Video Overview
Sonam Chonphel and Tashi introduce the basic methods and tools for carving Tibetan furniture. They begin by introducing the preparation of the wood, stencilling designs, sawing, and carving.
- Lhasa
- Tsang
- ཀབརྐོས་བཀྲོལ་ཐོག་གི་གཅིག་གནས་ཚུལ་འདྲ་ཞིག་རོབ་ཙམ་འདྲ་གཅིག ག་རེ་ཟེར་དགོ་རེད་པས། ཁོ་རང་ལ་གཅིག་གི་བང་རིམ་གཅིག་ཡོའོ་རེད་པཱ། བརྐོས་བརྒྱབ་ཡས་ཀྱི་བྱེད་ཀྱི་འགྲོ་སྟངས། དང་པོ་གང་འདྲས་བྱེད་དགོས། གཉིས་པ་གང་འདྲས་བྱེད་དགོས། གསུམ་པ་གང་འདྲས་བྱེད་དགོས་མིན། ཤིང་ག་རེ་བེད་སྤྱོད་གཏོང་དགོ་ཡོད། ལག་ཆ་ག་རེ་བེད་སྤྱོད་གཏོང་ལུགས་གཏོང་སྟངས། འོ་དེ་འདྲས་ཤིག་ཨ་ལའི་མར་ངོ་སྤྲོད་ཞུ་ཡས་ཟེར། ད་རེས་ང་ཚོའི་དེ་རེད། རྒན་བཀྲ་ཤིས་ལགས། བཀྲ་ཤིས་ལགས་དགུང་ལོ་ག་ཚོད་རད།
- ཁང་ལོ་སུམ་ཅུ་ལྷག་ཙམ་ཡིན།
- ཀསུམ་ཅུ་ལྷག་ཙམ་ཡིན་པས།
- ཁསུམ་ཅུ་སོ་གཉིས།
- ཀསུམ་ཅུ་སོ་གཉིས་བྱས་ན་ལོ་ཆུང་ཆུང་རེད། ཕྱག་ལས་བརྐོས་གནང་ནས་ག་ཚོད་ཕྱིན་སོང་།ལོ། བརྐོས་བསྐྱོན་ནས་ད།
- ཁབརྐོས་བརྒྱབ་ནས་ལོ་བཅུ་གཉིས་ཙམ་འགྲོ་ཡིས་ལ།
- ཀལོ་བཅུ་གཉིས་ཙམ། རེད་པཱ། ད་རྦད་དེ་ལས་བཟོ་པ་རྙིང་པ་རེད་བཞག
- ཁད་རྙིང་པ་ཟེར་དགོས་རེད།
- ཀསྔོན་ལ་དེ་ཡིན་ད། ཨ་ལའི་ང་ཚོ་སྦྱར་པ་ཞིག གང་ཟེར། ཤིང་ཞིག་ངོ་སྤྲོད་ཅིག་གནང་རོགས་གནང་ཞུ་ཡི་ཡིན། ཤིང་ཞིག
- ཁལགས་སོ། ཤིང་ད། ཤིང་ལ་ངོ་སྤྲོད་ཞུས་པ་ཡིན་ན། རྒན་ལགས། དེ་འདྲས་ཟེར། ད་དེ་སྦྱར་པ་ཟེར་དགོ་རེད་པཱ། ང་རང་ཚོའི་བརྐོས་བརྒྱབ་ཡས་ཀྱི་སྦྱར་པ་དེ།
- ཀསྦྱར་པ།
- ཁའོང་ལ།དེ་རེད། འདིར་ལའི་རིགས་གཉིས་ཡོའོ་རེད་ལ། སྦྱར་དཀར་ཟེར་གཅིག་དང་སྦྱར་ནག་ཟེར། ད་ལྟ་ང་ཚོ་བརྐོས་བརྒྱབ་ཡས་དེ་་ཤིང་གི་སྤུས་ཚད་འདྲ་ཞིག་བྱས་ན། སྦྱར་དཀར་དེ་ཡག་ག་རྩིས་ཀྱི་རེད།
- ཁདེའི་ལྤགས་པ་དང་དེ་ཚོ་མི་འདྲ་བ་ཞིག ཁོའི་ཁྱད་ཆོས་དེ་འདྲས་ཤིག་ཡོའོ་རེད།
- ཀསྦྱར་དཀར་ཟེར།
- ཁའོང་། ད་ཤིང་གི་རི་མོ་བྱས་ན་དེ་འདྲས་འདྲ་ཞིག་རེད།
- ཀའདིའི་བཟོ་འདྲ་ཞིག
- ཁལགས།
- ཀའོ་ཡག ད་དེ་དང་པོ་ཤིང་གཤག སྔོན་མ་ནས་གང་འདྲས་བྱེད་དགོས་ཀྱི་ཡོའོ་རེད་པས།
- ཁསྔོན་མའི་ཡིན་ན་ཤིང་འདི་མང་ཆེ་བ་དེ་རེད་པཱ། རྒན་ལགས། ལག་པས་གཤག་པ་དང་ཡང་རྦད་མར་བར་དཀྱི་བརྒྱབ་བྱས་མར་གཤག ཨ་ནི་དེ་ནས་འཇམ་པོ་བཟོ་ཡི་རེད་པཱ།
- ཀཨོའོ་རེད་ཨོའོ་རེད།
- ཁསོག་གཤགས་དེ་ཞེ་དྲག་ཉུང་ཉུང་རེད་པཱ།
- ཀའོ་རེད་འོ་རེད། ད་དེང་སང་སོག་གཤགས་རེད་པཱ།
- ཀད་འདི་ཚར་སོང་ན་ཨ་ནི་ཤིང་དེ་གང་འདྲས་བྱེད་དགོ་རེད།
- ཁད་ཤིང་སྦྱར་པ་དེའི། དེ་ཚོ་འབུར་ལེན་བརྒྱབ་པ་རེད་པཱ། འདི་འཇམ་པོ་བཟོ་ཡས་ཀྱི། འབུར་ལེན་བརྒྱབ་ནས། ཨ་ནི་བཙག་དཔར་བརྡབ་དགོས་རེད།
- ཀསྔོན་ལ་འབུར་ལེན་ཞིག་བརྒྱབ།
- ཁད་འབུར་ལེན་དེ་འདུག་བཟོ་རྒྱག་ཀག་བྱེད་ཀྱི་རེད། རྒན་ལགས། ལག་པ་གཅིག་གི་འདུག་བཟོ་བརྒྱབ་ཡས་རེད།
- ཀཤིང་འཇམ་པོ་བཟོས།
- ཁཤིང་ད་འབུར་ལེན་བརྒྱབ་ཚར་པའི་གཞུག་གུར་འཇམ་པོ་ཆགས་པ་རེད་པ་ལ།
- ཀའོང་འོང་། ཨ་ནི་བཙག་དཔར་བཏབ།
- ཁད་བཙག་དཔར་ཟེར་རི་མོ་དེ་དེའི་སྒང་ལ་བརྡབ་དགོས་ཀྱི་ཡོའོ་རེད་པཱ།
- ཀསྔོན་ལ་རི་མོ་བྲིས། སྤྱིར་བཏང་བྱས་ན་ང་རང་ཚོ་བཙག་དཔར་འབྲི་ཡས་དེ་མི་ལ་འབྲི་རུ་བཅུག་གི་ཡོའོ་རེད། སོ་སོས་འབྲི་ཡི་ཡོའོ་རད།
- ཁད་དེ་སྣ་ཚོགས་ཡོའོ་རེད། རྒན་ལགས།
- ཀརེད་པཱ།
- ཁསོ་སོས་བྲིས་པའི་ཡོའོ་རེད། ཡང་ད་གཞན་དག་རི་མོ་མཁས་པ་དེ་འདྲས་ཀྱིས་བྲིས་པའི་ཡོའོ་རེད།
- ཀད་དེ་སྤྱིར་བཏང་བྱས་པ་ཡིན་ན། བཙག་དཔར་དེ་སྔོན་ལ་ཤོག་གུའི་སྒང་ལ་རི་མོ་བྲིས། ཨ་ནི་ཁབ་བཙག་བརྒྱབ་རེད་པས།
- ཁའོ་རེད་ལ།
- ཀཁབ་བཙག་བརྒྱབ།
- ཁལགས་རེད།
- ཀའོ་ཡག
- ཁདང་པོ་ཡིན་ན་འདུག་བཟོ་དེ། སྔོན་མ་ཡིན་ན་པིར་གྱིས་བྲིས་པ་རེད་པཱ། ད་ཕྱིས་སུ་རྦད་རྒྱ་སྨྱུག་དེ་བེད་སྤྱོད་བཏང་ཙང་དེང་སང་།
- ཀའོ་རེད་འོ་རེད་འོ་རེད།
- ཁཨ་ནི་བྲིས་ཚར་པའི་གཞུག་གུར་དེ་ཁབ་ཀྱི་རྩབས། སྔོན་མའི་འགྲོ་སྟངས་འདྲ་ཞིག ད་འདུག་བཟོ་བཙག་དཔར་དེ་འདུག་བཟོ། བཙག་དེ་འདུག་བཟོ་བརྡབ་ཀྱི་རེད།
- ཀའོ་ཡག་བཙག་ཅིག་བརྡབ།
- ཁལགས་འོང་།
- ཀབཙག་བརྡབས་ཙང་གསལ་པ་རེད་རེད་པཱ།
- ཁབཙག་དེ་བརྡབ་ན་ད་རི་མོ་ཨེ་འདྲས་ཟེར་གསལ་ཡོང་གི་རེད།
- ཀད་དེ་བྲིས།
- ཁད་དེའི་སྨྱུ་གུ་ཡིས་འབྲི་དགོ་རེད་པཱ། ཆ་ཚང་ཞིག་འབྲི་དགོ
- ཀའོང་། གཅིག་བྲིས་བཞག་ནའི་འགྲིག་གི་རེད།
- ཀད་དེ་འཚར་སོང་ན་ཨ་ནི་ཨི་ཁུང་ཕིགས།
- ཁད་དེའི་སྟོང་ཆ་སྒང་ག་ཨི་ཁུང་འཕིགས་དགོས་རེད་པཱ།
- ཀའོང་། འདི་ནང་བཞིན།
- ཁའོང་།
- ཀའོ་འདི། རེད་པཱ།
- ཁལགས། ད་འདི་ནང་བཞིན་རི་མོ་བྲིས་ཚར་ནས། གཞི་ནས་ཨ་ནི་དེའི་ཨི་ཁུང་དེ་བརྒྱབ་དགོས་རེད།
- ཀཨི་ཁུང་བརྒྱབ།
- ཁད་ལྟ་དེའི་རི་མོ་མིན་པའི་སྟོང་པ་དེ་ཚོ་སྒང་ག་ཨི་ཁུང་བརྒྱབ་དགོས་རེད། འོང་། ཚུར་ལྕགས་སྐུད་ཀྱིས་བྲེགས་དགོས་རེད།
- ཀའོང་། ཨི་ཁུང་བརྒྱབ་ཚར་བའི་གཞུག་གུར། ཨ་ནི།
- ཁད་དེ་སྦ་༼བྲེག༽ཁུག་ཟེར་ཡས་ཤིག་ཡོའོ་རེད་པཱ།
- ཀག་དེའི་སྦ་ཁུག སྦ་ཁུག་ཅིག་མིག་བསྟན་དང་།
- ཁད་སྦ་ཁུག་དེ་རེད་ལ།
- ཀའོ་ཡག
- ཁའདི་འདུག་བཟོ་བརྒྱུད་ཀྱི་རེད་ལ། ད་འདི།
- ཀདེའི་ནང་ལོགས་དེའི་བརྒྱུད། འགྲོ་ཡི་ཨ་ཡོད།
- ཁད་འདི་འགྲོ་ཡི་རེད། མཐུག་སའི་འདུག
- ཀའོ་འདུག་བཟོ་དེའི་གང་ཟེར།
- ཁསྟོང་ཆ་དེ་བྲེག རྐོག་དགོ་རེད་པཱ།
- ཀའོང་། སྟོང་ཆ་བྲེག
- ཁསྟོང་ཆ་དེ་བྲེགས་ཚར་ན་ད།
- ཀསྟོང་ཆ་བྲེགས་ཚར་བའི་གཞུག་གུར་ཨ་ནི་གཞི་ནས་བསྔོག་ཙམ་བསྔོག་ཙམ་བྱ་རྒྱུ་རེད།
- ཁད་དེ་འདྲས་བཟོ་འདྲ་ཞིག་ཆགས་པ་རེད་པཱ། ལྕགས་སྐུད་བརྒྱབ་ནས། ད་དེ་གཞི་ནས་རྐོག་པ་ཡིན་ན་རི་མོ་དེ་འདི་འདྲས་ཆགས་ཀྱི་རེད།
- ཀའོ་འདུག་བཟོ།
- ཁད་འདི་བརྐོས་བརྒྱབ་ཚར་པའི་དེ་རེད། འོང་།