Skip to main content Skip to search
31 Jan 2012
57 sec
Video Overview
Creators: 
Unknown

Dawa tries to convince Purdron of his feelings for her, even though he is dating Purdron's best friend, Dadron.

Transcript search
No results found for this search
0 of 0
  • ཨོའོ། ཕུར་སྒྲོན་ལགས། རྒྱུན་རིང་པོ་འཇལ་མ་བྱུང་ང་།
    Oh, long time no see.
  • འོ།
    Oh.
  • ཁྱེད་རང་ག་རེ་གནང་གི་ཡོད།
    What are you these days?
  • ང་དེ་ཤག་ལས་ཀ་བྲེལ་བ་ཆེན་པོ་ཞིག་འདུག
    I was busy with one urgent task lately.
  • ཨཱ། ཕུར་སྒྲོན་ལགས།
    I see. Purdron.
  • ལགས་འོ།
    Yes.
  • ངས་ཁ་སང་ཁྱེད་རང་ལ་ཞུ་ཡག་དེ་བསམ་བློ་གཏོང་ཡག་རག་བྱུང་ངས།
    Did you consider the thing I told you last time?
  • ཁྱེད་རང་ཁ་སང་ག་རེ་གསུངས་གནང་པ།
    And what is that?
  • ཕུར་སྒྲོན་ལགས།
    Purdron.
  • ལགས་འོ།
    Yes.
  • དྲང་པོ་ཞུས་ན། ང་ཁྱེད་རང་ལ་དངོས་ནས་དགའ་གྱིས།
    To tell you the truth, I am truly in love with you.
  • ཨཱ་ཛི། ཨེ་འདྲས་གསུངས་མ་གནང་དང་། ཁྱེད་རང་ལ་ཟླ་སྒྲོན་ལགས་ཡོག་མ་རེད་དམ།
    Oh no! Please don't tell this. You have Dadon, isn't so?
  • ཧཱ་ཡེ། དེ་སུས་ཤེས། མིའི་ལུང་པར་ལོ་དེ་འདྲ་བསྡད། ད་ལྟ་སེམས་པ་གང་འདྲ་ཆགས་ཡོད་མེད་སུས་ཧ་གོ་གི་རེད། ཨོ་གོ དེ་ལས་ང་ལ་མོས་མཐུན་བྱེད་དང་།
    Hai, who knows. She has been living aboard for so many years, and nobody knows what she likes these days? Please. Accept my love.
  • ཨཱ་ཛི། ཁྱེད་རང་ཨེ་འདྲ་མ་གསུང་དང་། ཟླ་སྒྲོན་ངའི་གྲོགས་མོ་བྱས།
    Oh! Please don't tell me this. Besides, Dadon is my friend.
  • ཨཱ། བྱས་ན་ཡོང་ང་། ངས་ཁྱེད་རང་ཉིན་པ་ཁ་ཤས་ཤིག་སྒུག་ཆོག དེ་དུས་ང་ལ་ལན་ཡག་པོ་སྤྲད་རོགས་བྱེད། ཨཱ། ཐད་དོ། ང་ཕར་ཙམ་སྐྱལ་གོ
    Ah. All right. I will give you few days to think about it. Then please do give me a clear answer. Ah, now let's go. I will see you off.
  • འོ་ཐུགས་རྗེ་གནང་། Oh, thank you.