17 Aug 2018
3 min 57 sec
Video Overview
Creators:
Dudul Dorjee, Tibetan & Himalayan Library
འདི་ནི་ཕ་མ་གཉིས་ཀྱི་བུ་དང་བུ་མོ་ཐང་ནས་གཡུག་པར་དེ་གཉིས་འཚར་ལོངས་བྱུང་ནས་སྟོབས་འབྱོར་ལྡན་པར་གྱུར་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་སྔོན་ཕ་མ་གཉིས་ལ་བུ་བུ་མོ་གཉིས་ཡོད་པར་ཁྱིམ་ཚང་གི་ཟས་ཉུང་བར་བརྟེན་བུ་བུ་མོ་གཉིས་ཐང་ནས་གཡུག བུ་བུ་མོ་གཉིས་ཀྱིས་དཀའ་སྡུག་མང་པོ་མྱངས་ནས་མཐར་བུ་རྒྱལ་པོ་ཚང་གི་བློན་པོར་གྱུར་པ་དང་། བུ་མོ་རྒྱལ་པོ་ཚང་གི་མནའ་མར་གྱུར། ཕ་མ་གཉིས་སྤྲང་བོར་གྱུར་ཏེ་ཁོང་གཉིས་ཀྱི་གམ་དུ་སློང་དུ་འོང་།
这则故事讲述了一对夫妇生了一对兄妹。但因家庭贫困,父母不得抛弃了这对兄妹。后来他们长大成人后,成为了有权有势的人。
这个故事主要讲述了,从前一对夫妇生了一对兄妹,因家庭贫困,父母丢弃了这对兄妹。两兄妹经历许多的磨难后,男孩变成了国王手下的大臣,女孩则嫁给了王子。后来,那两位夫妇变成了乞丐,他们双双来到那对兄妹面前乞讨。
The story of two orphans abandoned by their parents due to poverty who become successful and are reunited with their parents.
- ཚེ་མཚོ།གནའ་ཞིག་ལ།
- རྒན་རྒོན་གཉིས་ལ་བུ་བུ་མོ་གཉིས་ཡོད།
- དེ་ནས་གཉིས་ཀ་བ་མོ་ཁ་བཞོ་གཅིག་ཡོད།
- དེ་ནས་གཉིས་ཀས་འུ་ཚང་དབུལ་བོ་ཞིག་རེད།
- ཟ་འཐུང་ཡང་མང་པོ་མེད་ལ།
- ངེད་གཉིས་ཀྱིས་བྱིས་པ་འདི་གཉིས་སྐྱུར་བཏང་ན།
- ངེད་གཉིས་ལ་འོ་མ་དཀར་ཡོལ་དོ་རེ་འཐུང་རྒྱུ་ཡོད་གི
- བྱིས་པ་གཉིས་ཀ་ཡོད་ན་འོ་མ་འཐུང་རྒྱུ་མེད་གི་ཟེར།
- བྱིས་པ་གཉིས་སྐྱུར་འཇོག་ཟེར།
- ཉིན་ཞིག་ལ་གཉིས་ཀས།
- བྱིས་པ་གཉིས་ཁྲིད་ནས་ཅིག་ལ་སོང་།
- རི་མགོར་སོང་ནས་ཁྱོད་གཉིས་འདི་ནས་སྡོད།
- འདི་ནས་སྡོད་དང་ཨ་ཕ་ཨ་མ་གཉིས་ཀྱིས་ལག་གཡུག་བྱེད་དུས།
- ཁྱོད་གཉིས་ཕྱིར་ཤོག་ཟེར།
- གཉིས་ཀ་བུད་སོང་།
- སོང་ནས་ཞོལ་གྱི་ཁ་ཞིག་ནས།
- ཀ་བ་ཞིག་གི་མགོར་རས་དཀྲིས་ཤིག་བཏགས་ནས་བུད་སོང་།
- དེ་ནས་བྱིས་པ་གཉིས་ཀྱིས་བལྟས་ནས།
- ཨ་ཕ་ཨ་མ་གཉིས་ཀྱིས་ལག་གཡུག་བྱེད་ངེས་རེད་ཅེས་བལྟས་ནས།
- ཕྱི་དྲོ་རླུང་གཡུག་ནས་རས་དེ་གཡུག
- དེ་ནས་གཉིས་ཀ་གམ་ལ་སོང་ནས་བལྟས་དུས།
- ཨ་ཕ་ཨ་མ་གཉིས་མེད་པ་རེད།
- ཀ་བ་ཞིག་གི་མགོ་ལ་རས་དཀྲིས་ཤིག་བཏགས་ཡོད་པ་རེད།
- དེ་ནས་ཅི་ཞིག་བྱེད།
- གཉིས་ཀ་ཀ་བ་དེའི་རྩིབ་ནས་ངུས་ཏེ།
- མཛུབ་གུ་ས་ལ་བཙུགས་ནས་བསྡད།
- གཉིས་ཀས་ནས་ཕྲ་ཞིག་རྙེད་པ་རེད།
- ནས་ཕྲ་ཞིག་རྙེད་ནས་གཉིས་ཀས་དེ་བགོས་ནས་ཟས་པ་རེད།
- དེ་ལྟར་བསྡད་ནས་གཉིས་ཀ་མར་ལ་ཡོང་།
- ཨ་ཕ་ཨ་མ་གཉིས་མེད་པ་རེད།
- ལྡོམ་ནས་སོང་སྟེ་རྒྱལ་བོ་ཚང་ཞིག་གི་འདབས་ལ་ཐོན།
- རྒྱལ་བོ་ཚང་གི་འདབས་ལ་ཐོན་ནས།
- གཉིས་ཀས་དེ་བ་ཚང་ལ་གླ་བྱས་ནས།
- དེ་བ་ཚང་གི་གཡོག་པོ་གཡོག་མོ་བྱས་ནས།
- འཚར་ལོངས་བྱུང་བ་ཡིན།
- འཚར་ལོངས་བྱུང་ནས་བྱིས་པ་གཉིས་ཀ་ནོམ་པ་མང་པོ་ཡོད།
- ནུ་བོ་དེ་རྒྱལ་བོ་ཡི་བློན་པོ་ཡིན།
- བུ་མོ་དེ་མནའ་མ་ཡིན།
- དེ་ནས་གཉིས་ཀ་མནའ་མ་དང་བློན་པོ་ཡིན་པ་རེད།
- སྐྱིད་ནས་བསྡད་ཡོད་དུས།
- ཉིན་ཞིག་ལ་དེ་ནས་སྤྲང་བོ་གཉིས་འགྲོ་བ་རེད།
- ལོ་ལོན་སྤྲང་བོ་གཉིས་འགྲོ་བ་རེད་ཟེར་ནས།
- གཉིས་ཀ་ཡོང་དུས་ཨ་ཕ་ཨ་མ་གཉིས་ཡིན་པ་རེད།
- གཉིས་ཀའི་ཨ་ཕ་ཨ་མ་ཡིན་པས།
- ཕ་མ་ཡིན་ན་ཡང་ལས་རྒྱུ་འབྲས་ཟེར་བ་དེ་འདྲ་ཞིག་རེད།
- ཡང་ཡང་འཁོར་ནས་ཕྱིར་བྱིས་པ་གཉིས་ཀྱི།
- ཕྱིར་གམ་དུ་སློང་དུ་ཡོང་བ་རེད་ཟེར།
- དེང་མ་ཕྱིར་བརྒྱབ་པ་རེད།
- དེ་འདྲ་ཞིག་རེད།