྦེ་ག་ནི་ཡང་མེད།
- ངག་དབང་འཇམ་དཔལ་ Ngawang Jampelཏེ་ད་ ནཱ་འགྲེམས་སྟོན་བཙུགས་ནུག་ཟེར་ ཏེ་ད་ཕྱི་རྒྱལ་ཁབ་ཀྱི་ བལྟ་བཤལཔ་འབད་རུང་ དེ་ལས་ ང་བཅས་རའི་མི་སེར་འདི་ཚུ་འབད་རུང་ ཏེ་ད་གཅིག་གི་གཅིག་རྣ་རྒྱུན་འབད་དེ་ འདི་བཟུམ་གཅིག་འདུག་ལོ་ཟེར་ ཏེ་དང་ཕུའི་ལམ་སྲོལ་འ་ནཱི་བཟུམ་ཅིག་འོང་ནི་མས་ཟེར་ ཧ་ལས་སི་སི་འདུག་ཟེར།
- ངག་དབང་འཇམ་དཔལ་ Ngawang Jampelཏེ་འ་ནཱི་སྦེ་ གཅིག་གི་གཅིག་རྣཝ་ཉན་ཏེ་ ཏེ་དེ་སྦེ་ བལྟ་བར་མི་མང་སུ་མང་སུ་འོང་ནི་མ་གཏོགས་ ལོགས་སུ་ཨའུ་དེ་སྦེ་ཨིན་པས་ཟེར་ ག་གིས་ཡང་ ཁ་བཏང་སྟེ་ དེ་བཟུམ་ཅིག་ཨིན་པས་ཟེར་ སྨད་པ་རྐྱབ་པ་ལ་སོགས་པའི་ལོ་རྒྱུས་འདི་ ཏེ་ རོགས་ཕྱི་ཁའི་མི་ལུ་འདི་ སྟབས་མ་བདེཝ་ག་ཅི་འོང་བ་ ང་བཅས་ནང་ན་གི་ཚུ་ལུ་ཡང་ ལོགས་སུ་སྟབས་མ་བདེཝ་ག་ནི་ཡང་མེད་ལགས་འདི་དེ།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoད་ཕར་ཡང་ ནག་ཚང་དང་ ལྷ་ཁང་འདི་ ཚོགས་པ་གིས་སྦེ་བདག་འཛིན་འབད་དེ་བཞག་པ་ཅིན་ ཤུལ་ལས་བུ་གཞི་ཚུ་ལུ་ཕན་ཐོགས་ནི་མས་ག་ ག་དེ་སྦེ་སྨོ་ནཱ་ལས་འབད་བ་ཅིན?
- ངག་དབང་འཇམ་དཔལ་ Ngawang Jampelའ་ད་ཏེ་ ད་རེས་ང་བཅས་ཀྱི་ངོ་བསྒང་ལུ་ མནོ་བསམ་བཏང་དོ་བཟུམ་འབད་བ་ཅིན་འདི་ ཏེ་ད་ཕན་འདི་ཐོགས་ནི་མས་ཟེར་མནོཝ་མས་ དེ་འབད་རུང་ ད་རེས་ཡོད་ཟེརཝ་ད་ ནངས་པ་མེད་ ནངས་པ་ཡོད་ཟེརཝ་ད་ གནངས་ཚེ་མེད་ ད་ག་ཅི་རང་འབད་རུང་ ཨ་ནཱི་ལམ་ལུགས་ག་ཅི་རང་འབད་རུང་ སྲིད་བྱུས་འགྱུར་ཡི་འགྱུར་ཡི་འགྱོཝ་ད་ མ་འོངས་པའི་ནང་།
- ངག་དབང་འཇམ་དཔལ་ Ngawang Jampelཏེ་ད་ག་དེ་སྦེ་འོང་ག་ ཡང་ན་དེ་སྦེ་སྡོད་འོང་ག་ ཡང་ན་ནེ་ལས་དྲགསཔ་སྦེ་ འགྱོ་འོང་ག་ ཡང་ན་ཡལ་ཏེ་འགྱོ་འོང་ག་ འདི་ད་ལྟོ་ང་གིས་བརྟན་བརྟན་ཞུ་མི་ཤེས་ནི་མས་ཟེར་ ཞུ་ནི་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoལགས་སོ་ ཏེ་ད་གཞན་ག་ནི་ཡང་གསུང་ནི་མེད་ག་ལགས? ལྷ་ཁང་དང་ ནག་ཚང་ ཨོ་རྒྱན་ཆོས་གླིང་སྤྱིར་བཏང་གི་སྐོར་ལས?
- ངག་དབང་འཇམ་དཔལ་ Ngawang Jampelད་གཞན་ཏེ་ ད་ལོགས་སུ་སྦེ་ཞུ་ནི་ ག་ནི་ཡང་མིན་འདུག་ཟེར་ ཞུ་གེ་ལགས་ ད་ཨ་་་ལོགས་སུ་སྦེ་ད་ ད་ལྟོ་ནེ་ཅིག་མ་གཏོགས་ ད་དེ་ལས་ ལྷ་ཁང་གི་གཡོག་རྐྱབ་མི་ཡང་ ང་རང་ཨིན་པས་ ང་ར་ལུ་ལོགས་སུ་ སྟབས་མ་བདེཝ་དང་ དཀའ་ངལ་དེ་སྦེ་ཡང་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ག་ནི་ཡང་མེད།
- ངག་དབང་འཇམ་དཔལ་ Ngawang Jampelཨ་ཞེ་གིས་ཡང་རང་ལུ་བློ་གཏད་དེ་ ཏེ་ད་རང་གིས་ཡང་ ག་དེ་དྲག་དྲག་ཏེ་ སྟོན་པའི་ཞབས་ཏོག་ ཨིན་པས་ཟེར་ ཏེ་ མ་པ་མ་ཤེསཔ་ཕར་བཞག་སྟེ་ ཤེས་མཐོངམ་ཅིག་ རང་གིས་ག་དེ་དྲག་དྲག་སྦེ་རང་ཕྱག་ཞུ་སྟེ་ སྡོད་དོ་ཟེར་ ཞུ་གེ་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoནཱ་ཚོན་གཏང་ནིའི་ཕྱག་ལཱ་ཚུ་ཡང་ ནཱ་གི་གནངམ་ཨིན་ན?
- ངག་དབང་འཇམ་དཔལ་ Ngawang Jampelའོང་ཨིན་ལགས་ ཨིན་ལགས་ འདི་ཡང་ ཨ་་་འདི་ཨ་ཙི་རེ་འབད་ ད་སྤོག་འགྱོ་མི་དང་ ཡར་གས་འགྱོ་བའི་ཤིང་ཆས་ཨིན་རུང་ བྱང་ཨིན་རུང་ ག་ཅི་ཨིན་རུང་ འདི་ཚུ་ང་ར་གིས་ ཉམས་བཅོས་འབད་བའི་ལགས།
- ངག་དབང་འཇམ་དཔལ་ Ngawang Jampelག་ཅི་སྦེ་ཟེར་བ་ཅིན་ ཨ་་་ད་སྦྱིན་བདག་ཁོང་ར་ཨིན་ ཁོང་ར་གིས་འབད་འོང་ཟེར་ དེ་སྦེ་ཐང་བཏང་བཞག་པ་ཅིན་ ཏེ་ཁོང་ར་ཡང་ བཙར་མ་ཚུགས་པར་འདུག
- ངག་དབང་འཇམ་དཔལ་ Ngawang Jampelརང་གིས་འབད་ཚུགས་ཚུགསཔ་ཅིག་ རང་གིས་རང་འབད་བ་ཅིན་ ཏེ་འདི་ད་ སྔར་གོང་ལས་རང་སྐྱོན་འདི་ ཆུ་མ་འོངམ་ལས་གཡུར་བ་དང་ ནད་མ་འོངམ་ལས་རིམ་འགྲོ་ དཔེ་འདི་བཟུམ་སྦེ་ སྔར་གོང་ལས་རང་ རང་གིས་དུམ་གྲ་རེ་འབད་བཞག་པ་ཅིན་ དེམ་ཅིག་གི་བར་ན་ རང་ཡང་དགོངསམ་ཞུ་སྟེ་ ག་ར་འབད་རུང་།
- ངག་དབང་འཇམ་དཔལ་ Ngawang Jampelཨ་་་རོགས་འདི་བསྒང་ལུ་ ཁོ་གིས་ འདི་གཅིག་བཟོ་ནུག་སྨ་རེ་ དྲག་དྲག་ཟེར་ ཏེ་རང་ལུ་ གཏམ་དང་རྣ་བ་ཅིག་ ཏེ་དེ་སྦེ་ འོང་ན་མ་གཏོགས།
- ངག་དབང་འཇམ་དཔལ་ Ngawang Jampelཏེ་དེ་སྦེ་རང་བཀོ་བཞག་པ་ཅིན་ ཐང་བཏང་བཀོ་བཞག་པ་ཅིན་ འདི་གི་མང་སུ་མང་སུ་འབདཝ་ད་ མཇུག་ལུ་གནམ་མེད་ས་མེད་སྦོམ་སུ་སྦོམ་སུ་འགྱོཝ་ད་ ད་ལཱ་ཁག་འོང་ནི་མས་ཟེར་ ང་ར་ཡང་ མནོ་བསམ་གདིང་ལས་རང་ ལཱ་འགོ་བཙུགས་ཏེ་འབདཝ་ད་རང་ མནོ་བསམ་དེ་སྦེ་བཏང་སྟེ་འབདཝ་ཨིན་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoདེ་ལས་ད་ ལྷ་ཁང་དང་ འགྲེམས་སྟོན་ཁང་ནེ་ཅིག་འགྱོ་མི་འདི་གི་བསམ་པ་རྫོགས་ཡི་ག་ལགས?
- ངག་དབང་འཇམ་དཔལ་ Ngawang Jampelའ་ད་ བསམ་པ་རྫོགས་ནི་ཟེར་རུང་ ནེ་ཅིག་ཨིན་པས་ལགས་ ཧ་ཧ་་་་་་་།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoདེ་ལས་ ཁྱོད་རའི་གཡུས་ཁར་སྡོད་མི་དང་ ནག་ཚང་ནང་སྡོད་མི་འདི་ཚུ་གི་རེ་བ་འདི་ དེ་སྦེ་ཨིན་ཟེར་བའི་སྣང་བ་ཤརཝ་མས་ག་ག་དེ་སྦེ་སྨོ?
- ངག་དབང་འཇམ་དཔལ་ Ngawang Jampelད་གཡུས་མི་དང་ མི་འདི་ཚུ་གིས་འབད་རུང་ ཏེ་ད་ཛའི་ཨ་ཞེ་གིས་ འགྲེམས་སྟོན་གཅིག་བཙུགས་ཏེ་ ཛའི་ད་འདི་དེ་ གནམ་མེད་ས་མེད་ལེགས་ཤོམ་ཨིན་པས་ཟེར་ ལེགས་ཤོམ་ག་དེ་སྦེ་ཟེར་བ་ཅིན།
- ངག་དབང་འཇམ་དཔལ་ Ngawang Jampelཏེ་ད་ནཱ་ལུ་ རོགས་ཕྱི་པ་གི་མི་བལྟ་བཤལ་པ་ གནས་སྐོར་པ་འདི་ཚུ་འོངམ་ད་ ཏེ་ ཕན་པ་གཡུས་མི་ཚུ་ལུ་ཡང་ཡོད་ གཡུས་མི་ལུ་ཕན་པ་ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ ད་བཤལ་པ་མི་ཕུད་རྡོག་གཅིག་རང་འོང་རུང་ ད་དེ་འཕྲོ་ལས་རང་རང་ས་གིས་ ད་གཞུང་གློག་མེ་ཅིག་བཙུགས་ཏེ་ ཕྱི་རུ་ཆུ་ཚོད་བརྒྱད་དང་དགུ།
- ངག་དབང་འཇམ་དཔལ་ Ngawang Jampelདེ་ལས་ ཨོལ་ལྐོག་ཁར་བཏགས་ནི་འཐག་ དེ་ལས་ ཕད་ཅུང་འདྲཝ་འཐག་སྦེ་ དེ་ལས་ཉི་མ་ཨ་མར་ལམ་ཁར་བཏོན་འབདཝ་ད་ འབབ་ཁུངས་འདི་ གཡུས་ཁའི་མི་སེར་ཚུ་ལུ་ཡང་ཡོད་ཟེར་ ཞུ་གེ་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoདེ་ལས་ ག་དེམ་ཅི་སྦེ་ ལྷ་ཁང་འདི་བཟུམ་ཅིག་དང་ ནག་ཚང་འདི་བཟུམ་ཅི་མེད་པ་ཅིན་ གཡུས་ཁར་ལུ་ག་དེ་སྦེ་འོང་ནི་མས་གོ?
- ངག་དབང་འཇམ་དཔལ་ Ngawang Jampelཨ་ད་ ཏེ་ ལྷ་ཁང་འདི་བཟུམ་ཅིག་མེད་ གཡུས་འདི་བཟུམ་ཅིག་མེད་འབད་བ་ཅིན་ ཏེ་ད་འདི་ ག་དེ་སྦེ་འོང་ག་ཡང་ ཏེ་ཡང་ན་ད་ དང་པར་དུ་རང་གི་ སྐྱབས་དཀོན་མཆོག་བསྟེན་པའི་ རང་གི་ག་ཅི་རང་འབད་རུང་ དགྲ་ལྷ་འབད་རུང་ སྐྱབས་པའི་ལྷ་འབད་རུང་ ག་ཅི་འབད་རུང་རང་གཡུས་སྒོ་རེ་ལུ་ལྷ་ཁང་རེ་ཡོད།
- ངག་དབང་འཇམ་དཔལ་ Ngawang Jampelཏེ་ ལྷ་ཁང་འདི་མེད་པ་ཅིན་ ཏེ་ ཡང་ན་རང་ལུ་སྟབས་མ་བདེཝ་ཅིག་ འོང་དོ་འོང་ དེ་ལས་ ད་འགྲེམས་སྟོན་བཟུམ་ཅིག་མེད་པ་ཅིན་ མི་ལུ་འོང་འབབ་ཡང་ ཏེ་ མི་འོང་ཟེར་ མནོཝ་མས་ལགས།
- ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntshoལགས་སོ་ ལགས་སོ་ ལགས་སོ་བཀའ་དྲིན་ཆེ།
- ངག་དབང་འཇམ་དཔལ་ Ngawang Jampelལགས་སོ་ལགས་ བཀའ་དྲིན་ཆེ་ལགས།