Video Overview
Sonam Chonphel and Ngawang talk about the changing styles of furniture in relation to changes in the social environment over history as well as influences of styles from neighboring areas. They go on to talk about the different kinds of wood used, where they come from, their appearance and characteristics, their predominance in Tibetan furniture, and the tools used to carve them.
- Lhasa
- Ü
- ཀ
- ཀཡང་སྔོན་མ་ཡིན་ན་དཔེར་ན། གཅིག་ཆ་བཞག་ན་ནང་ཆས་སྒང་ག་ལོགས་ཆུང་ཆུང་། སྒང་ག་ལོགས་གཏེ་པོ་རེད་པ་ལགས། ཨོའོ་དེ་འདྲས། དེ་བཟོ་དགོས་ཡས་ཀྱི་རྒྱུ་མཚན་དང་ཅིག་དེ་ཞག་ད་ཅིག་ཁང་པ་ཆེན་པོ་ཆགས་ཙང་བྱས་པ་ཡིན་ནམ། ག་རེ་ཡིན་ནམ་སྒང་ག་ཆེན་པོ་མཐོ་པོ་བཟོ་ཡི་འདུག་ག་དེ་རྒྱུ་མཚན་བྱས།
- ཀདེ་ནས་ང་རང་ཚོའི་རྒྱུན་སྲོལ་གྱི་ཅིག་ཨ་ལས་སྔོན་ལ་ཅིག་དེ་གསུང་ཡས་ག་རེ་ཟེར་དགོས་རེད། ཅིག་ཤིང་ཅིག་ཡོའོ་རེད་པ། ཤིང་ཅིག་སྔོན་མ་ཤིང་སྒང་ལ་ག་རེ་བེད་སྤྱོད་དང་། དེ་ཞག་ཤིང་སྒང་ལ་ག་རེ་བེད་སྤྱོད་གཏང་གི་ཡོའོ་རེད། ཨོའོ་དེ་ཅིག་བྱས། དེ་དག་ཅིག་ཨ་ལས་གསུང་རོགས་གནང་ཞུ་ཡས་ཡིན།
- ཁཨ་ནི་ད་བརྐོས་འདྲ་ཅིག་བསྐྱོན་པ་ཡིན་ན་མང་ཆེ་བ་ཇར་པ་ཇར་དཀར་དེ་མ་གཞི། ཇར་པ་ནག་པོ་དེ་བརྐོས་ཡག་པོ་ཡོང་གི་མི་འདུག
- ཀལགས་སོ་ལགས་སོ། ད་སྤྱིར་བཏང་བྱས་ན་སྔོན་མ་བླ་མའི་གཟིམ་ཆུང་ནང་ལ་ག་རེ་ག་རེ་ཡོའོ་རེད་ཅ་ལག་འདྲ་ཞིག
- ཁད་མི་ཨ་ལས་སྔོན་དང་པོ་དེར་ཡ་ཆ་སྒམ་མཆོད་གཤོམ་ཨ་ཅང་ཅང་རེད་པ་མི། སྐུ་གསུང་ཐུགས་རྟེན་བཞུགས་ས་མི་ཆ་སྒམ་མཆོད་གཤོམ། དཔེ་ཆ་བཞག་ས་ཡ་གའི་ཀུན་དགའ་རྭ་བ་བྱས། དེ་ཚོ་མི་ཡོང་གི་རེད་པ། ཨ་ནི་བཞུགས་སྒྲོམ་གཅིག་རྒྱག་གི་རེད་པ། བཞུགས་སྒྲོམ་དེའི་མདུན་ལ་ཁྲི་ཅོག་ཅིག་རྒྱབ་བྱས་བྱས་དེ་འདྲས་ཅིག་རེད་འདུག་གང་།
- ཀལགས་རེད། སྤྱིར་བཏང་ཨེ་འདྲས་ཅིག་རེད།
- ཁཨེ་འདྲས་འདྲ་ཞིག་རེད།
- ཀལགས་འོང་། ད་སྐུ་གྲགས་ཁག་གི་དེ་འདུག་ག་ཚོམས་ཆེན་དེའི་ནང་ལ་ག་རེ་ག་རེ་ཡོའོ་རེད།
- ཁད་སྐུ་གྲགས་ཀྱི་ཚོམས་ཆེན་ནང་ལ། རྒན་ལགས་ང་གསལ་པོ་བཤོད་ཡས་མེད་ཡང་དེ་ཚོ།
- ཀལགས་སོ་ལགས་སོ་ལགས་སོ། ཨ་ནི་ད་ང་རང་ཚོའི་བརྐོས་རྒྱག་ཡས་ཐོག་ལ། སྤྱིར་བཏང་ཤིང་ག་གི། ད་བརྐོས་རྒྱག་ཡས་ཀྱི་ད་ཅིག་བཟོ་ཡས་ཀྱི་ཅ་ལག་འདྲ་དེ་བྱས་པ་ཡིན་ན། མཆོད་གཤོམ་བྱས་རེད་པ། ཨ་ནི་ཅོག་ཙེ་བྱས་བཞུགས་ཁྲི་བྱས་ཁྲི་ཅོག་ཁྲི་མ་ཅོག་བྱས་ཨ་ནི་སྟེགས་ཅོག་ཟེར་རེད་པ་དེ་ཚོ་བརྐོས།
- ཁབརྐོས་རྒྱབ་བྱས་བཟོ་ཡས་དེ་ཚོ།
- ཀདེ་སྤྱིར་བཏང་ད་བྱས་པ་ཡིན་ན། ཤིང་འདྲ་དེ་བེད་སྤྱད་བཏང་ཡས་དང་ག་རེ་ག་རེ་ཡོའོ་རེད། ང་ཚོ་ཇར་པ་ཕར་ཕུད་པའི།
- ཁཤིང་དང་རྐང་འདྲ་དེ་བརྐོས་ལ་ཡ་ཤིང་ཇར་པ་ཇར་དཀར་དེ་དགོས་ཀྱི་འདུག་ག
- ཀཇར་དཀར་རེད་པ། དེ་ནི།
- ཁད་ཡིན་ནའི་ཁ་ཤས་ཡར་དེ་འདྲས་ག་རེ་རེད། མཁྲེགས་ཤིང་གི་རྐོས་རྒྱབ་བཞག་པའི་ཡང་། མཆོད་གཤོམ་ཡག་པོ་དེ་འདྲས་གཟིམ་ཆུང་ནང་དེ་པ་ལའི་འདུག་ག ད་དེ་ཚོ་ཕལ་ཆེར་རྒྱ་ནག་ནས་དོན་སྐྱོག་འདྲ།
- ཀདེ་གཟིམ་ཆུང་ནང་དེ་སོག་པོ་རེད་སོག་པོ་ནས་བྱུང་སྐྱོག་རེད་སོག་པོ་རེད།
- ཁམི་འདུག་བོད་རང་གི་ཕལ་ཆེར་ཇར་པ་ཁོ་ར་མང་ཆེ་བ་རྒྱག་གི་རེད་བརྐོས་དེ།
- ཀཅིག་མཁྲེགས་པ་དང་དེ་འདྲས་ཏོག་ཙ་རྒྱག་གི་མ་རེད། མཁྲེགས་པ་དང་རག་ག
- ཁད་རག་ག་ཏོག་ཙ་རྒྱག་གི་ཡོད་ཀྱི་རེད་པ། མཁྲེགས་པ་བརྐོས་རྒྱབ་བཞག་པ་ཞེ་དྲག་མཐོང་མྱོང་མེད། སྟར་ག་ཟེར་ཡས་དེར་བརྐོས་རྒྱབ་ན་བརྐོས་མཉེན་པོ་འདུག་གང་། སྟར་ག་ཟེར་ཡས་ཤིང་དེ། ཤིང་མཉེན་པོ་འདུག སྟར་ག་བརྐོས་རྒྱབ་ན་ཡང་བཟོ་ཁག་པོ་དེ་འདྲས་རེད་མི་འདུག
- ཀཨ་ལས། ཇར་པ་དང་བྱས་ན་ཁོ་ག་རེ་ཁྱད་ཆོས་འདྲ་འདུག སྟར་ག་དང་སྦྱར་པ།
- ཁམཁྲེགས་ཤིང་རེད་པ། ཁོ་སྟར་ག་དེ་མཁྲེགས་པ་ཡོའོ་རེད་པ་སྙིང་རྗེ་འདུག་གང་། ཨ་ནི་ཁོ་སྟར་ག་སྟར་སྨུག་བཟོ་དེ་འདྲས་ལ་བཟོས་ན་སྙིང་རྗེ་པོ་ཞེ་པོ་འདུག་ག
- ཀལགས་སོ། དེ་ནས་སྤྱིར་བཏང་ག་རེ་ཟེར་དགོས་རེད། དེ་ད་ནང་ལ་གཞན་དག་ག་རེ་ཡོའོ་རེད་ད། དཔེར་ན་སྔོན་མ་ཆ་བཞག་པ་ཡིན་ན། གཟིམ་གཤག་ཁག་བྱས་རེད་པ། བླ་རྒྱུད་ཁག་བྱས། གཟིམ་གཤག་ཁག་བྱས་དེ་ནི་མི་སེར་བྱས། རེད་པཱ། ལགས་རེད་པཱ། སྤྱིར་བཏང་ད་སྔོན་མ་བརྐོས་བརྐོས་མ་ཟེར་ཡས་དེ་ཚོ་མི་ཚང་དྲག་ག་ལ་མ་གཏོགས་དབུལ་པོ་ལ་ཁག་པོ་ཡོའོ་རེད་པ།
- ཁད་མི་དེང་སང་ད་ག་ས་གང་ལ་དེ་བྱེད་དུས་ག་ནས་ཁྱིམ་ཚང་ནང་ལ་ཕལ་ཆེར་མཆོད་གཤོམ་དང་། ཆ་སྒམ་མཆོད་གཤོམ་མེད་པ་ཡོའོ་མ་རེད་པ། ད་མི་རྒྱས་ལོས་འདྲ་ཅིག་ད་སོ་སོའི་མི་དེ་ཅིག་ཡོའོ་རེད་པ། མ་གཞི་ཅིག་སྐུ་གསུང་ཐུགས་བསྟན་མེད་འདྲ་ཅིག་སྤྱིར་བཏང་ནས་བོད་རིགས་ཡིན་པའི་གཞུག་གུ་མེད་པ་རེད་པ།
- ཁད་སྡུག་ཤོས་ལའི་སྐུ་རང་མེད་ནའི་ལའི་ཅིག་གི་ག་རེ་ཟེར་དགོས་རེད། ང་རང་ཚོའི་ཞལ་ཐང་རི་མི་བྲིས་པ་དེ་འདྲས་མཆོད་གཤོམ་ལེབ་ལེབ་འདྲ་ཅིག་དེང་སང་རྒྱ་མིག་བཟོས་བཞག་པའི་པང་ལེབ་སྲབ་པོ་འདྲ་དེའི་སྒང་ལ་བཟོས་བཞག་པ་དེ་འདྲས་སྒྲིག་གི་འདུག་སྤྱིར་བཏང་ཡོའོ་རེད་པཱ།
- ཀསྤྱིར་བཏང་ངག་ཆོས་ལགས་ཁྱེད་རང་ག་ག་རེ་བཟོ་མྱོང་བཟོ་ཡས་འདྲ་ཅིག
- ཁངས་ལགས།
- ཀཅ་ལག་འདྲ་ཅིག་འོང་ཅིག་སྔོན་མ་རྐོས་རྒྱབ་པ་ཅིག་དང་སྐད་གྲགས་འདྲ་ཅིག་ཆོད་པ་དེ་འདྲས།
- ཁད་སྐད་གྲགས་ཆོད་སོང་ནའི་ངའི་ད་ལྟ་ག་རེ་རེད་ཟེར་ན། ཨ་ཅེའི་པཱ་ལགས་དེ། རྒན་ལགས། དེ་རེད་པ་སྤྱི་ཚོགས་རྙིང་མའི་སྒང་ལ་བརྐོས་པ་བྱས་བརྐོས་མཁས་པ་ཞེ་དྲག་ཡོའོ་རེད།
- ཁད་དེ་མ་གཤགས་གོང་ཙ་དེ་བར་ནོར་བུ་གླིང་གའི་གཟིམ་ཆུང་དང་དེ་ཚོའི་ནང་གི་མཆོད་གཤོམ་དེ་ཚོ་རྦད་དེ་དེ་གནང་བྱས། ང་ཡའི་དེ་དུས་ང་ཡའི་གྲོང་འཁྱེར་དེ་བར་སླེབས་ཚར་པ་རེད། སྒང་ག་ཉམས་གསོ་གནང་ག་ཐད་སོང་ང་། ཁོང་མཁས་པོ་ཞེ་པོ་ཅིག་ཡོའོ་རེད།
- ཁད་འགོ་བཙུགས་དུས་སྒོ་ནས་ཕལ་ཆེར་ལྷ་ས་ད་མཆོད་གཤོམ་བརྐོས་མ་དེ་ཚོ་འགོ་བཙུགས་བཟོས་པའི་ཁ་གཏུག་ལ། དེ་དུས་ལྷ་ས་བཟོ་མཁན་ཞེ་པོ་དེ་འདྲས་ཡོའོ་མ་རེད།
- ཁད་དྲྭ་མིག་གསུམ་ཙམ་བྱས་པ་དེ་འདྲས་བརྐོས་རྒྱབ་བྱས། སྒོར་མོ་སྟོང་ཕྲག་གཅིག་ཙམ་མ་ཞིག་དེ་བར་རག་གི་ཡོའོ་མ་རེད་ད། དེ་དུས་སྒོར་མོ་སྟོང་ཕྲག་གཅིག་ཟེར་དུས། གོང་ཆེ་བའི་གྲས་རེད་པ། དེས་བཟོས་གནང་པ་དེ་སྤུས་ད་དག་པོ་ཞེ་པོ་ཅིག་བཟོས་གནང་གི་རེད།
- ཁཨ་ནི་ངས་ཞོར་ལ་མཉམ་དུ་ད་ང་ལས་ཁུངས་ལ་ཕྱིན་པའི་ཞོར་ལ་ཨ་ནི་ཁོ་རང་མཉམ་དུ་བརྐོས་འདྲ་ཅིག་རྒྱབ། ཨ་ནི་ཏོག་ཙམ་ཏོག་ཙམ་བསྡད་བྱས། ཨ་ནིདེའི་མཇུག་གུ་དྲྭ་མིག་གསུམ་བྱས་པ་དེ་འདྲས་ཆོག་དོ་བཟོས་བྱས་ག་རེ་རེད་ཟེར་ན།
- ཁཕར་བལ་ཡུལ་ངོགས་ལ་ང་རྣམ་ཚོའི། ང་ཚོའི་གོ་རྭའི་ནང་ལ་ཁ་ཙར་དེ་འདྲས་ཡོད་པ། ཁོང་རྣམ་ཚོས་མངགས་བྱས་བལ་ཡུལ་ངོགས་ལ་དྲྭ་མིག་གསུམ་བྱས་པ་དེ་འདྲས་ཁ་ཤས་གནང་། མཇུག་གུ་ཨ་ནི་ཡང་ཆེ་རུ་འགྲོ་ཡི་འདུག་ག དྲྭ་མིག་ལྔ་བྱས་པ་ཨ་ནི་དཀྱིལ་ལ་ཡ་གསུམ་བྱས། ཨ་ནི་མཐའ་ལ་ཡ་རྩ་ག་ཆུང་ཆུང་དེ་འདྲས་གསུམ་གསུམ་བྱས་ཨ་ནི་སྒང་ལ་ཡ་ལྔ་ཙ་བྱས་ཨ་ནི་དྲྭ་མིག་བཅུ་གྲངས་བྱས་པ་དེ་འདྲས་བཟོས་གནང་སོ།
- ཁཨ་ནི་དེ་ཚོའི་སྒང་ལ་ངས་བརྐོས་སྒང་ལ་ངས་ཨ་ནི་གནང་དག་ཡོའོ་མ་རེད་ཟེར་ཕྱག་རོགས་ཞུས་བྱས་དེ་བྱས། ཨ་ནི་དེ་ནས་གཞུག་གུ་ང་ཚོས་གཤགས་མཁན་དེ་ཡ་གིར་དགའ་ལྡན་གྱི་ད་ལྟ་རྗེ་རིན་པོ་ཆེ་གྱིས་སྐུ་མྱང་ངན་ལ་ཐད་སའི་ཁྲི་ཐོགས་ཁང་ཟེར་ཡས་དེ། གཟིམ་ཆུང་ནང་དེར་མཆོད་གཤོམ་ཆེན་པོ་ཞེ་པོ་ཅིག་བཟོས་གནང་སོ།
- ཁཨོའོ་དེའི་བརྐོས་སྒང་ལ་ངས་ག་ཆེན་འདྲ་ཅིག་ད་བརྐོས་ཀྱི་རྒྱག་རྒྱུ་སྒང་ག་ནང་ལ་མར་གནང་ཕེབས། ཨ་ནི་གཞུག་གུ་ཡར་སྒྲིག་ག་ཐད། ཨ་ནི་ཡ་གའི་སྒྲིག་ག་ཕྱིན། ཨ་ནི་ཡ་གའི་ང་ཚོས་སྒྲིག་བྱས། ཨ་ནི་ཁྲི་ཅོག་དེ་འདྲས་ཁྲི་མ་ཅོག་དེ་འདྲས་སྟེགས་ཅོག་དེ་འདྲས་དེ་ད་ཞེ་དྲག་བཟོས་ཚར།
- ཀལགས། སྤྱིར་བཏང་བྱས་པ་ཡིན་ན། བརྐོས་རྒྱབ་པ་ཡིན་ན་ག་རེ་ཟེར་དགོས་རེད། ཅིག་ཁྲི་ཅོག་དཔེར་ན་མཆོད་གཤོམ་ཅིག་དྲྭ་མིག་གསུམ་བཟོས་པ་ཡིན་ན། ག་ཚོད་ལུས་ཀྱི་འདུག་དུས་ཚོད།
- ཁདྲྭ་མིག་གསུམ་བྱས་པ་ཅིག་མི་གཅིག་གིས་བཟོས་པ་ཡིན་ན། ད་དེའི་སྔོན་ལ་རྒན་ལགས་དེ་འདྲས་རེད་པ། ད་རྒྱས་པ་འདྲ་ཅིག་བཟོས་པ་ཡིན་ན། ཧ་ལམ་ཟླ་བ་གཅིག་དང་ཟླ་ཕྱེད་ཟླ་བ་གཉིས་ཙམ་ལས་ཀྱི་ཡོད་ཀྱི་རེད།
- ཀཨེ་འདྲས་ཅིག
- ཁའོང་།
- ཀཉི་མ་བཞི་བཅུ་ལྔ་བཅུ་ཅིག་ད་དེ་ཉི་མ་གཅིག་ལ་ཆུ་ཚོད་ག་ཚོད་ཙམ་གཅིག་ཕྱག་ལས་གནང་གི་ཡོའོ་རེད།
- ཁཆུ་ཚོད་བརྒྱད་ཙམ་དགུ་ཙམ་བྱེད་ཀྱི་རེད་པ། རེད་པ་སོ་སོའི་ནང་ལ་བསྡད་རྒྱུ་རེད་པ། རང་པང་ད་ཀོལ་ཏིང་༼རྒྱ་སྐད་ཀྱི་སྒྲ་༽ཁ་ལག་དུས་ཚོད་འདྲ་ཅིག་མ་གཏོགས། ཀོལ་ཏིང་ཟེར་གའི་ཡོའོ་མ་རེད་པ། མཚམས་རེ་ཞོགས་པ་སྔ་ཙ་ལངས་ལས་ཀ་བྱས་མཚམས་རེ་དགོང་དག་ཡང་ཕྱིས་ཙམ་བསྡད་དགོས་བྱེད་ཀྱི་རེད་པ།
- ཀཨ་ནི་ཆ་སྙོམས་བྱས་ན་ཆུ་ཚོད་ལྟོས་ཨཱ། ཟླ་བ་ཨོའོ་ཨ་ནི་ཆུ་ཚོད་ག་ཆེན་འགྲོ་གྱི་ཡོའོ་རེད་རེད་པ།
- ཁད་དེ་དུས་འཕྲུལ་འཁོར་ཟེར་ཡས་དེ་འདྲས་གཅིག་ཡའི་ཡོའོ་མ་རེད་རེད་པ།
- ཀཡོའོ་མ་རེད་སྒང་ག་ལག་པ་རེད་པ།
- ཁད་ད་ལྟ་ཅིག་གི་མི་རྒན་ལགས་བཟོ་དེ་འདྲས་ད་ལྟ་བར་ཁུག་བཟོ་དེ་ཚོ་རྦད་དེ། འཕྲུལ་འཁོར་རེད་འདུག་ག བར་ཁུག་ཁོ་ར་ཞེ་པོ་ཅིག་ལས་ཀྱི་འདུག་ག་ལགས། འོང་ཨ་ནི་བར་ཁུག་བཟོ་དེ་འདྲས་ཡག་པོ་མ་བྱུང་ན་ཨ་ནི་ཁོ་བལྟ་ཤེས་ཆེན་པོ་དང་ཨ་ནི་ཕན་ཐོག་ཡས་མི་འདུག་གང་།
- ཀད་བར་ཁུག་དེ་ང་རང་ཚོ་ད་དེ་རེད་ག་རེ་ཟེར་དགོས་རེད། དེའི་སྔོན་ལ་ང་ཨ་མི་རི་ག་འགྲོ་དུས། ཁོང་རྣམ་ཚོ་ཤིང་བཟོ་ཁག་ཅིག་སླེབས་བྱུང་ཨོའོ་དེ་ཚོར་ངས་ངོ་སྤྲོད་ཡའི་བྱས་པ། ངས་ཕོ་བྲང་གི་ག་རེ་ཟེར། དེ་དེབ་གཅིག་འདུག་ག་དེ་མིག་བསྟན་དེའི་སྒང་ལ་བརྐོས་དེ་གས་མིག་བསྟན། ཨ་ནི་བར་ཁུ་དེ་གས་བཟོས་པ་རེད་ཟེར་བར་ཁུག་དེ་གས་ཕར་ཁོང་ཚོ་ཧོན་ཐོར་གྱི་འདུག་ག དེ་གས་སྒང་ག་སྔ་མ་ལག་པ་རྐྱང་རྐྱང་རེད་པ་སྒང་ག་ལོགས་ལག་པ་རེད།
- ཁད་དེང་སང་ཨ་ལས་ཤིང་འབུ་ལེན་བརྒྱབ་པ་ཡིན་ནའི་གློག་གི་འབུ་ལེན་བརྒྱབ། སོ་ལེབ་ཅིག་བཙུགས་གློག་གི་སོ་ལེབ་ཅིག་བཙུགས་བྱེད་དུས་ཡང་ཁོ་ལས་ཀ་ཁོ་ཞེ་དྲག་ཤོག་ཆེ་རུ་ཕྱིན་པ་རེད་པ།
- ཁད་ཡིན་ནའི་བརྐོས་དའི་ཨ་ལས་རྒྱག་ཡས་ཡོའོ་མ་རེད་པ། ཁོ་ཡང་མེ་ཏོག་ཅིག་རྐོས་པ་ཡིན་ནའི་ལག་པས་འདུག་བཟོ་བརྐོས་དགོས་རེད་མ་གཞི། ཁོའི་གློག་གིས་ཚེར་རེ་ཟེར་རྐོས་ཡས་འདྲ་ཅིག་མི་འདུག་ག དེ་སོ་སོའི་ད་ཡ་མི་རྒྱ་མིའི་མི་ཅིག་དེང་སང་རྡོའི་ཅིག་བཟོ་དུས་སྒང་ནས་ཅིག བརྡར་ཡས་གློག་གི་དེ་འདྲས་ཅིག་འདུག་ག ཨེ་འདྲས་ཀྱི་བཟོ་འདྲ་ཅིག་བྱུང་ན། ཨ་ནི་ཕལ་ཆེར་མགྱོགས་པོ་ཞེ་པོ་ཅིག་ཚར་གྱི་རེད་པ་ལ་ཁོ་ལག་པས་བཟོ་དུས།
- ཀཕལ་ཆེར་ཡོད་གྱི་རེད་དེ། བརྡར་ཡས་ཡོད་པ་འདྲ་ཡོད་ཀྱི་རེད། བརྡར་ཡས་ཡོད་ཀྱི་རེད། རྒྱ་མིའི་དེ་ཚོ་རྒྱ་ནག་དེ་ཚོ་བརྐོས་རྒྱག་ཡས་ཁ་ཤས་བརྡར་སྐྱོག་རེད་བཞག ག་རེ་རེད་ད་དེ་ཕལ་ཆེར་ང་རང་ཚོའི་ཇར་པ་དེ་ཡིན་གྱི་ཡོད་ཀྱི་མ་རེད་ཤིང་མཁྲེགས་པོ་མ་རེད་མཁྲེགས་ཤིང་མ་རེད་ཕལ་ཆེར་ཇར་པ་ཡིན་གྱི་མ་རེད།
- ཁད་ད་ལྟ་གཤམ་བརྐོས་རྒྱག་ཡས་ཅིག་རྒྱ་མིའི་གཤམ་བརྐོས་རྒྱག་ཡས་ཅིག་འདུག་ག འཕྲུལ་འཁོར་གཤམ་བརྐོས་རྒྱབ་ན་ཡག་པོ་ཞེ་པོ་ཡོང་གི་འདུག་ག ལགས། ད་དེ་ཤིང་ད་དུང་མཁྲེགས་པ་ཡོད་ན་ཡག་པོ་ཡོད་པའི་བཟོ་འདྲ་ཅིག་འདུག་གང་།
- ཀམཁྲེགས་ག་དེ་ཡག་པ་ཡོའོ་རེད་འཕྲུལ་ཆས་ཡིན་ཙང་། ལགས་སོ་ལགས་སོ། དེ་ནས་ད་ང་རང་ཚོ་ག་རེ་ཟེར་དགོས་རེད་ཅིག་གི
- ཁད་སྔོན་མ་མི་ཚང་ནང་ལ་རྒན་ལགས་རྒྱ་ཅོག་ལ་ཆ་བཞག་ན་ཆེན་པོ་མི་འདུག་གང་རྒྱ་ཅོག
- ཀརྒྱ་ཅོག་ཁྱི་སུག
- ཁའོང་ཁྱི་སུག་ཟེར་ཡས་དེ་ཡའི་ཉུང་ཉུང་རེད་པ་ད། རྒྱ་ཅོག་ལ་སྦུག་ཅོག་ཟེར་ཡས་དེ་ད་ག་རེ་ཟེར་དགོས་རེད། འོག་ལ་ཅ་ལག་བླུགས་ས་ཡོད་པ་བྱས། སྒོ་གཉིས་ཕྱེ་ཡས་ཡོད་པ་ཅིག་བྱས། ད་དེ་ཆེན་པོ་ཡོའོ་མ་རེད། ད་དེ་དུས་སྒང་ནས་ཕལ་ཆེར་སྐར་མ་ལྔ་བཅུ་ཙམ་ཅིག་བཞི་བཅུ་ཞེ་ལྔ་ལྔ་བཅུ་དེ་ལས་མི་འདུག་གང་།
- ཁད་ཆེ་ནའི་སྡུག་ཤོས་ལའི་དྲུག་བཅུ་ཐམ་པ་བཟོ་དགོས་གྱི་འདུག་ག་ད་ཁོ་གདན་སྐྱག་ཁོ་མཐོ་རུ་ཅིག་ཕྱིན་པ་རེད་པ། ཨ་ནི་ཆ་རྐྱེན་ཡག་ཏུ་འགྲོ་དུས་འབོལ་གདན་འདྲ་ཅིག་བྱས་བྱས། ཨ་ནི་ཅོག་ཙེ་ཆེ་རུ་ཕྱིན་ཨ་ནི་སྤྱིར་བཏང་སྡུག་ཤོས་ལའི་ཀུང་ཕིང་བརྒྱ་བཅུ་ཐམ་པ་བཟོ་དགོས་ཀྱི་འདུག་ག
- ཀལགས་རེད་ལགས་རེད། སྦུག་ཅོག་བྱས་དེ་ནས་ཁྱི་སུག་བྱས་ཁྱི་སུག་ཟེར་ན་ཁྱི་ལག་བྱས་ལག་པ་ཐུང་ང་དེ་རེད་པ།
- ཁཁྱིའི་ལག་པའི་བཟོ་འདྲ་ཅིག་ཡིན་པའི་སྐད་ཆ་རེད་པ་ད་དེ།
- ཀཨ་ནི་བྱ་ལག་གི་བཟོ་འདྲ་བྱས།
- ཁབྱ་དེའི་ལག་པ་ཟེར་ལག་པ་འདྲ་ག་རེ་བཟོས་ཟོས་ཡིན་པ་བྱས།
- ཀཨོའོ་ད་ཁོ་གཉིས་ཁྱད་པར་ཅིག་སུག་སྡེར་ཐུང་ཕལ་ཆེར་སུག་སྡེར་རིང་ག་དེ་མིན་འགྲོ།
- ཁཨ་ནི་སུག་སྡེར་རིང་ག་དེར་ག་རེད་ཟེར་ན།
- ཀབྱ་ལག་ཟེར་བཏགས།
- ཁརྒན་ལགས་དེ་མི་འདུག་གང་ག་རེ་ཟེར་སྒང་གི་ང་རང་ཚོ་མ་སོང་ལའི་ཅ་ལག་བླུགས་ས་དེ་ཟུར་དའི་ཁ་ཤས་ཁྲུག་སྡིར་༼རྒྱ་སྐད་ཀྱི་སྒྲ་༽འདྲ་ཞིག་མ་བཞིན་ཡོའོ་མ་རེད་པ། ད་ཁོ་མི་གའི་ཐུང་ཙམ་བཟོ་ཡས་དེ་སྒང་དའི་ཡར་སྦུག་ཅོག་ཅིག་བཟོས་པ་རེད་པ། ཅ་ལག་བླུགས་ས་བཟོས་ཨ་ནི་ཁྲུག་སྡིར་བཟོས་བྱས་ཙང་ཁོ་འོག་མ་གའི་ཁྱི་སུག་དེ་ཐུང་ཙ་བྱས།
- ཀཨོའོ་རེད་པ་ལགས་རེད་ལགས་རེད། ཨོའོ་རེད། ད་དེའི།
- ཁད་ཁྱི་སུག་དེ་སྤྱིར་བཏང་ནས་ཤིང་མཁྲེགས་པའི་བཟོ་དེ་འདྲས་ད་མཁྲེགས་ཤིང་གི་བཟོས་ན་ཨ་ནི་ཁོ་ཀྲོག་མཁྲེགས་པ་འདུག་གང་།
- ཀལགས་རེད།
- ཁདེ་རེད་བཞག
- ཀདེ་སྤྱིར་བཏང་དེ་ཚོ་ག་ནས་དར་པ་རེད། ངས་ཕྱི་རྒྱལ་ནས་དར་མེད་འགྲོ་བསམ་གྱིས་ཚུར།
- ཁད་དེ་ཚོ་ཅིག་ཕོ་བར་གྱི་ཅ་ལག་དང་བསྟས་བྱས་ཨ་ནི་འདུག་བར་མིའི་ཀླད་པ་ཡག་ཏུ་ཡག་ཏུ་འགྲོ་དུས་ཅིག་བཟོ་གོག་བྱས་བྱས་འདུག་གང་ལ།
- ཀཁ་ཤས་དེ་ཚོ་སྐུ་གྲགས་ཁག་གི་སྲས་རྣམས་པ་ཕར་རྒྱ་གར་ལ་ཐད་དེ་བར་ཅིག
- ཁགང་ལྟར་ཁོང་ཚོ་སྔོན་མ་མིས་རྒྱ་གར་འགྲོ་ཐུག་མཁན་གྱི་སྐུ་གྲགས་གི་ཨོའོ་དེ་ཚོས་རྒྱུད་མ་གཞི་དབུལ་ཕོངས་འགྲོ་ཐུབ་ཡས་ཡོའོ་མ་རེད་པ། ཨ་ནི་ཁོང་ཚོ་མི་དེ་བྱས་བྱས་ཚུར་ཡོང་བྱས་རི་མོ་འདྲ་ཅིག་བྲིས་བྱས། བཟོས་བྱས་བྱས་དེ་འདྲས་ཟེར་དེ་འདྲས་ཟེར་དར་གྱི་ཡོའོ་རེད།
- ཀའདྲ་པོ་འདུག་དེ་འདྲ་པོ་འདུག
- ཁགཞི་སྔ་མོ་རང་གི་དེ་འདྲས་ཁྱི་ལག་ཁྱི་སུག་གཅིག་བྱས་པ་ཟེར་ཡས་དེ་འདྲས་ཞེ་དྲག་མི་འདུག་ག
- ཀཡོའོ་མ་རེད། ཡོའོ་མ་རེད།
- ཁདཔེ་སྒམ་ལ་ཆ་བཞག་ན་སྔ་མོ་དཔེ་སྒམ་ལ་སྲབ་པོ་ཅིག་གི་འདི་ག་ཙམ་ལས་མི་འདུག་གང།
- ཀཨོའོ་རེད་སྲབ་པོ་ཅིག
- ཁསྐར་མ་སུམ་ཅུ་ཙམ་ལས་ལྷག་ཡོད་ན་མེད་ན། སུམ་ཅུ་སོ་ལྔ་ཡིན་ན། ད་དེང་སང་ཨ་ལས་མཐུག་ཏུ་མཐུག་ཏུ་འགྲོ་ཡི་འདུག་ག་སྐར་མ་ལྔ་བཅུ་ཙ་བཟོས། ལྔ་བཅུ་ང་ལྔ་ཙ་བཟོས།
- ཀལགས། ལགས་རེད་པ། ད་སྔོན་མ་ང་ཚོ་བརྐོས་ཀྱི་ལག་ཆ་དེ་ཚོ་སྒང་ག་ཅིག་ཕྱི་རྒྱལ་ནས་ཚུར་ག་རེ་ཟེར་དགོས་རེད། རྒྱ་ནག་ནས་ཉོ་ཡི་ཡོའོ་རེད་སོ་སོས་བཟོ་གྱི་ཡོའོ་རེད་མང་ཆེ་བ།
- ཁད་བརྐོས་ཀྱི་ལག་ཆ་དེ་ཚོ་སྤྱིར་བཏང་ནས་མང་ཆེ་སོ་སོས་བཟོས་སྐྱོག་རྐྱང་རྐྱང་རེད། ད་ག་རེ་ཟེར་ན་སྔོན་མ་ང་ཚོའི།
- ཀཨ་ནི་རང་དགེ་ཕྲུག་བརྟེན་མྱོང་ཡོད་གང་འདྲས་གང་འདྲས་བྱེད་ཀྱི་ཡོད་དགེ་ཕྲུག་དང་པོ་ག་རེ་བྱེད་གཉིས་པ་ག་རེ་བྱེད་དགེ་ཕྲུག
- ཁད་ང་ཚོའི་གཤགས་མཁན་དེ་ཚོ་སྔ་མ་སྒང་ག་ལོགས་འདི་ལག་ཆ་འདི་ཚོའི་བཟོ་འདྲ་ཅིག་བཟོས་པ་ཡིན་ན། ལྕགས་དེ་སྔོན་དང་པོ་ལ་རྐང་གཅིག་འཚལ་དགོས་རེད་པ། ཁོས་ངར་ལྕགས་ཅིག་མེད་ན་ཁོ་ཡོང་གི་མ་རེད་པ།
- ཁལྕགས་ཡག་པོ་ཞེ་པོ་བྱེད་དུས། ཨ་ནི་རྦད་དེ་སོ་སོའི་བརྡུང་གནང་གི་འདུག་ག་སྒང་ག ང་ཚོའི་ལག་ཆ་ཉོས་བཞག་པ་གཅིག་ཡའི་ཡོའོ་མ་རེད། སྒང་ག་སོ་སོས་བཟོས་བཞག་སྐྱོག་ད་མཇུག་གུ་ཕན་སོའོ་ཟེར་ཟོང་ཞེང་ཁ་ཆེ་བ་འདྲ་དང་བྱེད་དག མཇུག་གུ་དེ་བར་ག་རེ་རེད་ཟིང་འཁྲུགས་གོང་དེ་བར་ཕར་ཐད་མྱོང་མཁན་དེ་འདྲས་ཀྱིས་ཕ་ནས་ཕ་ནས་ཐོན་སྐྱོག་དེ་འདྲས། ཏཱ་གོའོ་༼རྒྱ་སྐད་ཀྱི་སྒྲ་བོད་སྐད་དུ་འཇར་མན་༽གྱི་རེད་ཟེར་ཡས་ཡང་ཕན་སོའོ་དེ་འདྲས་དང་། བྱེད་དག་ཅ་ལག་དེ་འདྲས་ཤིང་བཟོའི་ལག་ཆ་སོ་ལེབ་དེ་འདྲས་སོ་ལེབ་ཨ་ཐུང་ཟེར་ཕྱི་རྒྱལ་གྱི་རེད་ཟེར།
- ཁཨིན་དབྱེའི་རེད་ཟེར་ཡས་དེ་འདྲས་ལྕགས་ཡག་པོ་དེ་འདྲས་འདུག ད་དེ་ཚོ་ཕ་ནས་ཐོན་པ་རེད་མ་གཞི་སག་གཅོད་ད་བརྐོས་རྒྱག་ཡས་ཀྱི་སག་གཅོད་ད་སྤྱིར་བཏང་ནས་སྒང་ག་སོ་སོས་བཟོས་སྐྱོག་རེད། ཡག་པོ་ཡའི་ཞེ་པོ་བཟོས།
- ཀདེ་ནས་བརྐོས་པའི་དགེ་ཕྲུག་ཅིག་བྱེད་དགོས་བྱུང་ན། དང་པོ་ག་རེ་བྱེད་དགོས་རེད་ཟེར། གང་འདྲས་བྱེད་དགོས་རེད། རིམ་པས་འདྲ་ཅིག་བྱས་ན།
- ཁད་ཨ་ལས་སྔོན་དང་པོ་ཁོ་ཤིང་བཟོ་རབ་ཙམ་ཅིག་སྔོན་དང་པོ་ལ་ཤེས་དགོས་བྱེད་དགོས་རེད་པ། ཤིང་བཟོ་མ་ཤེས་པ་ཡོང་གི་མ་རེད་པ། ཨ་ནི་ཤིང་བཟོ་རབ་ཙམ་ཤེས་སོང་ན། ཨ་ལས་སྔོན་དང་པོ་བག་ཁུག་གཏོང་ཡས་དེ་སློབ་དགོས་རེད་པ། བག་ཁུག་དེ་ཞེ་པོ་ཅིག་བཏང་དགོས་ཀྱི་འདུག་ག
- ཁབག་ཁུག་དེ་ཡག་པོ་ཞེ་པོ་ཅིག་བཏང་ཐུབ་ན། ད་ཤིང་མཐུག་པོ་ཡོད་པ་ཡིན་ན་སྒང་ནས་འོག་ལ་ཀྱོག་ཀྱོག་མ་ཕྱིན་བྱས་བྱས། སྒང་ལ་ག་རེ་ཡོད་པ་དེ་འོག་ལའི་ག་རེ་ཡོད་པ་བཏང་ཐུབ་ན། ཨ་ནི་འཇམ་པོ་སོ་དེ་ཡག་པོ་ཞེ་པོ་གཙབས་དགོས་རེད་པ། ད་སྔ་མོ་འདི་འདྲས་ད་ལྟ་ནང་བཞིན་བྱས་སོ་གཙབས་གཙབས་བཙོང་མཁན་ཡོའོ་མ་རེད།
- ཀཡོའོ་མ་རེད་རེད་པ་སོ་སོས་གཙབས་དགོས་རེད་རེད་པ།
- ཁཨ་ནི་སོ་སོས་གཙབ་རྒྱུ་རེད་པ་ལ། སོ་དེ་ཡག་པོ་གཙབ་བྱས་འཇམ་པོ་ཡག་པོ་གཏོང་ཐུབ་པ་ཡིན་ན། ཨ་ནི་བག་ཁུག་དེ་ཡག་པོ་བྱུང་སོང་ན། ཨ་ནི་གཞི་ནས་ག་ལེར་ག་ལེར་བརྐོས་ཆུང་ཆུང་འདྲ་དེ་འདྲས་རྩིས་སྤྲད་ཀྱི་འདུག་ག ཨ་ནི་ཆུང་ཆུང་འདྲ་དེ་ཚོ་ག་ལེར་ག་ལེར་ཡོང་སོང་ན། ཨ་ནི་ཡར་དྲག་དྲག་བཏང་བྱས། བརྐོས་ནང་ནས་ཁག་ཤོས་སྡུག་ཤོས་འདྲ་བྱས་ན། ད་བརྐོས་སྟེང་ཕྲོད་འོག་ཕྲོད་བཏང་ཡས་དེ་རེད་འདུག་ག དེ་ཁག་པོ་འདུག་གང་།
- ཀདེ་ཁག་ཅིག་གས་ནང་ལོགས་ལ་འོག་ནས་ཡར་སྦྱར་གྱི་ཡོའོ་རེད་རྒྱབ་ལོགས་ནས་ཚུར་སྦྱར།
- ཁད་དེ་རྐང་དེ་རྒན་ལགས་དེ་རེད་བཞག་ཤིང་ཁོ་མཐུག་པོ་བྱས་བརྐོས་ཀྱི་ཤིང་ཁོ་མཐུག་པོ་བྱས། མཐུག་པོ་ཡིན་པའི་སྒང་ལ་ཨ་ནི་སྦྱར་བྱས་དམིགས་བསལ་སྦྱར་ཡས་མི་འདུག་ག ད་ཁག་ཅིག་མཐུག་པོའི་འོག་ནས་ཨ་ནི་ལོ་མ་དེ་ཚོ་ཕར་ཚུར་སོ་སོས་ད་རི་མོ་རི་མོ་འབྲི་དུས་རི་མོ་འབྲི་ཕྱོགས་བྱེད་ཀྱི་རེད་པ།
- ཁཨ་ནི་རི་མོ་འདུག་ཟེར་ཡོད་པ་ཡིན་ན་གཅིག་སྒང་ལ་བསྐྱག་གཅིག་འོག་དའི་བཞག་བྱས་འོག་ནས་ཕས་༼ཕྲལ་༽དགོས་ཀྱི་འདུག་ག་དེ་འདྲས་ཟེར་བྱས་བྱས་དེ་དང་ད་ལྟ་མཆོད་གཤོམ་གྱི་ཀ་བཟོ་ཡས་དེ་ཁག་ཤོས་རེད་བཞག
- ཁམཆོད་གཤོམ་གྱི་ཀ་དེ་ལ་འཁོར་དེ་གཉིས་སྦྱར་དགོས་རེད་པ་འཁོར་གསུམ་ཡའི་སྦྱར་དུས་སྒོ་ནས། ད་ལྟ་ཁག་ག་འདྲ་ཞིག་བརྐོས་པའི་ནང་ནས་བྱས་ན། ཁག་ག་འདྲ་ཞིག་མཆོད་གཤོམ་གྱི་ཀ་དང་། ཨ་ནི་སེམས་ཅན་གྱི་ད་སྲོག་ཆགས་དེ་ཚོ་དང་། མི། མིའི་གདོང་དེ་ཚོ་ང་རང་ཚོ་བོད་རིགས་ཀྱི་བརྐོས་པས་ཡང་ཞེ་པོ་ཞེ་པོ་ཡག་པོ་ཟེར་བཟོ་ཐུབ་ཀྱི་མི་འདུག་དེ། རྒྱ་མིས་བཟོས་པ་ནང་བཞིན་ཡོང་ཡས་མི་འདུག
- ཀམི། ཨོའོ་དེ་ཁག་པོ་ཞེ་པོ་བྱེད་ཀྱིས། ད་དེ།
- ཁདེ་ལྷག་པར་དུ་མིའི་དེ་དེ་ཚོ་བརྐོས་དེ་དེ་ཚོ་རྒྱ་མིའི་དེ་ཚོས་ཡག་པོ་ཞེ་པོ་རྒྱག་གི་འདུག་ག རྒྱ་མིའི་བརྐོས་པ་མཁས་པ་དེ་ཚོས་ད་དཔེ་འདྲ་ཞིག་རྒྱག་གིས།
- ཀདེ་ཏོག་ཟམ་ད་དེ་མིན་འགྲོ་བསམ་གྱིས། ག་རེ་ཟེར་དགོས་རེད། ང་རང་ཚོ་དང་པོ་བརྐོས་སློབ་དུས་སྒོ་ནས། དང་པོ་རི་མོ་དེ་མ་བསླབས་པ་རེད་རེད་པ།
- ཁཨོའོ་རེད་བཞག
- ཀཨོའོ་དེ་ཡིན་པ་ཙང་ཁོ་རི་མོ་དེ་སྒང་གི་བཙག་དཔར་གྱི་རི་མོ་ཁོ་མ་བརླག་བྱས་པ་རེད་པ། མ་བརླག་བྱས་སྒང་ག་ལེབ་ལེབ་ཆགས་ཀྱི་འདུག
- ཁད་སྤྱིར་བཏང་རྒན་ལགས་དེ་རེད་བཞག བརྐོས་རྒྱག་མཁན་བརྐོས་ཟེར་བསླབས་པ་མ་གཞི། རི་མོ་དམིགས་བསལ་ཞེ་དྲག་སློབ་ཀྱི་ཡོའོ་མ་རེད། ད་སོ་སོས་རིག་པ་ཡག་པོ་ཡོད་ན་མི་རི་མོ་ཡའི་འབྲི་ཤེས། བརྐོས་ཡའི་སོ་སོས་རྒྱབ་བྱས་པ་དེ་ཚོ་ཡིན་ན། ཨ་ནི་སྣང་དག་མི་འདུག
- ཁགཞི་མ་གཞི་བརྐོས་པ་ཨོའོ་ཙམ་འདྲ་གཅིག་ཡོད་པ་ཡིན་ནའི་ཡང་རི་མོ་དེ་གཅིག་ལ་ཡ་འབྲི་རྒྱུ་བསྐྱལ་ག་འགྲོ་དགོས་ཀྱི་འདུག་ག ཨ་ནི་རྒྱས་པ་འདྲ་དེ་འདྲས་མཆོད་གཤོམ་དང་རི་མོ་རྒྱས་པོ་ཞེ་པོ་དེ་འདྲས་དགོས་ཡོད་ཟེར་ན། ཨ་ནི་ལྷ་རིས་པའི་སར་བསྐྱལ་རྒྱུ་རེད་འདུག་གང་།
- ཀལགས་རེད།
- ཁཨ་ནི་ལྷ་རིས་པར་བསྐྱལ་པ་ཡིན་ན་ཡང་ཤིང་གི་ཁོའི་རྩ་ཡི་འགྲོ་སྟངས་དང་། རི་མོ་ཕར་ཚུར་སྦས་ཡས་དེ་ཧ་མི་གོ་པ་བྱས། ད་ག་རེ་རེད་ཟེར་ན།
- ཁལོ་མ་ཅིག་རྒྱབ་པ་ཡིན་ན། ང་ཚོའི་ད་ལྟ་གཤགས་མཁན་དེ་ཚོ་ཡིན་ན། ཤིང་གི་འཕྲེད་ལ་ཕར་ལོ་མ་ཟེར་ཡས་དེ་སྤྱིར་བཏང་ནས་ཉུང་ཉུང་རེད། འཕྲེད་ལ་ཕར་རྐང་དེ་འདུག་ཟེར་ཕར་བྱས་པ་ཡིན་ན། ཁོ་ཆགས་འགྲོ་གྱི་རེད་པ། རོང་ཡིས་ཏོན་རེད་༼རྒྱ་སྐད་ཀྱི་སྒྲ་༽འདུག་ཟེར་ཕར་ཤིང་གི་རྩ་བཅད་བཞག་དུས།
- ཁཨ་ནི་ཅིག་གི་འཕྲེད་ལོག་ཙམ་ལོག་ཙམ་ལོ་མ་དང་སྒང་ག་ལོགས་ཤིང་གི་གཞུག་ལ་མར་གཞུང་ལོགས་ཙས་བྱས་བྱས་བཟོས་པ་ཡིན་ན། བཟོ་མཁན་དེ་ཡའི་བཟོ་བདེ་པོ་བྱས། ཨ་ནི་ཁོ་འཕྲེད་ལ་ཕར་དཔེར་ན་ལོ་མ་འདི་འདུག་བཟོ་ཕར་བྱས་ན། ཤིང་གི་འཕྲེད་ལ་བྱས་ན་བཟོ་ཁག་པོ་ཞེ་པོ་འདུག ད་ཤིང་གི་གཞུང་ལོགས་ཙམ་བྱས་པ་ཡིན་ན། ཨ་ནི་ཏོག་ཙམ་དེ་བྱེད་པོ་འདུག རྒན་ལགས་དེ་བར་ཞ་སྨྱུག་ཡོད་ནམ།
- ཀཞ་སྨྱུག་ཟེར་ད་ཁྱེད་རང་འགུག་ཨ་ཡོད་དེ་ཡོའོ་རེད། ཨོའོ་རེད་ཨོའོ་རེད། གཡུགས་གཞོག་ད་ཁོ་མཐོང་གི་ནི་མ་རེད།
- ཁད་འདུག་བཟོ་བྱས་པ་རེད་པ། ཨོའོ་དེ་ཤིང་གི་གཞུང་ལ་ཡ་འདུག་བཟོ་མེ་ཏོག་འདྲ་ཅིག་ལོ་མ་འདུག་བཟོ་མར་གཞུང་ལ་ལོགས་ཙམ་བྱས་པ་རེད་པ། ཡག་ག་ཡོད་ས་རེད།
- ཀཡག ཨོའོ་ཡག པིང་སིན་གཅིག་འདུག་གམ། ལྟོས་དང་། འདིར་པིང་སིན་འདུག་གམ།
- ཁད་ཤིང་བཟོ་རྙིང་པ་ཞེ་དྲག་ལྷག་མ་སོང་།
- ཀམི་འདུག་གས་ད།
- ཁད་ངའི།
- ཀད་དེ་ཡིན་ད། དེ་རིང་ང་རང་ཚོས་རྒན་ངག་རྣམ་ལགས་གདན་འདྲེན་ཞུས་བྱས། གཙོ་བོ་ཡིན་ན་བོད་ཀྱི་ནང་ཆས་ཐོག་ཅིག་རག་ཙམ་ཅིག་ངོ་སྤྲོད་གནང་རོགས་གནང་ཞུ་ཡས་ཡིན་ད།
- ཀགཙོ་བོ་དེ་ཡིན། དང་པོ་ཆ་བཞག་ན་ད་ང་རང་ཚོ་ཅིག་ལྔ་བཅུ་ལྔ་བཅུ་ང་དགུ་གོང་གི་ཅིག་ག་རེ་ཟེར་དགོས་རེད། ཅིག་ནང་ཆས་བཟོ་སྟངས་ཅིག་ཡོའོ་རེད་པ། དེ་དང་ཡང་ལྔ་བཅུ་ང་དགུའི་གཞུག་གུ་ཅིག་ལྷག་པར་དུ་རིག་གནས་གསར་ལ་རིག་གནས་གསར་བརྗེའི་མཇུག་ལ་དེ་ནང་ཆས་ཐོག་ལ་འཕེལ་རྒྱས་ཕྱིན་པ་དང་།
- ཁལགས་ལགས། ད་ངས་ཞེ་པོ་ཞེ་པོ་ཅིག་ཤེས་ཀྱི་མ་རེད་ད། ངས་སྔོན་མ་ཤིང་བཟོ་རོབ་ཙམ་འདྲ་གཅིག་བྱས་པ་རེད་པ། ད་གཞུག་གུ་ཡ་ད་ལྟ་ཤིང་བཟོ་མ་བྱས་པར། ད་ལོ་ཉི་ཤུ་རྩ་བདུན་ཙམ་ཅིག་འགྲོ་ཡི་འདུག་ག རེད་པ། རྒན་ལགས་ང་ཚོ་སྔོན་མ་དེ་ཞུས་ནས་བྱས། བྱས་ཡོའོ་མ་རེད། ད་ངས་ག་རེ་ཟེར་ན་ང་རང་གིས་ཨ་ལས་ཤེས་ཚོད་འདྲ་ཅིག་ཞུས་པ་ཡིན་ན།
- ཁདཔེར་ན་སྔ་མོའི་ང་རང་ཚོ་བོད་པའི་ད་ཟིང་འཁྲུགས་གོང་གི་ཆ་སྒམ་དང་། མཆོད་གཤོམ་དང་ཅིག་བྱས་ཟེར་ཡས་དེ་ཚོ། སྤྱིར་བཏང་ནས་ང་རང་ཚོ་མི་སེར་ནང་ལ་ཡིན་ན། ཆུང་ཆུང་འདྲ་ཅིག་རྐྱང་རྐྱང་རེད་འདུག་ག
- ཀཨོའོ་རེད། ཨོའོ་རེད། ཆུང་ཆུང་།
- ཁཆ་སྒམ་ཡིན་ནའི་ད་དཔེར་ཆ་བཞག་ན། ཆ་སྒམ་ཟེར་མཁན་དེ་ཁོ་མཆོད་གཤོམ་འོག་ལ་ཡ། ཆ་སྒམ་མ་གཞི་ཡང་དཔེ་སྒམ་རྒྱག་ཡས་ལུགས་སྲོལ་ཟེར་ཡང་ཞེ་དྲག་མི་འདུག་ག
- ཀརེད་པ། ཏག་ཏག་རེད། རེད་པ།
- ཁག་རེ་ཟེར་ན། ཆ་སྒམ་ཆ་གཅིག་བྱས། ཨ་ནི་དེའི་སྒང་དེར་མཆོད་གཤོམ་གཅིག་རྒྱབ། ཨ་ནི་དཔེ་སྒམ་ཟེར་དུས། སྤྱིར་བཏང་ནས་བྱས་ན། དཔེ་སྒམ་ཟེར་ཡས་དེ། དཔེ་ཆ་བླུགས་སའི་བཟོ་འདྲ་ཅིག་དང་། ཡང་མིན་ན་དཀར་ཡོལ་བླུགས་སའི་བཟོ་འདྲ་ཅིག ཁོའི་སྒོ་དའི་ཤེལ་སྒོ་འདྲ་ཅིག་བསྒྲིག་བྱས་བྱས་སྙིང་རྗེ་པོ་འདྲ་ཅིག་བྱས་བྱས།
- ཁད་ཕྱིས་སུ་ཟིང་འཁྲུག་ལངས་ག་ལ་མོ་དེ་བར་ཡང་དེ་ཚོ་མི་ཡར་རྒྱས་འདྲ་ཅིག་ཕྱིན་བྱས། སྙིང་རྗེ་རུ་ཕྱིན་པ་དང་དེ་འདྲས་ཞེ་དྲག་འདུག་གང་། ད་ད་ལྟ་སྤྱི་ཚོགས་སྒང་ལ་ཡ་སྔ་མོའི་ཆ་སྒམ་ལ་དཔེ་བལྟས་བྱས། ཤིང་རྙིང་པ་དེ་འདྲས་བྱས་དེ་ང་རང་ཚོ་སྐྱིད་རས་བར་དེ་བར་བཟོ་ཡི་འདུག་ག ཞེ་པོ་ཅིག་བཟོས་བྱས་ད་དེ་སྔ་མ་རང་གི་ཆེ་ཆུང་དེ་བྱས་བྱས། ད་སྔ་མོའི་དེ་ཅིག་ནས་ཁང་པ་ཁོ་ཡའི་ཆེ་པོ་ཞེ་པོ་མེད་ཙང་བྱེད་ཀྱི་ཡོད་པ་འདྲ།
- ཁད་ད་ལྟ་མི་ཁང་པའི་ཆ་རྐྱེན་ཡག་དུ་ཕྱིན་བྱེད་དུས། ཆ་སྒམ་མཐོ་རུ་ཕྱིན་ཆེ་རུ་ཕྱིན་ཨ་ནི་སྒོ་དང་ཅིག་དག སྔ་མོ་ཡིན་ན་སྒོ་འདུག་ཟེར་བཞི་བསྒྲིག་འདྲ་ཅིག་བྱས་བྱས།
- ཀཏོག་ཙམ་ད་དེ་ཤིང་དེ་བྱས་མེད་འགྲོ་སྔོན་མ་བྱས་ན། ཤིང་དེ་དཀོན་པོ་རེད་པ།
- ཁད་ཤིང་མང་ཆེ་བ་སྔ་མ་དེ་འདྲས་གློག་གཤགས་རྒྱབ་པ་དང་། དེ་འདྲས་ཞེ་དྲག་ཡོའོ་མ་རེད་པ། སྒང་ག་ལོགས་ལག་གཤགས་ཁོ་ར་རྒྱབ་བསྡད་རྒྱུ་རེད་པ། ཨ་ནི་དེ་འདྲས་སོང་ཙང་ཁག་ཙ་འདྲ་ཅིག་ཡོད་པ་འདྲ་འདུག་ག དེ་ཆུང་ཆུང་འདྲ་ཞིག་ཅིག་རེད་བཞག
- ཁད་ད་ལྟ་ཆ་སྒམ་ཟེར་ཡས་དེ་ངས་གོ་ཐོས་ལ། རྒན་ལགས་དེ་ཟེར་གྱི་འདུག་ག སྔ་མོ་བོད་ལ་ཡ་ཆ་སྒམ་ཟེར་ཡས་དེ་དང་པོ་ཕལ་ཆེར་རྒྱ་ནག་ནས་ཡར་དར་བ་མིན་འགྲོ་བསམ་གྱིས་ག་རེ་ཟེར་ན།
- ཁཆག་སྒོའི་སྒམ་རེད་ཟེར་གྱི་འདུག་ག ཆ་སྒམ་ཟེར་ཡས་དེ། དེ་ཨ་ནི་ག་རེ་ཟེར། ཆ་སྒམ་དེ་འདྲས་མ་ནས་ཡར་ཆ་སྒམ་ནང་ལ་མི་བླུབས་བྱས། རྔ་མོང་བཟོ་འདྲས་སྒང་ལ་མི་བླུགས་བྱས་འཁྱེར་ཡོང་། དམག་འདྲ་ཅིག་གི་སྐབས་ལ་ཡ་རྒྱ་མིའི་དམག་འདྲ་ཅིག་སྔ་མོ་ཡར་ཡོང་དུས། ཨ་ནི་ཨེ་འདྲས་ཅིག་སྒང་ནས་དེའི་ནང་ལ་མི་འདྲ་ཅིག་བླུགས་ཡོང་བྱས། ཨ་ནི་ཅིག་གི་དམག་འདྲ་ཅིག་རྒྱབ་དེ་འདྲས་ཀྱི་བྱས་བྱས་ཆག་སྒོའི་སྒམ་ལ་བརྩི་ཡས་ཆ་སྒམ་ཟེར་ཡས་དེ་། ཆག་སྒོའི་སྒམ་འདྲ་ཅིག་ཟེར་གྱི་འདུག་ག་མི།
- ཀད་དེ་དེ་རིང་མ་གཏོགས་གོ་མྱོང་མེད།
- ཁདེ་འདྲས་འདྲ་ཞིག་ཅིག་ཟེར་གྱིས་ང་ཚོའི་སྔོན་མ་རྒན་པ་དེ་ཚོས་ཨེ་འདྲས་ཟེར་གྱི་འདུག་ག
- ཀལགས་སོ། ཆག་སྒོའི་སྒམ།
- ཁད་ཡིན་ན་ལའི་དེའི་ནང་ཕལ་ཆེར་རྔ་མོང་སྒང་ལ་ཆ་སྒམ་དེ་འདྲས་ཆ་གཡས་གཡོན་ལ་བསྐལ་ཡོང་། ཨ་ནི་དེའི་ནང་མི་འདྲ་ཅིག་བླུགས་བྱས་ཡོང་། ཨ་ནི་འདུག་ཟེར་བལྟ་དུས་མི་ཟེར་གའི་མེད་པ་སེམས་ཅན་འདྲ་ཅིག་བྱས། འཁྲིས་ལ་སླེབས་དུས་ཨ་ནི་དམག་དམག་མི་མང་པོ་དོན་ཡོང་དུས་ཨེ་འདྲས་ཅིག་མིན་འགྲོ།
- ཁཨེ་འདྲས་འདྲ་ཅིག་ཡིན་པ་འདྲ། ཨེ་འདྲས་འདྲ་ཅིག་རེད་འདུག་ག ད་དཔེ་སྒམ་ཟེར་ཡས་དེ་ནི་མང་ཆེ་བ་ད་དཀར་ཡོལ་བླུགས་སའི་བཟོ་འདྲས་ཅིག ང་རང་ཚོའི་རེད་པ་ལ་དཔེ་ཆ་བཞག་ས་བཟོ་འདྲ་ཅིག དཀར་ཡོལ་བླུགས་སའི་བཟོ་འདྲ་ཅིག ཨ་ནི་མཇུག་གུ་དཔེ་སྒམ་སྒང་ལ་ཡང་སྒྲོམ་སྐྱོར་བཏང་བྱས། འདུག་ཟེར་སྙིང་རྗེ་པོ་འདྲ་ཅིག་ཨེ་འདྲས་བཏང་འདུག་ག དེ་ཚོ་ད་དཔེ་སྒམ་ཟེར་ཡས་དེ་སྤྱིར་བཏང་ད་ཆ་བཟོ་མཁན་ཡོའོ་མ་རེད། ཡ་གཅིག་བཟོས། ཆ་སྒམ་ཆ་གཅིག་བཟོས་དཔེ་སྒམ་ཡ་གཅིག་བཟོས་བྱེད་ཀྱི་འདུག་ག་ལ།
- ཀལགས་སོ། ད་ཤིང་དེ་སྔོན་མ་ང་རང་ཚོ་མང་ཆེ་བ་དེ་ཆ་སྒམ་དང་དཔེ་སྒམ་དེ་ཚོ་སྒང་ག་ཇར་པ་མིན་འགྲོ་བཟོ་ཡས་ཤིང་།
- ཁཇར་པའི་འདུག་ལགས། མང་ཆེ་བ་གསོམ་གསོམ་རེད་པ། རེད་བཞག ཕ་ནས་ཚུར་ཀོང་པོ་དང་ཕ་ནས་ཚུར་ལྷོ་བྲག་ངོགས་ནས་ཐོན་པའི་པང་ལེབ་འདུག་བཟོ་གཤགས་བཞག་སྐྱོག སྟ་རེས་གཤགས་བཞག་པ་ཅིག་མི་འདུག་གས། ཨོའོ་དེ་མང་ཆེ་བ་རེད་འདུག་གང་ལ་ཤིང་།
- ཀཤིང་དང་ཤུན་པོ་ག་རེ་ཟེར་སྤྱིར་བཏང་གསོམ་མ་གཏོགས་ཇར་པ་མ་གཏོགས་གཞན་དག་བཟོ་ཡན་ཡོའོ་མ་རེད་པ། གཞན་དག་ཤིང་གཞན་དག་ཤིང་ཟེར་ཡོའོ་མ་རེད་པ།
- ཁགཞན་དག་ཤིང་ཟེར་ད་བོད་རང་ལ་ཡ་ཅིག་དེ་འདྲས་མཁྲེགས་ཤིང་དེ་མཁྲེགས་པོ་དང་དེ་འདྲས་ཡོད་ཡས་དེ་ཡོའོ་རེད། ད་ལའི་ཞེ་པོ་དེ་འདྲས་ཆ་སྒམ་དེ་འདྲས་བཟོ། དང་དོད་བྱས་བཏང་མཁན་ད་མཇུག་གུ་དེ་བར་མ་གཏོགས་ཡོང་ག་མི་འདུག་ག་ལ། ཨ་ནི་ཆ་སྒམ་ཡིན་ནའི་དེང་སང་མཁྲེགས་པོ་དང་། ཤུག་པ་དང་དེ་འདྲས་ཀྱིས་བཟོ་ཡི་འདུག་ག སྟར་ག་སྟར་སྨུག་དང་ད་སྟར་ག་སྟར་སྨུག་དེ་སྔ་མོ་ནས་བཟོ་མཁན་ཞེ་དྲག་ཡོའོ་རེད་ཡང
- ཁརྒྱ་ཅོག་དང་དེ་འདྲས་ཅོག་ཙེ་དང་དེ་འདྲས་སྟར་སྨུག་གི་ཅོག་ཙེ་ཞེ་དྲག་ཡོང་གི་འདུག་ག ད་དེ་ཚོ་ཁག་ཅིག་རྒྱ་ནག་གི་རྒྱ་བཟོ་རྒྱ་བཟོ་བལྟས་བྱས་བཟོས་བཞག་པ། དེ་ཚོ་ཁག་གཅིག་སྙིང་རྗེ་པོ་བྱས། ཨ་ནི་སྟར་ག་སྟར་ག་སྨུག་དེ་ཚོ་བཏང་དུས། སྒང་ནས་ཡག་པོ་ཞེ་པོ་འདུག
- ཁང་ཚོའི་སྔོན་མ་ང་ཚོའི་གྲོང་པོ་དེའི་ཡ་དེ་ཅིག་ཡོའོ་རེད་ཡིག་བསྒྱུར་ཁ་ཆེའི་ཡིག་བསྒྱུར་དེ་འདྲས་སྤྱི་ཚོགས་རྙིང་མའི་སྒང་ལ་ཡིག་བསྒྱུར་ཅིག ཁོང་ཚོའི་གཟིམ་ཁང་ཡ་ཅཱ་ཅུས་༼རྒྱ་སྐད་ཀྱི་སྒྲ་བོད་སྐད་དུ་ནང་ཆས་༽དེ་འདྲས་ཡོའོ་རེད།
- ཁདེ་ཚོ་སྒང་ག་ལོགས་དེ་རེད་བཞག སྟར་སྨུག་གི་བཟོས་དེ་འདྲས་རྐྱང་རྐྱང་རང་ཚོའི་རྒྱ་ནག་ནས་བྱས་ན་ག་རེ་ཟེར་ཧུང་མུག་གི་ཅཱ་ཅུས་ཀྱི་བཟོ་འདྲ་ཞིག་བྱས་བྱས། དེ་ཚོའི་སྟར་སྨུག་བྱས་ཟུར་དེ་ཚོ་སྒོར་སྒོར་བཟོས་བྱས་ཡག་པོ་ཞེ་པོ་དེ་འདྲས་ཡོའོ་རེད། ང་ཚོའི་གྲོང་པོ་དེ་ཚོ་ཨོའོ་དེ་ཚོ་ད་ལྟ་ཡ་ཅིག་གཅིག་ང་ཚོའི་ནང་ལའི་བསྡད་ཡོད། ཁོ་རྣམ་ཚོས་གནང་བྱས། ཡག་པོ་ཞེ་དྲག་འདུག་དེ་ཚོ་རྒྱ་བཟོ་བྱས་བྱས་བཟོས་བཞག་འདུག་གང་།
- ཀཨ་ལས་འོང་རྒྱ་བཟོ་བྱས་བྱས།