Video Overview
This song is sung while working in the fields.
- Kongpo
- ཀགྲོ་བ་བཟང་མོ་སྤང་གཞོང་འདེབས་ལ་ཤོག འདེབས་ལ་ཤོག་ཡ་ཟེར། བུ་མོ་མཛེས་མ་མེ་ཏོག་ཕྲ་མོ་ཤོག་ཕྲ་མོ་ཤོག་ལ་ཟེར། གསུང་ལ་སྙན་པོ་འགྱུར་ཤོག་འདི་རུ་འཛོམས། འདི་རུ་འཛོམས་ཡ་ཟེར།
- ཀཟླ་དེ་དང་པོ་ཞིང་ནང་ལ་རྨོན་ཅིག་རྒྱབ། རྨོན་ཅིག་རྒྱབ་ལ་ཟེར། ཟླ་དེ་དང་པོ་ཞིང་ནང་ལ་རྨོན་ཅིག་རྒྱབ། རྨོན་ཅིག་རྒྱབ་ལ་ཟེར།
- ཀམཁའ་བྱ་ནག་པོ་མདུན་ལ་སྐད་སྒྲ་བྱེད། སྐད་སྒྲ་བྱེད་ཡ་ཟེར། མཁའ་བྱ་ནག་པོ་མདུན་ལ་སྐད་སྒྲ་བྱེད། སྐད་སྒྲ་བྱེད་ཡ་ཟེར།
- ཀཟླ་དེ་གཉིས་པ་ཞིང་ནང་ལ་ལུད་ཅིག་བསྐྱལ། ལུད་ཅིག་བསྐྱལ་ཡ་ཟེར། ཟླ་དེ་གཉིས་པ་ཞིང་ནང་ལ་ལུད་ཅིག་བསྐྱལ། ལུད་ཅིག་བསྐྱལ་ཡ་ཟེར།
- ཀཕོ་རོག་ནག་ཆུང་ཐང་ལ་བབ་འདྲ་ཡོད། བབ་འདྲ་ཡོད་ལ་ཟེར། ཕོ་རོག་ཆག་ཆུང་ཐང་ལ་བབ་འདྲ་ཡོད། བབ་འདྲ་ཡོད་ལ་ཟེར།
- ཀཟླ་དེ་གསུམ་པ་ཞིང་ནང་ལ་སོན་ཅིག་འདེགས། སོན་ཅིག་འདེགས་ཡ་ཟེར། ཟླ་དེ་གསུམ་པ་ཞིང་ནང་ལ་སོན་ཅིག་འདེགས། སོན་ཅིག་འདེགས་ཡ་ཟེར།
- ཀགནས་མོ་བསོད་ནམས་ཅན་གྱི་སོན་ཅིག་བླུགས། སོན་ཅིག་བླུགས་ཡ། གནས་མོ་བསོད་ནམས་ཅན་གྱི་སོན་ཅིག་བླུགས། སོན་ཅིག་བླུགས་ཡ་ཟེར།
- ཀགཡོག་མ་འཛོམས་པ་ཅིག་གིས་སོན་གཡོག་རྒྱུག སོན་གཡོག་རྒྱུག་ལ་ཟེར། གཡོག་མ་འཛོམས་པ་ཅིག་གི་སོན་གཡོག་རྒྱུག སོན་གཡོག་རྒྱུག་ལ་ཟེར།