Video Overview
The antiphony between the two older women and the two younger women would normally be between men and women.
- Kongpo
- ༄༎ཁང་པ་གསར་པའི་ནང་ལ།
- ཁང་པ་གསར་པའི་ནང་ལ༎
- ཀྲན་༼སྲན་༽མའི་མེ་ཏོག་ཤར་སོང་༎
- མེ་ཏོག་གཏོང་སྙིང་འདོད་སོང་༎
- ད་ཡོད་ནང་ནས་ཨ་ཡོད༎
- རྟ་ཕོ་ཕུན་ཚོགས་རྐྱང་པོ༎
- འགྲོས་ལ་བསྐྱོན་ཚོད་གནང་དང་༎
- རྟ་དམག་ལྔ་བརྒྱའི་དཀྱིལ་ལ༎
- ང་གཉིས་འགྲོ་དགོས་བྱུང་ཡོང་༎
- རྟ་དམག་ལྔ་བརྒྱའི་དཀྱིལ་ལ༎
- ང་གཉིས་འགྲོ་དགོས་བྱུང་ཡོང་༎
- ཕར་ལ་མིག་གཅིག་བལྟས་པས༎
- ཚུར་ལ་སྤྱན་གཅིག་གཟིགས་བྱུང་༎
- སྤྱན་མིག་དཀྲི་གའི་འོག་ནས༎
- ལས་འགྲོའི་མདུད་པ་ཐེབས་སོང་༎
- དགའ་པོ་ཨ་ཡོང་བསམ་ནས༎
- ཞིང་ལ་ཀྲན་༼སྲན་༽མ་བཏབ་ཡོད༎
- དགའ་པོ་ཡོང་ཉིན་འདོད་སོང་༎
- ཀྲན་༼སྲན་༽མས་ལག་གདང་སྤྲད་སོང་༎
- དགའ་པོ་ཡོང་ཉིན་འདོད་སོང་༎
- ཀྲན་༼སྲན་༽མས་ལག་གདང་སྤྲད་སོང་༎
- ཆུ་མོ་ཆུ་རིས་ཤིག་ཤིག།
- རླུང་དམར་བརྒྱབ་ཕྱོགས་ཡིན་འགྲོ།
- ང་གཉིས་དཔུང་གདང་ཤིག་ཤིག།
- གོམ་པ་བརྒྱབ་ཕྱོགས་ཡིན་འགྲོ།
- ཆུ་ལ་ཡིག་ཆུང་བསྐུར་ཡོད༎
- བྱས་ལ་ཆོག་པ་ཨེ་འགྲོ།
- སེམས་ལ་གང་འདྲ་བཏང་ཡོད༎
- གཉིད་ལམ་ད་ག་གཏང་རོགས༎
- སེམས་ལ་གང་འདྲ་བཏང་ཡོད༎
- གཉིད་ལམ་ད་ག་གཏང་རོགས༎
- ཆུ་མོ་མར་འགྲོ་གཅིག་ལ༎
- སེམས་པའི་ཡིག་ཆུང་བསྐུར་ཡོད༎
- ཉ་མོ་ཡར་ཡོང་གཅིག་ལ༎
- ཡིག་ལན་ཡོད་པ་བྱེད་རོགས༎