Skip to main content Skip to search
15 Dec 2011
2 min 20 sec
Rating
0
No votes yet
Video Overview
Creators: 
Unknown

Description not yet available.

Show More

  • དགའ་ས་ཡ་ལ་ཕྱོགས་ལ་ནས་ཡོང་ལ་པས། སྐྱིད་ས་ཡ་ལ་མི་འཛོམས་འཛོམས་བྱུང་། དགའ་བའི་ཡ་ལ་མི་ཡང་འཛོམས་ལ་བྱུང་། བཙོས་པའི་ཡ་ལ་ཆང་ཡང་ཞིང་སོང་།
  • རྒྱག་ཟེར་ན་རི་མགོ་ཡ་ལ་དར་ལྕོག་ཅིག་རྒྱག་ཡས་རླུང་རྟ་དར་བའི་དར་ལྕོག་ཅིག་རྒྱག་ཡས། རླུང་རྟ་དར་བའི་དར་ལྕོག་ཅིག་རྒྱག་ཡས་ལ་ཟེར།
  • བཏང་ཟེར་ན་རི་མགོ་ཡ་ལ་ལྷ་བསངས་ཅིག་བཏང་ཡས་དགྲ་ལྷ་མགོན་གྱི་ལྷ་བསངས་ཅིག་བཏང་ཡས། དགྲ་ལྷ་མགོན་གྱི་ལྷ་བསངས་ཅིག་བཏང་ཡས་ལ་ཟེར། 
  • བཞེངས་ཟེར་ན་རི་མགོ་ཡ་ལ་རྩེ་ཕོང་ཅིག་བཞེངས་ཡས་གོ་ས་བརྟན་པའི་རྩེ་ཕོང་ཅིག་བཞེངས་ཡས། གོ་ས་བརྟན་པའི་རྩེ་ཕོང་ཅིག་བཞེངས་ཡས་ལ་ཟེར།
  • ཡར་ལ་བཀྲ་ལ་ཤིས་པ་ཤོག་ཚང་མ་བཀྲ་ལ་ཤིས་པ་ཤོག
  • ཡར་ལ་གཡང་ལ་ཆགས་པ་ཤོག་ཚང་མ་གཡང་ལ་ཆགས་པ་ཤོག་ཡ་ལ་ཟེར།