Skip to main content Skip to search
15 Dec 2011
3 min 47 sec
Video Overview
Creators: 
Unknown

Sonam Chonphel demonstrates how to apply the gold paint finish and the gold leaf to the applique border. He also explains how to apply a special finish to the entire decorative surface to seal and protect the designs.

Transcript search
No results found for this search
0 of 0
  • ཀ: ད་སྤྱིར་བཏང་བོད་པའི་རྒྱུན་སྲོལ་གྱི་ཅིག་ཆ་སྒམ་འབྲི་སྟངས་འདྲ་ཨེ་འདྲས་ཟེར་རེད།
  • ཀ: ཁོ་སྔོན་ལ་ཅིག་ཚོན་གདན། གཞི་གདན་གཏང་། ཨ་ནི་འདིའི་སྒང་ལ་སྐྱོ་འབུར་བརྒྱབ། ཨ་ནི་མེ་ཏོག་བྲིས། མེ་ཏོག་བྲིས་ཚར་པའི་གཞུག་གུར་ཨ་ནི་སྣག་ཚས་བཅད་ཅིག་བརྒྱབ། འོ་འདུག་བཟོ་འདྲ་ཅིག་རེད།
  • ཀ: ད་འདི་ཚར་སོང་ན། ཨ་ནི་ང་རང་ཚོ་སྐྱོ་འབུར་བརྒྱབ་ཆོག་གི་རེད་པཱ། སྐྱོ་འབུར་བརྒྱབ་པའི་སྒང་ལ་ཨ་ནི་རག་བཏུལ་འདི་གཏང་།
  • ཀ: འོ་ཡ་ད་རག་བཏུལ་འདི་གཏོང་ཞོག
  • ཁ: ལགས་སོ།
  • ཀ: རག་བཏུལ་བཏང་ཚར་ནས་ད་འདི། འདི་ཡོའོ་རེད། ག་རེ་ཟེར་དགོས་རེད། ང་རང་ཚོའི་འདི་ཅིག་ཡོའོ་རེད་པཱ། མེ་ཏོག་ཅིག་ཡོའོ་རེད་པཱ། འདིའི་སྒང་ལ་སྤྱིན་གྱི་སྐྱོ་ཅིག་གཏང་གི་རེད། སྤྱིན་སླ་པོ་ཅིག་གཙང་མ་ཡག་པོ་བཟོས། ཨ་ནི་འདིའི་སྒང་ལ་སྤྱིན་འདི་བྱུགས་བྱས།
  • ཀ: སྤིན་༼སྤྱིན་༽འདི་བྱུགས་ཡས་ཀྱི་རྒྱུ་མཚན་ག་རེ་རེད་ཟེར་ན། གཞུག་གུར་ཁོ་འདི་རྩི་གཏང་དུས་གང་དེར་མར། རྩི་དེའི་མར། མ་བརྡལ་ཡས་ཆེད་དུ་རེད།ཁོ་འོག་ལ།
  • ཀ: གཞན་དེ་རྩི་དེ་སྒང་ག་ཁོ་རང་འདི་ཅིག་འཐུང་འགྲོ་ཡི་འདུག་ག ཤིང་ཡིན་ཙང་ཤིང་འདིས་མར་འཐུང་གི་རེད་པཱ། འོ་འདིས་མ་འཐུང་ཡས་ཆེད་དུ་ཨ་ནི་སྤྱིན་གྱིས་སྐྱོབ་ཅིག་གཏང་བ་རེད།
  • ཀ: སྤྱིན་ཅིག་གཏང་། བཏང་པའི་གཞུག་གུ་ཨ་ནི་སྐམ་སོང་ན་ཨ་ནི་གཞི་ནས་རྩི་གཏང་པ་རེད་པཱ། རྩི་གཏང་ཡོང་དུས་གང་ནས་ཨ་ནི་གཞི་ནས་ཁོ་མེ་ཏོག་འདི་ཚོ་སྒང་ག་ཁམས་དྭངས་པོ།
  • ཀ: ཨ་ནི་སྒང་ག་ལ་ཅིག་རྦད་དེ་ཁོད་སྙོམས་པོ། གཞན་སྐྱོབ་འདི་མ་གཏང་ན། ཨ་ནི་ཁོ་ག་རེ་ཟེར་དགོས་རེད། ཁ་ཤས་ས་ལ་སྣུམ་འདི་མར་ཟས། ག་རེ་ཟ་ཤིང་གིས། ཁ་ཤས་ས་ལ་མ་ཟས་པ་བྱས། ཨ་ནི་ཁོ་ཁྲ་ཁྲ་པ་ཁྲ་ཆགས་ཀྱི་རེད།
  • ཀ: འོ་འདི་ད་ལྟ་འདིའི་ཁྱད་ཆོས་འདི་རེད།
  • ཀ: སྤྱིར་བཏང་བྱས་ན་ད་ཁག་གཅིག་ནི་ག་རེ་ཟེར་དགོས་རེད། ད་ཅིག་གིས་མ་གདན་ཁོ་རང་རྦད་དེ་སྣུམ་པོ་གཏང་། ཨ་ནི་འདིའི་སྒང་ལ་རག་བཏུལ་རི་མོ་རྒྱག་ཡས་ཡང་ཁག་གཅིག་གིས་ཡང་དགའ་པོ་བྱེད་མཁན་ཡོའོ་རེད།
  • ཀ: ཡང་། གཅིག་གྲོང་གསེབ་ཁག་དང་འདི་བར་ཅིག་འདི་འདྲས་ཡིན་ན་ཡང་ཁོ་ཅིག་ཁྲ་ཆིལ་སྦི་ཆིལ་ཡང་མེ་ཏོག་རྦད་དེ་ཧར་པོ་རྒྱག་ཡས་ཨ་ནི་འདི་ལ་དགའ་པོ་བྱེད་མཁན། འོ་འདི་འདྲས་སྣ་མིན་སྣ་ཚོགས་འདྲ་ཅིག་ཡོའོ་རེད།ད།
  • ཀ: སོ་སོ་སོའི་ཅིག་གི་རིག་གནས་ཀྱིས་ཅིག་གིས་ག་རེ་ཟེར་དགོས་རེད། གོམས་གཤིས་ཡིན་ནའི་འདྲ། ད་སོ་སོ་སོའི་འདི་ཅིག་ཡོའོ་རེད་པཱ་ཅིག་ལྟ་བ་འདྲ་ཅིག་ཡོའོ་རེད་པཱ།
  • ཀ: མ་མཐུན་པ། འོ་འདི་འདྲས་ཀྱི་འདི་གོམས་གཤིས་ཡིན་ནའི་འདྲ། ག་རེ་ཡིན་ནའི་གང་སྤྱིར་ཏོག་ཏོག་ཙམ་མ་གཅིག་པ་འདྲ་ཅིག་འོ་འདི་བཟོ་ཡས་འདྲ་ཅིག་འདུག འོ།ད་འདི་སོ་སོའི་སྦྱིན་བདག་འདི་རེད་པཱ། འོ་ད་སྤྱིར་བཏང་འགྲོ་སྟངས་འདུག་བཟོ་རེད།
  • ཀ: ད་འདི་ལ་ཁག་གཅིག་ཡིན་ན་ང་རང་ཚོའི་འདི་ག་རེ་ཟེར་དགོས་རེད། ད་འདིའི་རྩི་གཏང་། གཏང་ཚར་པའི་གཞུག་གུར་ཡང་འདི། འདི་གསེར་ཤོག་བཟོ་ཡས་འདྲ་ཅིག གསེར་ཤོག་སྦྱར་མཁན་ཡང་ཡོའོ་རེད།
  • ཀ: གསེར་ཤོག ཀྲབ་༼སྲབ་༽མོ་ཅིག་ལས་ཡོའོ་མ་རེད། འདི། འདིར་ཁོ་ལྷགས་པ་བརྒྱབ་དང་འཕུར་འགྲོ་ཡི་རེད། ཨ་ལས་འདུག་བཟོ་བྱས།
  • ཀ: ད་འདི་གང་འདྲས་ཟེར་བྱེད་དགོས་རེད་ཟེར་ན། དང་པོ་ཡིན་ན་ཁོ་སྐྱོ་འབུར་བརྒྱབ་པ་རེད་པཱ། སྒང་ག་བརྒྱབ་ཚར་པའི་གཞུག་གུ་ཨ་ནི་རྩི་ཅིག་གཏང་། ཚོན། ཁ་གདན་ཞིག་གཏང་། དེའི་གཞུག་གུ་ཨ་ནི་སྤྱིན་ཞིག་གཏང་དགོས་རེད།
  • ཀ: དེར་སྤྱིན་ཞིག རྩི། རྩི་ཡག་པོ་ཞིག་གཏང་། རྩི་གཏང་ཚར་ནས་རྩི་དེ་སྐམ་ལ་མ་སྐམ་སྒང་ལ། དེའི་སྐབས་ལ། སྐམ་པའི་སྐབས་ལ། འདི་བར་ཐག་ཐག་ཟེར་ཨེ་འདྲས་ཅིག་སྐབས་ལ། ཨ་ནི་གཞི་ནས་འདི་འོ་འདི་སྦྱར་དགོས་རེད། སྦྱར་དུས་གང་ནས་སྤྱིར་བཏང་ཕག་མདོ་འདྲ་ཅིག་གིས་འདུག་བཟོ་བྱས། འདིར། ཕག་མདོས་བྱས་པ་རེད་པཱ་ཨ་ནི་ཕ་གའི་འབྱར་པོ་བྱས་ཡག་པོ་ཡོའོ་རེད་ཁོ། འདུག་བཟོ།
  • ཀ: འོ་འདུག་བཟོ། ཁོ་སྦྱར་སྟངས་འདི། ད་འདི་ད་ལྟ་ག་རེ་རེད། རྩི་འདི་ཡག་པོ་མ་བྱུང་ཙང་། ཁོ་ཡག་པོ་འབྱར་གྱི་མིན་འདུག་ག རྩི་འདི་ཡག་པོ་གཏང་ན་ཁོ་ཡག་པོ་ཞེ་དྲག་འབྱར་གྱི་རེད། འོ་འདི་གསེར་ཤོག་སྦྱར་པ་ཟེར། འོ་འདི་རེད་ད།
  • ཀ: ད་འདིའི་ཨ་ནི་ཅིག་ཆ་སྒམ་གྱི་ད་ཅིག་དེ་ཞག་ཡིན་ན། སྔོན་མ་ཡིན་ན། སྤྱིར་བཏང་གི་འབྲི་སྟངས། འབྲི་སྟངས་དང་ཅིག་ལས་ཀ་བྱེད་སྟངས། འོ་འདི་ཚོ་སྒང་ག་སྤྱན་འབུལ་ཞུས་པ་ཡིན་ན། སྤྱིར་བཏང་ཨ་ནི་འདུག་བཟོ་ཆ་ཚང་ཅིག འོ་དེ་གས་འདིའི་སྐོར་ལ་ད་སྐྱོ་འབུར་བྱས། རི་མོ་བྱས། འོ་འདིའི་སྐོར་ལ་ཨ་ནི་སྒང་ག་ཞུས་ཚར།