Skip to main content Skip to search
15 Dec 2011
8 min 48 sec
Rating
0
No votes yet
Video Overview
Creators: 
Unknown

Sonam Chonphel compares the traditional and contemporary methods of making the applique paste, stencilling the design, applying the applique, and different applique designs. His assistant, Sonam, demonstrates all of the contemporary methods.

Show More

  • ལགས་འོང་།
  • ཡ་གི་ཡ་གི ཡ་གི་གཡར་དང་། ཨ་ལས་གཅིག་ལ་འཁྱེར་མེད་པས།
  • གཅིག་ལས་འཁྱེར་མེད། གཅིག་འཁྱེར་ཡོང་ག
  • ད་གཤམ་ལ་ང་ཚོ་ཨ་ལས་འདི་ག་རེ་ཟེར་དགོས་རེད་འདི་གཅིག་ ཅིག་སྦན་སྟངས་ཅིག་འདི་སྤྱན་འབུལ་ཞུ་ཡི་ཡིན། འོ་ཡ།
  • འོ་ཡ།
  • ད་བླུགས་གམ། ལགས།
  • ད་ཁོ་གཉིས་མར་ཕོབ་བཞག་ཤོག
  • ལགས་སོ།
  • ད་འདི་གུག་འཁྱིལ་ཟེར་གྱི་ཡོའོ་རེད། འོ།
  • འགྲིག་སོང་ངས། འོ་ཡ།
  • འོ་ཡ། ཚུགས་སོང་ངམ།
  • ཕག་ཟེ་ཕྱིས་ཡས་བཤུ་དགོས་འདུག་གམ།
  • འོ་སྤྱིར་བཏང་འདུག་བཟོ་རེད། ད། འདིའི་སྐྱོ་འབུར་འདིས་སྒོ་པང་ཕྱེད་ཀ་བརྒྱབ་པ་རེད། ད་འདིའི་ནང་ལོགས་ལ་འདི་བྱས། ཁ་ཅིག་འདིའི་ནང་ལ་འདི་བརྒྱངས་ཀྱི་ཡོའོ་རེད། ད།བརྒྱངས་བྱས་འདི།
  • ཨ་ནི་འདི་ཡིན་ད། དེ་རིང་ཞུ་ཡས་འདི་ང་རང་ཚོའི་ད་རྒྱུན་སྲོལ་གྱི་བོད་ཀྱི་སྐྱོ་འབུར་ཟེར་ཡས་ཅིག
  • འོ། སྔ་མོ་ཡིན་ན་སྐྱོ་འབུར་འདི་སྤྱིར་བཏང་བྱས་པ་ཡིན་ན་ས་ངང་པ། ས་ངང་པ་ཡི་བཟོ་ཡི་ཡོའོ་རེད། ངང་པ་བརྒྱབ་བྱས་ག་རེ་ཟེར་དགོས་རེད། ངང་པ་ཟེར་ཡས་འདི་ཨ་ནི་ང་རང་ཚོའི་རིའི་སྒང་ལ་ས་གཅིག་བཀོག་ཡས་ཡོའོ་རེད།
  • ས་འདི་མར་བཀོག མར་འཁྱེར་ཡོང་བྱས་ཨ་ནི་ས་འདི་ག་རེ་ཟེར་དགོས་རེད་ཅིག་ཧ་ཡང་ནང་ལ་ཅིག་བླུགས་བྱས་ཆུ་ལ་སྦངས་ཨ་ནི་བཙོས། བཙོས་ཚར་པ་དང་དྭངས་བསྲེས་སྤེལ།
  • དྭངས་བསྲེས་སྤེལ་ཚར་ནས་གཞི་ནས་ཨ་ནི་ཚུར་ག་རེ་ཟེར་དགོས་རེད། ཁོ་རང་ས་འདིར་ཆུ་འདི་བཤོས། ཨ་ནི་འོག་གི་དྭངས་བསྲེས་སྤེལ་བའི་ས་འདི་ཡར་ལེན་བྱས་འདིའི་ནང་ལོགས་ལ་ང་རང་ཚོ་འདིའི་སྔོན་མ་ཡིན་ན། བོད་ཀྱི་རྐོ་བ་ནས་བཟོས་པའི་སྤྱིན། སྤྲིན་ཟེར་སྤྱིན་ཟེར་ལོངས།
  • འདི་བྱས། འདི་ནས་དབང་ལག་བྱས། འདི་ནས་ཆང་། ཟག་ཁུ།ཆང་ཟག་ཁུ། འོ་འདི་གས་བཀྲེས་༼བསྲེས་༽བྱས་ཨ་ནི་ཁ་ཤས་གསུངས་ཡས་ལ་འདི་གསུངས་ཀྱི་འདུག་ག རྒན་རབས་ཚོའི་གསུངས་ཡས་ད་དུང་འབྲི་མར་ཟེར། མར།མར་བརྒྱབ་ཀྱི་ཡོའོ་རེད་ཟེར།
  • མར་བརྒྱབ་ཡས་ཁོ་རང་གཅིག་བྱས་ན། ཕལ་ཆེར་རྒྱུ་མཚན་ཏོག་ཙ་མེད་འགྲོ་བསམ་བསམ་འདྲ་ཅིག ག་རེ་རེད་ཟེར་ན། མར་འདི་བརྒྱབ་པ་ཡིན་ན་ཅིག་ཕལ་ཆེར་སེར་ཁ་མ་གས་ཡས་འདི་མིན་འགྲོ་བསམ་བསམ་འདྲ་ཅིག་འདུག
  • འདི་བྱས་བྱས་ཨ་ནི་འདུག་ཟེར་སྦན་བྱས་ཨ་ནི་ཡིན་ན་སྐྱོ་འབུར་བརྒྱབ། སྐྱོ་འབུར་བརྒྱབ་སྟངས་འདི་ཡིན་ན། གཅིག་ཡིན་ན་ཁོ་སྔོན་མ་བརྒྱབ་སྟངས་ཐང་ཁུག་ཅིག་ཡོའོ་རེད། ཐང་ཁུག རིལ་རིལ་ཅིག རེད་པཱ།འདི་ང་ལ་གཅིག་གཡར་གནང་དང་།
  • ཁ་འདི་སྤྱིར་བཏང་ད་ཨེ་འདྲས་འདྲ་ཅིག འདི་ལས་ཕྲ་ཡི་རེད། འདི་འདྲས་ཕྲ་ཡི་རེད། འདིའི་བརྒྱབ་ལོགས་འདའི་ཐང་ཁུག་ཅིག་ཡོའོ་རེད། ཐང་ཁུག་འདི་གླ་ལྤགས་ལས་བཟོ་གྱི་ཡོའོ་རེད། གླ་ལྤགས། གླ་ཟེར་ཡས་གཅིག་ཡོའོ་རེད་པཱ།སེམས་ཅན་གཅིག འོ་འདིའི་ལྤགས་པ་ནས་བཟོས་བྱས་གླ་ལྤགས་བཟོས་པ་བྱས།
  • སྤྱིར་བཏང་སྐྱོ་འབུར་བརྒྱབ། བརྒྱབ་ཚར་པ་ད་ག ད་ཆེ་ཆུང་འདི་ག་ཙམ་ལས་ཡོའོ་མ་རེད། བརྒྱབ་ཚར་ཨ་ནི་ལམ་སེང་བོད་པའི་འདི་ཕྱུ་པ་ཡོའོ་རེད། ཕྱུ་པ་ནང་ལ་ཨམ་ཕྲག་ནང་ལ་བླུགས། ཨ་ནི་ཚ་པོ་ཅིག་ཆགས། འོ་འདི་བྱེད་ཀྱི་ཡོའོ་རེད།
  • ད་ཕྱིས་སུ་ང་རང་ཚོ་འདི་བཟོ་ཡི་ཡོའོ་རེད། འོ་འདི། ག་རེ་ཟེར། རྐང་རྐ་རིལ་༼རྐང་འཁོར་༽ནང་ལྤགས་ཀྱི་བཟོ་གྱི་ཡོའོ་རེད་པཱ།
  • འདི་བྱས་བྱས་སྔོན་མ་ཡིན་ན་སྐྱོ་འབུར་དཔེར་ན་བརྒྱབ་ས་འདྲ་འདི་ཉིད་སྤྱིར་བཏང་ཡིན་ན་ཐང་གའི་བླུགས་སའི་སྒམ། ཐང་ག ད་ང་རང་ཚོའི་ཐང་ག་ཡོའོ་རེད་པཱ། ཐང་ག་བླུགས་སའི་སྒམ་རིང་པོ་ཡོད་ན་འདིའི་སྒང་ལ་སྐྱོ་འབུར་བརྒྱབ་ཀྱི་ཡོའོ་རེད།
  • དེ་ནས་ཡིན་ན་ཨ་ནི་ཡིན་ན་སྒམ་རང་། སྤྱིར་བཏང་རྒྱུན་སྲོལ་བེད་སྤྱོད་གཏང་ཡས་སྒམ་སྒང་ལ་སྐྱོ་འབུར་བརྒྱབ་ཡས་བརྒྱབ་སྲོལ་ཡོའོ་རེད། དེ་ནས་ཡིན་ན་ཡང་ང་རང་ཚོ་ཆ་སྒམ། ཆ་སྒམ་སྒང་ལ་སྐྱོ་འབུར་བརྒྱབ་ཡས་ཡོའོ་རེད།
  • དེ་ནས་འདི་ཡོའོ་རེད་ག་རེ་ཟེར་དགོས་རེད། མཆོད་གཤོམ་རྒྱན་གཅིག་མ་ཟེར་འོ་འདིའི་སྒང་ལ་ཡང་སྐྱོ་འབུར་བརྒྱབ། སྐྱོ་འབུར་བརྒྱབ་སྟངས་འདི་སྔོན་གྱི་བརྒྱབ་སྟངས་འདི་བཤད་ན། བརྒྱབ་སྟངས་འདི་ཏོག་ཙམ་མ་འདྲ་བ་ཅིག་ག་རེ་ཡོའོ་རེད་ཟེར་ན།
  • སྔོན་མ་ཡིན་ན་ཁོ་སྐྱོ་འབུར་སྒང་ག་ལེབ་ལེབ་རེད། དཔེར་ཆ་བཞག་ན་ང་ཚོ་འདིའི་གཤམ་ལ་ཕལ་ཆེར་དཔར་ཡོའོ་རེད།དཔར། དཔར་ནང་ལ་ངོ་སྤྲོད་ཞུ་ཀྱི་ཡིན།
  • ལེབ་ལེབ་བྱས། དེ་ཞག་ང་རང་ཚོས་རྒྱག་ཡས་སྐྱོ་འབུར་འདི་རིལ་རིལ། སྔོན་གྱི་སྐྱོ་འབུར་འདི་ཡིན་ན་ཁོ་འདུག་བཟོ་སྔོན་ལ་རི་མོ་བྲིས། རི་མོ་བྲིས་པ་རེད་པཱ།
  • ཨ་ནི་རི་མོའི་སྒང་ལ་འདུག་ཟེར། གང་ཟེར། ཁ་འདི་མར་བཙུགས་བཞག་དགོས་ཀྱི་ཡོའོ་རེད་། འདུག་བཟོ། བཙུགས་བྱས། རི་མོ་ཁོ་རང་གི་སྒང་ལ་འདུག་བཟོ་བཙུགས་བྱས་ཨ་ནི་སྒང་ག་ལེབ་ལེབ་ཆགས། འོ་འདི་རེད། ཨ་ནི་འདུག་བཟོ་ག་ལེར་བརྒྱངས།
  • དེ་ཞག་སྐྱོ་འབུར་སྒང་ག་འདུག་བཟོ་བྱས་བྱས་ཡར་བཀྱག་གི་ཡོའོ་རེད། འདུག་བཟོ་ཡར་བཀྱག་བྱས། འདུག་བཟོ། འོ་འདུག་བཟོ། ས་ནས་ཡར་ཁ་བྲལ་བྱས་འདུག་བཟོ་རྒྱག་གི་ཡོའོ་རེད། འོ་འདི་ཏོག་ཙམ་མ་འདྲ་བ་འདྲ་ཅིག་འདི་ཡོའོ་རེད། ད་འདི།
  • ད་དེ་ཞག སྔོན་མ་ཡིན་ན་ས་ད་ལྟ་གོང་ལ་ཞུས་པ་ད་ག་རེད། ས་འདིས་ང་རྣམས་ཚོ་ས་ངང་པ་ཟེར་ཡས་འདིའི་རིགས་སུ་བེད་སྤྱོད་གཏང་གི་ཡོའོ་རེད་པཱ། ད་དེ་ཞག་ས་ངང་པ་འདི་ཡོའོ་མ་རེད།
  • ག་རེ་རེད་ཟེར་ན། ས་ངང་པ་ད་ཡོའོ་རེད། འདི་བེད་སྤྱོད་གཏང་མཁན་ཡོའོ་མ་རེད། ག་རེ་རེད་ཟེར་ན་ཁོ་རྙོག་དྲ་ཚ་པོ་གཅིག་ཡིན་ན་ཁོ་ཞིབ་ཞིབ་བཟོས་བཙོས། དྭངས་བསྲེས་སྤེལ། ཁོ་དུས་ཚོད་ཞེ་དྲག་དགོས་ཀྱི་ཡོའོ་རེད་པཱ།
  • དེ་ཞག་ཡིན་ན་དུས་ཚོད་ཐུང་ཐུང་དང་དངུལ་མང་པོ་ཡོང་ཡས་འོ་འདི་གཙོ་བོ་རེད། ཧེ་ཧེ། ཞུས་ཙང་དེ་ཞག་སྟབས་བདེ་ཡས་ཆེད་དུ་རྒྱ་ནག་ནས་ཐོན་པའི་ས་གཅིག ས་དཀར་པོ་ཅིག དཀར་རག་བཟོ་འདྲ་ཅིག དཀར་རག་འདྲ་པོ་འོ་འདི་འདྲས། འདི་ལ་ཧོ་ཧྲེ་ཧྥན་༼རྒྱ་ནག་གི་སྐད་ཡིན་ཞིང་བོད་སྐད་དུ་འགྱུར་རྡོ་ཕྱེ་མ་ཟེར་གྱི་ཡོད་༽ཟེར་གྱི་ཡོའོ་རེད།
  • འདི་སྤྱིར་བཏང་འདི་ས་འདི་ག་པར་བེད་སྤྱོད་གཏང་གི་ཡོའོ་རེད་ཟེར་ན། འདི་སྤྱིར་བཏང་རྩིག་པའི་སྒང་ལ་ཞ་ལ་གཏང་ཡས། འོ་འདི་ལ་བེད་སྤྱོད་གཏང་གི་ཡོའོ་རེད།
  • འོ་འདིས་སྔོན་ལ་ཨ་ནི་ང་རང་ཚོ་ནང་ས་ནས་ཐོན་པའི་སྤྱིན་སྤྱིན་རིལ་རིལ་ཅིག་ཡོའོ་རེད། ཨ་ནི་འདི་ལམ་སང་ཚ་པོ་བཟོས། འོ་འདི་ལྕགས་ཀྲིན་ནང་ས་འདི་བླུགས། ཨ་ནི་སྤྱིན་བླུགས། ཨ་ནི་འདུག་བཟོ་སྦན། སྦན་པ་དང་ད་རྒྱོང་མདའི་ནང་བླུགས། ཨ་ནི་འདུག་བཟོ་བྱས་བྱས་བེད་སྤྱོད་གཏང་གི་ཡོའོ་རེད།
  • ད་གཤམ་ལ་འདི་ཡིན་ད་གཤམ་ལ་སྐྱོ་འབུར་སྦན་སྟངས། ཨ་ལས་ཅིག་སྤྱན་འབུལ་ཞུ་གི་ཡིན། འདི་ས། འདིར་ས་བླུགས་གནང་།
  • ལགས་སོ།
  • སྔོན་ལ་ལྕགས་ཀྲིན་ཅིག་བསྩལ། དེའི་ནང་ལ་ས་བླུགས། འོ་འགྲིག་ག འགྲིག་ག འགྲིག་ག འོཡ།
  • ད་འདི་སྤྱིན་རེད་སྤྱིན། སྤྱིན་སྔོན་ལ་ཆུའི་ནང་སྦངས་བསྐོལ་བཞག་ཡོའོ་རེད། ཚ་པོ་བཟོས། འོ་ཡ་ད་སྤྱིན་བླུགས། སྤྱིན། ད་འདི་སྤྱིན་བླུགས་རྒྱུ་རེད། ས་བླུགས་ཚར་པ་རེད་པཱ། སྤྱིན་བླུགས། འོ་ཡ། སྤྱིན་བླུགས་ཨ་ནི་དཀྲུག་དཀྲུག་གཏང་།
  • ད་འདི་སླ་ལོས་ཅིག་ཡོའོ་རེད་པཱ། འདི་ཕྲེང་རྒྱུད་ཀྱི་ཏག་ཏག་བསྡད་པ་ཅིག ཡང་ན་སྤྱིན་འདི་ཡང་ད་ག་རེད། སྤྱིན་འདི་སླ་ལོས་ཅིག་འདུག་ག སྤྱིན་འདི་སླ་ལོས་འདི་འདུག་བཟོ་བྱེད་དུས་གང་ནས། འདིའི། འོ་ཚི་འདི་འདྲས་ཡོད་པ་ཅིག འོ་སྤྱིན་འདི་གར་ལོས་ཨེ་འདྲས་ཅིག་དགོས་ཀྱི་ཡོའོ་རེད། སྤྱིན་སླ་དྲགས་ན་ཡོང་གི་མ་རེད། ཡང་། སྤྱིན་གར་དྲགས་ནའི་ཡོང་གི་མ་རེད། སྤྱིན་སླ་ལོས་འདི། འདི་འདྲའི་བཟོ་ཐེབ་གང་འདུག་ཟེ། ཁོ་རང་འདུག་བཟོ་ཚི་ནར་བསྡད་པ་ཅིག་དགོས་ཀྱི་ཡོའོ་རེད།
  • འོ་ད་འདི་འདིའི་ད་ག་རེད། འདི་འདུག་ཟེར་དཀྲུག་དཀྲུག་གཏང་། གཏང་ཚར་པ་གཞུག་གུ་འདའི། ཨེ་འདྲས་ཅིག འོ་ད་འགྲིག་གི་འདུག་ག ཁོ་སླ་ལོས་ཅིག་འདུག་ག ཁོ་གར་ལོས་འདི་ཨེ་འདྲས་ཅིག་དགོས་ཀྱི་ཡོའོ་རེད།
  • ཨེ་འདྲས། འདུག་ཟེར་དཀྲུག་དཀྲུག་གཏང་ཚར་ནི་ཨེ་འདྲས་ཅིག ད་འདི་དཀྲུག་དཀྲུག་ག་ཚོད་གཏང་ནའི་ཡག་པ་ཡོའོ་རེད། ག་ཆེན་མཉེད་དགོས་རེད་ཁོ། རྦད་དེ་མཉེད་བྱས། ག་ཚོད་མཉེད་ཐུབ་ནའི་ཡག་པ་ཡོའོ་རེད།
  • ད་འདི་ཚར་པ་རེད་པཱ། ད་འདི་རྒྱོང་མདའ་ནང་བླུགས་རྒྱུ་རེད། འོ་འདི། རྒྱོང་མདའ་ནང་བླུགས། ད་དེའི་ནང་དེར་བླུགས།
  • འོ་ད་ཡིན་ད།
  • ད་ཁ་བསྡམས་ཡས་ཀྱི་ལྕགས་སྐུད་དེ།
  • ཡ་ཡ། ད་འདི་ཁ་བསྡམས་རྒྱུ་རེད།
  • ད་ཁ་འདི་ཡག་པོ་ཅིག་བསྡམས།
  • ད་འདི་སྤྱིར་བཏང་འདུག་བཟོ་རེད། ག་རེ་ཟེར་དགོས་རེད་འདི་སྤྱིར་བཏང་སྐྱོ་འབུར་བརྒྱབ་ཚར་སོང་ན་བརྒྱབ་སའི་ཡུལ་ཅིག་ཡོའོ་རེད་པཱ། བརྒྱབ་སའི་ཡུལ་འདི་ཁོ་པང་ལེབ་འདི་དཔེར་ན་ཆ་སྒམ་ང་རང་ཚོ་བོད་པའི་ཆ་སྒམ་འདུག་ག་ཆ་སྒམ་གྱི་སྒོ་པང་། འོ་འདི་འདྲས་ཅིག ཆ་སྒམ་སྒོ་པང་འདྲ་པོ།
  • ད་འདི་སྒོ་པང་སྒང་འདིའི་སྔོན་ལ་ཚོན་གཏང་། སོ་སོ་ཚོན་ད་སྦྱིན་བདག་ཚོན་ནི་ག་རེ་དགོས་ཀྱི་ཡོད་ན་དཔེར་ན་དཀར་པོ་ཡིན་ནའི་རེད། སྔོ་བསངས་ཡིན་ནའི་རེད། རེད་པཱ། ཡང་འདིའི་ག་རེ་ཟེར་དགོས་རེད། ལྗང་སྐྱ་སར་དགོས་སར། ལྗང་གུ་འདི་འདྲས་ཡིན་པ་ཡིན་ནའི། སྔོ་དཀར་ག་རེ་དགོས་ཀྱི་ཡོད་ནའི་ཁོ་རང་ག་རེ་ཟེར་དགོས་རེད། འདི་འོ་འདི་སྦྱིན་བདག་རང་གི་ཐུགས་འདོད་ལྟར་ཁོ་རང་གི་བློ་ལ་ག་ཚོད་ཡོད་མེད་འདི་འདྲས་གཏང་རོགས་ཟེར་ཨ་ནི་ང་རང་ཚོས་ཚོན་འདི་གཏང་།
  • བཏང་ཚར་བ་རེད་པཱ། ཨ་ནི་འདིའི་མིང་ལ་བཙག་པར་ཟེར་གྱི་ཡོའོ་རེད། བཙག་པར། རི་མོ་བྲིས་ཚར་བ་རེད་པཱ། བྲིས་ཚར་པ་དང་ཨ་ནི་ཁབ་ཀྱི་གཙབ། ཨ་ནི་ཁབ་ཀྱི་གཙབ། གཙབ་ཚར་པ་དང་ཨ་ནི་ཁོ་རང་ལ་རི་མོ་ཆགས། འོ་འདི་ཨ་ནི་པང་ལེབ་སྒང་ལ་བརྡབ། བརྡབ་ཚར་བ་རེད་པཱ། ཨ་ནི་དེ་ལ་སྐྱོ་འབུར་བརྒྱབ། འོ་ཡ་ཨ་ནི་འདི་བརྡབ་ཀྱི་ཡིན་ད།
  • འོ་ཡ། ད་འདི་འདི་བྱས་པ་ད་ག ཨ་ནི་བཙག་པར་འདི་བཀྲམ། བཙག་པར་བརྡབ། འོ་འདི་བྱས་ཙང་ཁོ་རང་འདི་ཆགས་ཀྱི་ཡོའོ་རེད། བཙག་པར་བརྡབ། བཙག་པར་བརྡབ་ཚར་པ་དང་ཨ་ནི་བཙག་པར་གཞི་བཞག་གིས་དེ་ནི་གཞི་ནས་དེ་བྱེད་རྒྱུ་རེད། རང་ཚོ་སྐྱོ་འབུར་རྒྱག་རྒྱུ་རེད། འོ་ཡ།
  • འོ་ད་དེ་འདི་འདུག་བཟོ་ཆགས་པ་རེད། འདིར། རི་མོ་ཆགས་སོང་ངས། འོ་ཡ། ད་འདིའི་སྒང་ལ་སྐྱོ་འབུར་རྒྱག་རྒྱུ་རེད།
  • ད་ཡིན་ནའི་འདིའི་ནང་ལོགས་ལ་ཨ་ནི་འདི་ག་རེ་ཟེར་ཁོ་རིལ་རིལ་ཆགས་ཡས་ཆེད་དུ། འདི་ནང་ཡང་འདུག་བཟོ་བརྒྱངས་བཞག་གི་ཡོའོ་རེད། འདུག་བཟོ། ས་སྣོན་པས་བླུགས་བྱས། ལགས་འོང་ཅིག་བརྒྱངས་བཞོག
  • ཁོ་གར་པོ་སོང་ཙང་བྱས་པ་འདྲ།
  • འོ་འདི་བྱས་པ་འདི་ཕྱི་་་ཕྱི་སྐོར་པ་རེད། ད། ད་ཁ་ཅིག་ཡིན་ན་འདུག་བཟོ་སྐྱོ་འབུར་བྱས། འདིའི་ནང་ལོགས་ལ་ཚོན་གཏང་། ཚོན། ཚོན་གྱི་ཕར་ཚུར་རྦད་དེ་གཏང་ཡས་ཡོའོ་རེད། ཨ་ནི་ཁ་ཅིག་རྦད་དེ་འདུག་བཟོ་བརྒྱངས་མཁན་ཡོའོ་རེད། རྦད་དེ་བརྒྱངས་བཞག་ན་འགྲིག་གི་ཡོའོ་རེད།
  • ད་སྤྱིར་བཏང་ནས་འདི་ཚོའི་ལོགས་ཀྱི་རག་བཏུལ། འདི་འཁྱིལ་སྣ་རེད་པཱ། སྒང་ག་འཁྱིལ་སྣ་བྱས། ཁོ་འདི་བྱེད་ཡས་ཆེད་དུ་རེད་པཱ། ཨ་ནི་ཁ་ཅིག་འདིའི་ནང་ལ་ཚོན་གཏང་། ཁ་ཅིག་ཡིན་ན་འདིའི་ནང་ལ་འདིར་རག་བཏུལ་གཏང་བྱས། རྦད་རག་བཏུལ་བརྒྱངས་བཞག་བྱས།
  • འདི་ཚོའི་ནང་ལ་གཙོ་བོ་ཚོན་གྱིས་ཅིག་དབྱེ་བ་འདྲ་ཅིག་སྤེལ། ཁ་ཅིག་རག་བཏུལ་དཀར་པོ་དང་སེར་པོ། དམར་པོ་འདུག་བཟོ་འདུག་ཕར་ཚུར་བཀྲེས་༼བསྲེས་༽བྱས། ཁ་ཤས་ས་ལ་དམར་པོ་བཟོས། ཁ་ཤས་ས་ལ་དཀར་པོ་བཟོས། འོ་ཨེ་འདྲས་བྱེད་ཡས་དེ་འདྲས་ཀྱི་ལུགས་སྲོལ་ཡོའོ་རེད་ཡང་།