Skip to main content Skip to search
31 Jan 2012
2 min 1 sec
Video Overview
Creators: 
Unknown

Two women in an office gossip about the appearance of other women.

Transcript search
No results found for this search
0 of 0
  • ཚེ་དཔལ། Tsepel
    ཨ་ཅག
    Achak.
  • ཚེ་དཔལ། Tsepel
    དེང་སང་དེབ་གསར་པ་ག་རེ་འདུག
    Any new books these days?
  • ཨ་ཅག Achak
    དེང་སང་དེབ་གསར་པ་ཞེ་དྲགས་མི་འདུག་གཱ ཚེ་དཔལ། རང་དེང་སང་སྐམ་དུ་ཕྱིན་པའི་བཟོ་ལྟ་འདུག དངོས་གནས།
    Nowadays there are not many new books. It seems that you've lost weight. Really!
  • ཨ་ཅག Achak
    ཨོའོ།
    Yes.
  • ཚེ་དཔལ། Tsepel
    ཨཱ། སྐམ་དུ་ཕྱིན་བཞག་ཨས།
    Ah…Did I lose weight?
  • ཨ་ཅག Achak
    འོ། འོ།
    Yes! Yes!
  • ཚེ་དཔལ། Tsepel
    འདིར་མིག་ལྟོས་དང་། གྲོད་ཁོག་ད་དུང་ཆེན་པོ་ཞེ་དྲགས་བསྡད་འདུག
    Look at here. The stomach is still really big.
  • ཨ་ཅག Achak
    ཨོའོ་ཙེ། སྐུ་ཅི་སྐམ་དུ་ཞེ་དྲགས་ཕྱིན་བཞག
    Not too bad! For sure, you have become skinnier.
  • ཚེ་དཔལ། Tsepel
    ཏིལ་ཙམ་ཕྱིན་འདུག་གཱ
    A little bit.
  • ཨ་ཅག Achak
    རང་སྐམ་དུ་གཏོང་ཡག་གི་སྨན་ག་རེ་ཟ་གི་ཡོད་པས།
    What pill did you take to make you skinner?
  • ཚེ་དཔལ། Tsepel
    སྨན་དེ་འདྲ་ཟ་ཡག་མི་འདུག གཙོ་བོ་དེ་འདི་རེད་ཤག་ཨ་ཅག ཁ་ལག་ཟ་རྒྱུ་མི་འདུག ཡག་ཤོས་བྱུང་ན་ཞོགས་གས་ཏིག་ཙམ་བཟས། ཉིན་དགུང་ཏིག་ཙམ་བཟས། དགོང་དྲོ་ལྟ་ཟ་རྒྱུ་ཁོ་ན་མི་འདུག
    You cannot take any pills. Achak, the main thing is this. You should not eat too much. The best practice is to take a little bit in the morning and a little bit in the afternoon. Never ever eat dinner.
  • ཨ་ཅག Achak
    ཨཱ་མོ་ལོ། ཨེ་དྲས་དཱ་ང་ནི་བྱེད་ཁོ་ན་ཐུབ་པ་མི་འདུག ལྟ་ང་ནི་རྒྱག་ཏུ་ཕྱིན་བྱས། འདིར་ལྟོས་དང་ཤ་གང་ག་འདི།
    Oh no! I am not able to do that ever. I have gained so much weight. Look at this. All this flesh!
  • ཚེ་དཔལ། Tsepel
    ཨ་ཅག་སྙིང་རྗེ་པོ་དགོས་ན་སྡུག་རུས་ཏོག་ཙམ་བྱེད་དགོས་ཀྱི་རེད་དཱ། འདིར། འདི་ཚོར་མིག་ལྟོས་དང་།
    If you want to look beautiful, you have to sacrifice a little bit. Here, look at those!
  • ཨ་ཅག Achak
    འོ་ཛི། དེ་ཚོ་རྒྱའོ་འདུག་གཱ གཟུགས་བྱད་ཆ་ཚང་། དེ་ཚོ་བལྟས་ན་སྨོན་ཡག་ཅིག་འདུག དངོས་གནས་གཟུགས་བྱད། ང་ནི་དེང་སང་ནམ་རྒྱུན་ནས་ཙག་ཏོ་མ་ཏོ་དགའ་པོ་རེད་པཱ། ཅིག་ཟ་དགོས་ཀྱི་འདུག མ་གཞི་ང་རང་ཚོ་བོད་རིགས་བུ་མོ་ཨེ་འདྲས་ལ་དོ་སྣང་ཞེ་པོ་མིན་འདུག་གཱ
    Wow! They are gorgeous. What a figure! Really envy them. Nice figure. Nowadays, you know I like junk foods. I eat a lot. Generally speaking, we Tibetan women are not so conscious about these things.
  • ཚེ་དཔལ། Tsepel
    ཨ་ཅག དོ་སྣང་ཏོག་ཙམ་བྱེད་དགོས་འདུག དཀོན་མཆོག
    Achak, you have to pay attention. For sure.
  • ཨ་ཅག Achak
    བྱས་ཙང་།
    Right.
  • ཚེ་དཔལ། Tsepel
    དོ་སྣང་མ་བྱས་དཱ་ཅོ་ལགས་ཀྱིས་ཨེ་གྲས་དབྱུག་པ་དངོས་ནས་ཁོ་ར། ཨ་ཅག་ཁྱེད་ཚོའི་སྔོན་མ་གཅིག་མེད་པས་་་ གང་ཟེར། དེ་འདྲ་གཅིག་རེད་ཟེར་ཡག་གི་བུ་མོ་གཅིག་མེད་པ། གང་ཟེར་། ཨ་ཅག་གཟུགས་པོ་ཐུང་ཐུང་གཅིག་མེད་པས། དབྱངས་སྒྲོན་་་
    If you do not pay attention, your man might leave you like that. Really. Achak, you know, one of your former…what is her name? The short girl, you know. Yangdon…
  • ཨ་ཅག Achak
    ཨཱ། དབྱངས་སྒྲོན་རེད།
    Oh yes! It is Yangdon.
  • ཚེ་དཔལ། Tsepel
    འོ་འདི་ཨ་ཅག འ་ཡི་་་ ལྟ་མདོག་ཞེ་པོ་ཤོར་བསྡད་བཞག
    Achak, that girl, oh my! Now she's become so ugly.
  • ཨ་ཅག Achak
    རེད་པས།
    Really?
  • ཚེ་དཔལ། Tsepel
    རྒྱག་པ་རྒྱག་པ་ཆགས།
    She became very, very fat.
  • ཨ་ཅག Achak
    རེད་པས།
    Really?
  • ཚེ་དཔལ། Tsepel
    སྐྲ་འདྲ་སེ་ཟིང་ཟིང་བྱས། སྐྲ་ཡང་མ་ལྷས་པ་བྱས་སྤུ་གུའི་རྐུབ་ལ་འགྲོ་གི་ཡོད་པ་འདྲ་པོ་འདུག་ག
    Her hair was messy. It seems she is not keeping her hair and always running after her kid(s).
  • ཨ་ཅག Achak
    འོ་ཛི། སྙིང་རྗེ། ལྟ་སྔ་མ་ང་ཚོའི་འཛིན་གྲྭའི་ནང་ནས་དངོས་གནས་སྙིང་རྗེ་པོ། གཟུགས་བྱད་ཡག་ཤོས་རེད་དཱ།
    Oh no! What a pity! She used to be the most beautiful girl in our class with a nice figure.
  • ཚེ་དཔལ། Tsepel
    གཟུགས་བྱད་ཡག་པོ། སྙིང་རྗེ་ཤོས་རེད་ཟེ་ལྟ།
    Nice body. And beautiful.
  • ཨ་ཅག Achak
    འོ་འོ།
    Right. Right.
  • ཚེ་དཔལ། Tsepel
    ད་གང་ཙམ་ཆགས་བཞག དཀོན་མཆོག
    Now she is that fat! Oh my God!
  • ཨ་ཅག Achak
    འོ་ཛི་ལ། ལྟ།
    Oh no!
  • ཚེ་དཔལ། Tsepel
    སྙིང་རྗེ་ཨ་ཅག སྔོན་མ་དེར་ཡོད་པ་རེད་པཱ། དེའི་ཅོ་ལགས་ཀྱིས་ཁ་སང་ནས་རྒྱ་མོ་ཞིག་ཁྲིད་ནས་འགྲོ་གིས་ཟེར།
    Achak. What a pity. Earlier there, people say that her husband was with a Chinese woman.
  • ཨ་ཅག Achak
    འོ་ཛི། དངོས་གནས་ཨེ།
    Oh my! Really?
  • ཚེ་དཔལ། Tsepel
    དཀོན་མཆོག་རྒྱ་མོ་ཁྲིད་བྱས་དཱ། ཁ་སང་། ལྟོས་ཨཱ་་་ ཁ་ཉིན་གང་ང་ཚོ་ནང་མའི་ནང་གཅིག་ཕྱིན་པས།
    Oh God! He was with a Chinese woman. The other day we went to Nangma.
  • ཨ་ཅག Achak
    འོ།
    Yes.
  • ཚེ་དཔལ། Tsepel
    ཡང་དེས་བོད་རིགས་བུ་མོ་ཞིག་འཁྲིད་བཞག
    Again he was escorting a Tibetan woman.
  • ཨ་ཅག Achak
    དཱ་རྟག་པར་རེ་ཞིག་ཨེ་གྲས་བྱེད་ཀྱི་ཡོད་རེད་པཱ།
    So he is often doing things like that.
  • ཚེ་དཔལ། Tsepel
    དེ་རེད་ཟ། གང་ཟེར་་་་་་ སྤང་མོ་ཟ་ཅི་རེད་ཟེར།
    Yes, he is. What is that… she is a babysitter.
  • ཨ་ཅག Achak
    དངོས་གནས་ཨེ། ལྟ་ཅོག་ལགས་དེ་སྡུག་པ་ལ། མོ་རང་དཱ་ཏོག་ཙམ་་་
    Really? What a bad husband! She should be little…
  • ཚེ་དཔལ། Tsepel
    བུ་མོ་ལྟ་སུ་སོས་སོ་སོར་ཏོག་ཙམ་གཟབ་གཟབ་བྱེད་དགོས་འདུག མདོང་ལ་མཛེས་རྒྱན་དང་བྱས།
    We should take care of ourselves. Wear some makeup.
  • ཨ་ཅག Achak
    བྱས་ཙང་།
    You are right.
  • ཚེ་དཔལ། Tsepel
    རྒྱ་མོ་འདི་ཚོ་ལྟད་བཟོ་དོད་ཚ་བྱས།
    These Chinese women are looking great.
  • ཨ་ཅག Achak
    འདུག་ལ། དཱ་དེ་ཚོ།
    For sure. They are.
  • ཚེ་དཔལ། Tsepel
    རྒྱ་མོ་མང་བ་བྱས། ་་་་་་ ག་རེད་ཨ་ཅག གཅིག་སྐད་གཏོང་ཞིག་འདུག
    A lot of Chinese women now. What is that? Someone is calling.
  • ཨ་ཅག Achak
    ཨོའོ། ཁོ་ཚོ་སྐད་ཀྱིས། མ་གཞི་དུས་ཚོད།
    Oh. Their voices. Besides, it is time to go.
  • ཚེ་དཔལ། Tsepel
    འགྲོ་གས།
    Shall we leave?
  • ཨ་ཅག Achak
    དུས་ཚོད་སླེབས་་་ ལྟ་ང་གཉིས་འགྲོ་གས།
    It is time… Let’s us go.
  • ཚེ་དཔལ། Tsepel
    འོ། ལྟ་འགྲོ།
    Right. Let’s go.
  • ཨ་ཅག Achak
    ལྟ་འགྲོ། ལྟ་ངའི་འགྲོ་རན་ཤག
    Let’s go. It is also time for me to leave.
  • ཚེ་དཔལ། Tsepel
    ཨ་ཅག་འདི་གཡར་དང་། དེ་སྙིང་རྗེ་པོ་ཞིག་འདུག
    Achak. Let me borrow it. It is beautiful.
  • ཨ་ཅག Achak
    ལྟ་འགྲོ།
    Let’s go.
  • ཚེ་དཔལ། Tsepel
    ཨ་ཅག་རང་སྟོད་ཕད་འཁྱེར་གྱི་མིན་པས།
    Achak. Are you not going to take the handbag?
  • ཨ་ཅག Achak
    ཧེ་་་ འོ་ཡག་བྱུང་།
    Ah… Thank you!