Skip to main content Skip to search
15 Dec 2011
3 min 34 sec
Video Overview
Creators: 
Unknown

An interview with a local man on the history of Uru Zhé Temple.

该寺建于吐蕃王朝时期,据说吐蕃赞普赤松德赞和莲花生及寂静大师亲自为该寺开光。该寺拥有一千二百年的历史,主要的供品有一石碑。该寺在文化革命时期遭受严重灾难。 该寺拥有一千二百年的悠久的历史,文化革命时遭受严重灾难。

Transcript search
No results found for this search
0 of 0
  • ཚེ་རིང་དབང་འདུས
    ད་དགོན་པ་དེ་ཕྱག་བཏབ་ནས་ལོ་ངོ་གཉིས་སྟོང་ཆིག་སྟོང་ཉི་བརྒྱ་ལྷག་སོང་བ་རེད། ད་དགོན་པ་སྔོན་མ་ཕྱག་བཏབ་པའི་དུས་ཚོད་བྱས་ན་མྱ་སྤེན་བསྟན་འཛིན་བཟང་པོའི་དུས་སྐབས་ལ། མྱ་སྤེན་བསྟན་འཛིན་བཟང་པོའི་དུས་སྐབས་ལ་ཕྱག་བཏབ་ནས། རྒྱལ་བ་ཀློང་ཆེན་པའི། རྒྱལ་པོ་གླང་དར་གྱི་ཉམས་ཆག་གཏང་ནས། རྗེས་ལ་་ནི་རྒྱལ་བ་ཀློང་ཆེན་པས་ཕྱག་བཏབ་པ་རེད་ལ།
    da dgon pa de phyag btab nas lo ngo gnyis stong chig stong nyi brgya lhag song ba red/_da dgon pa sngon ma phyag btab pa'i dus tshod byas na mya spen bstan 'dzin bzang po'i dus skabs la/_mya spen bstan 'dzin bzang po'i dus skabs la phyag btab nas/_rgyal ba klong chen pa'i/_rgyal po glang dar gyi nyams chag gtang nas/_rjes la ni rgyal ba klong chen pas phyag btab pa red la/
  • ཚེ་རིང་དབང་འདུས
    རྒྱལ་བ་ཀློང་ཆེན་པས་ཕྱག་བཏབ་ནས། ཡར་ད་དའི་མཁན་སློབ་ཆོས་གསུམ་གྱི་གུ་རུ་རིན་པོ་ཆེས་དེ་གས་དགོན་པོ་མི་བསྡོད་ཀྱི་རབ་གནས་མཛད་པ་ལ་སོགས་པ། མི་བསྡོད་ཆར་པ་བབ་པ་ལ་སོགས་པ། དེ་ནི་དེ་ཡིན་ན་རིག་གནས་གསར་བརྗེའི་སྐབས་དའི་ཉམས་ཆགས་ཆེན་པོ་བྱུང་ནས། དགོན་པ་ཤུལ་མེད་ཙང་རྡོ་སྒང་ག་མར་ལུགས། དེ་འདྲས་བྱས་ནས་དེ་ནི་ཡར་རྒྱས་སྤྱི་ཚོགས་ཡར་རྒྱས་སོང་དུས། དགོན་པ་དེ་ཡར་ཆགས་ནས་ཉམས་ཆགས་བྱས་ཆགས་བཏབ་དུས། ཁང་པ་ཀ་བརྒྱད་བྱས་ཡར་རྒྱག་ཐུབ་པ། ང་ཚོ་མི་ཚང་བཞིས་སློང་མོ་རྒྱབ་པ་ལ་སོགས་པ་དེ་འདྲས་བྱས་ནས།
    rgyal ba klong chen pas phyag btab nas/_yar da da'i mkhan slob chos gsum gyi gu ru rin po ches de gas dgon po mi bsdod kyi rab gnas mdzad pa la sogs pa/_mi bsdod char pa bab pa la sogs pa/_de ni de yin na rig gnas gsar brje'i skabs da'i nyams chags chen po byung nas/_dgon pa shul med tsang rdo sgang ga mar lugs/_de 'dras byas nas de ni yar rgyas spyi tshogs yar rgyas song dus/_dgon pa de yar chags nas nyams chags byas chags btab dus/_khang pa ka brgyad byas yar rgyag thub pa/_nga tsho mi tshang bzhis slong mo rgyab pa la sogs pa de 'dras byas nas/
  • ཚེ་རིང་དབང་འདུས
    དེའི་རྗེས་ལ་ཡར་རྦད་དེ་ཁམས་ངོས་ཀྱི་བླ་མ་ཡ་ཨམ་རྫོང་སྤྲུལ་སྐུ་དཔལ་ལྷ་ཟེར་ཡས་ཅིག་ཕེབས་ནས། ད་སྟེང་འོག་བར་གསུམ་ལ་རྦད་དེ་ཉམས་གསོ་བྱེད་ཡས་ལ་སོགས་པ་དེ་འདྲས་གཅིག་རེད་པཱ། ད་ལོ་རྒྱུས་ཁོ་འདྲ་ཞིག་པོ་ཞུ་ཐུབ་མ་སོང་།
    de'i rjes la yar rbad de khams ngos kyi bla ma ya am rdzong sprul sku dpal lha zer yas cig phebs nas/_da steng 'og bar gsum la rbad de nyams gso byed yas la sogs pa de 'dras gcig red pA/_da lo rgyus kho 'dra zhig po zhu thub ma song /
  • ཚེ་རིང་དབང་འདུས
    དེ་ནི་ས་ཆ་ཁོ་རའི་དབྱིབས་ལ་བལྟས་སོང་ན། མི་སྤགས་ཡང་གཞི་རྒྱངས་རྒྱབ་པ་ནང་བཞིན་ཞིག་དགོས་རེད། སྲིན་པོ་གན་རྒྱལ་ལོག་པ་དེ་འདྲས་ཅིག་གི་སྒང་དེར། དེ་ནི་སྟོད་ལ་ལྟས་ན་དབུ་རྩེ་ལ་ཡ་མགོན་ཁང་གི་བསྣན་པ་མགོ་དེ། སྨད་ལ་རྦད་དེ་ཚེ་དཔག་མེད་གེས་བསྣན་པ། ལག་གཉིས་ལ་རྦད་དེ་མཁན་སློབ་ཆོས་གསུམ་གུ་རུ་རིན་པོ་ཆེ་ཡི་ལྷ་ཁང་། ཤར་ལ་གུ་རུ་རིན་པོ་ཆེ་ཡི་གཙོ་འཁོར་གསུམ། སྨད་ལ་རྦད་དེ་སྨན་ལྷ་བདེ་གཤེགས་ཀྱི་གཙོ་འཁོར་གསུམ། ཨེ་འདྲས་ཅིག་ཕྱག་བཏབ་པ་རེད། སྔོན་མའི་ལོ་རྒྱུས་བྱས་ན།
    de ni sa cha kho ra'i dbyibs la bltas song na/_mi spags yang gzhi rgyangs rgyab pa nang bzhin zhig dgos red/_srin po gan rgyal log pa de 'dras cig gi sgang der/_de ni stod la ltas na dbu rtse la ya mgon khang gi bsnan pa mgo de/_smad la rbad de tshe dpag med ges bsnan pa/_lag gnyis la rbad de mkhan slob chos gsum gu ru rin po che yi lha khang /_shar la gu ru rin po che yi gtso 'khor gsum/_smad la rbad de sman lha bde gshegs kyi gtso 'khor gsum/_e 'dras cig phyag btab pa red/_sngon ma'i lo rgyus byas na/
  • ཚེ་རིང་དབང་འདུས
    ད་ས་གཞིའི་དབྱིབས་ཁོ་འདྲ་བཤད་པ་ཡིན་ན། ཤར་རི་སྟག་གསུམ་ཆིབས་པ་གཅིག་དགོས་རེད་ཟེར། སྟག་གསུམ་ཆིབས་པ། བྱང་རི་སོག་དམག་ཕྱིན་པ་གཅིག་དགོས་རེད། ཟེར། ལྷོ་རི་ཡང་གླང་ཆེན་ཡུལ་དུ་གཤེགས་པ་གཅིག་དགོས་རེད། ཟེར། ནུབ་རི་བདུད་དཔུང་གཅིག་དགོས་རེད། ཟེར། ཆིག་དགུ་རབ་འབྲིང་དཀྱིལ་འཁོར་ཅིག་པ་རེད་གསུངས་ཀྱི་རེད་ལ།
    da sa gzhi'i dbyibs kho 'dra bshad pa yin na/_shar ri stag gsum chibs pa gcig dgos red zer/_stag gsum chibs pa/_byang ri sog dmag phyin pa gcig dgos red/_zer/_lho ri yang glang chen yul du gshegs pa gcig dgos red/_zer/_nub ri bdud dpung gcig dgos red/_zer/_chig dgu rab 'bring dkyil 'khor cig pa red gsungs kyi red la/
  • སྐད་ཆ་དྲི་མཁན
    རྟེན་གཙོ་བོ་ག་རེ་ཡོའོ་རེད།
    rten gtso bo ga re yo'o red/
  • ཚེ་རིང་དབང་འདུས
    རྟེན་གཙོ་བོ་དེ་ཡིན་ན། ད་སྔོན་མ་བྱས་པ་ཡིན་ན་དབུ་རྩེ་ལ། དབུ་རྩེ་ལྷ་ཁང་དེ་ཡུལ་ཤ་ན་གཤེགས་བདེ་བཞིན་གཤེགས་པའི་གཟུགས་བརྙན་ཅིག་གཏེར་ལས་སྟོན་པ་རེད་པ། དེ་ནས་རིག་གནས་གསར་བརྗེའི་སྐབས་དེར་བརླགས་གཏོར་ལ་སོང་པ་ལ་སོགས་པ་བྱས། ཨ་ནི་ད་རེ་ཤུལ་བཞག་གི་རྟེན་གཙོ་བོ་དེ། རྡོ་རིང་དེ་འདྲས་ཅིག་དེ་ནས་དམ་ཆེན་གྱི་ཐོར་བ་ཅིག་བྱས། དམ་ཆེན་ར་བོའི་ཞབས་རྗེས་ལ་སོགས་པ། གུ་རུ་རིན་པོ་ཆེ་ཡི་ཕྱག་ཁང་ཅིག་དེ་གས་རྟེན་གཙོ་བོ་ཡིན་ལ།
    rten gtso bo de yin na/_da sngon ma byas pa yin na dbu rtse la/_dbu rtse lha khang de yul sha na gshegs bde bzhin gshegs pa'i gzugs brnyan cig gter las ston pa red pa/_de nas rig gnas gsar brje'i skabs der brlags gtor la song pa la sogs pa byas/_a ni da re shul bzhag gi rten gtso bo de/_rdo ring de 'dras cig de nas dam chen gyi thor ba cig byas/_dam chen ra bo'i zhabs rjes la sogs pa/_gu ru rin po che yi phyag khang cig de gas rten gtso bo yin la/
  • སྐད་ཆ་དྲི་མཁན
    མཆོད་རྟེན་དེ་ག་རེ་རེད།
    mchod rten de ga re red/
  • ཚེ་རིང་དབང་འདུས
    མཆོད་རྟེན་གཙོ་བོ་ད་ཕྲ་མེན་དེ་དབུས་ཀྱི་མཆོད་རྟེན་དེ་ཕྲ་མེན་མཆོད་རྟེན་ཟེར་འདྲ་རེད། ཀླུ་མི་བཟོ་ཅན་གྱི་དམ་ལ་བཏགས་ས། ཀླུ་མི་བཟོ་ཅན་གྱི་དམ་ན་བཏགས་པ་རེད། ཕྲ་མེན་མཆོད་རྟེན་ཟེར་དགོན་པའི་རྟེན་གཙོ་བོ་ཅིག་དེ་རེད་ལ། རིའི་ཁོག་དེ་ལ་ཡ་མཆོད་རྟེན་དེ་ལ་ཡ་རྩིས་ཁང་པ་ཟེར་འདྲ་རེད།
    mchod rten gtso bo da phra men de dbus kyi mchod rten de phra men mchod rten zer 'dra red/_klu mi bzo can gyi dam la btags sa/_klu mi bzo can gyi dam na btags pa red/_phra men mchod rten zer dgon pa'i rten gtso bo cig de red la/_ri'i khog de la ya mchod rten de la ya rtsis khang pa zer 'dra red/
  • སྐད་ཆ་དྲི་མཁན
    དེ་ག་རེ་རེད་ལ།
    de ga re red la/
  • ཚེ་རིང་དབང་འདུས
    དེ་ཡིན་ན་ཅི་ཟེར་དགོས་རེད། དགོན་པ་དེའི་འདིའི་རི་དེ་ཆུ་སྐྱོངས་ཀྱི་དེའི་ཁ་སྣོན་གྱི། ད་དེའི་གླང་ཆེན་དེའི་ཁ་སྣོན་རེད་ལ། ཕྱོགས་བཞི་ལ་ཡ་རྦད་དེ་མཇལ་ཁ་བཞི་ཕྱོགས་ཀྱི་དུར་ཁྲོད་བཞི་པོཟེར་དགོས། ཕྱོགས་བཞི་ལ་དེ་དུར་ཁྲོད་བཞི་དང་བྱས། མཆོད་རྟེན་བཞི། མཆོད་རྟེན་བྱས་ན་དེའི་ལུང་པའི་ག་རེ་ཟེར། དེའི་ཕར་སྣང་བྱས་འདིའི་ཕྱོགས། མཆོད་རྟེན་ཅན་དེ་རིའི་འདིའི་ད་དམའ་དེའི་ཁ་སྣོན་བྱས། གཅིག་འདིའི་འདི་རུ་བདུད་དཔུང་དཀྱིལ་འཁོར་ཟེར་ཡས་དེའི་ཁ་སྣོན་བྱས་དེ་འདྲས་རེད་ལ་ཕྱོགས་བཞི་ལ།
    de yin na ci zer dgos red/_dgon pa de'i 'di'i ri de chu skyongs kyi de'i kha snon gyi/_da de'i glang chen de'i kha snon red la/_phyogs bzhi la ya rbad de mjal kha bzhi phyogs kyi dur khrod bzhi pozer dgos/_phyogs bzhi la de dur khrod bzhi dang byas/_mchod rten bzhi/_mchod rten byas na de'i lung pa'i ga re zer/_de'i phar snang byas 'di'i phyogs/_mchod rten can de ri'i 'di'i da dma' de'i kha snon byas/_gcig 'di'i 'di ru bdud dpung dkyil 'khor zer yas de'i kha snon byas de 'dras red la phyogs bzhi la/
  • སྐད་ཆ་དྲི་མཁན
    རྡོ་རིང་དེ་ཚོ།
    rdo ring de tsho/
  • ཚེ་རིང་དབང་འདུས
    ད་རྡོ་རིང་དེ་གཙོ་བོ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དུས་སྐབས་ལ་དགོན་པ་ཕྱག་བཏབ་པ་དེ་ལོ་རྒྱུས་རེད་པ་ལ་ཆ་ཚང་བྲིས་བཅུག་པ་རེད་ལ། འདི་ད་གུ་རུ་རིན་པོ་ཆེ། འབྲུག་པ་པད་གྲུབ་ཕེབས་པ་ནས་བྱས། བོད་ཀྱི་གླང་གི་ལོ་ལ་ཕྱག་བཏབ་རྒྱབ་རེད། དེ་རྡོ་རིང་དེ།
    da rdo ring de gtso bo rgyal po khri srong lde btsan dus skabs la dgon pa phyag btab pa de lo rgyus red pa la cha tshang bris bcug pa red la/_'di da gu ru rin po che/_'brug pa pad grub phebs pa nas byas/_bod kyi glang gi lo la phyag btab rgyab red/_de rdo ring de/
  • སྐད་ཆ་དྲི་མཁན
    ཞིབ་ཕྲ་གསུང་ཡས་མེད་པས།
    zhib phra gsung yas med pas/
  • ཚེ་རིང་དབང་འདུས
    ཞིབ་ཕྲ་ཟེར་གསུང་ཡས་མེད། ལགས།
    zhib phra zer gsung yas med/_lags/
  • སྐད་ཆ་དྲི་མཁན
    ག་རེ། ཁྱེད་རང་གི་དཀར་ཆག་ནང་ལ་མི་འདུག་གམ།
    ga re/_khyed rang gi dkar chag nang la mi 'dug gam/
  • ཚེ་རིང་དབང་འདུས
    དཀར་ཆག་ནང་ལོགས་ད་ཕ་གི་ཞིབ་ཕྲ་མི་འདུག ལགས།
    dkar chag nang logs da pha gi zhib phra mi 'dug_lags/
  • སྐད་ཆ་དྲི་མཁན
    ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོད་ན།
    khyed rang gi mtshan la ga re zhu gi yod na/
  • ཚེ་རིང་དབང་འདུས
    ངའི་མིང་ལ་ཚེ་རིང་དབང་འདུས་ཟེར་གྱི་ཡོད་ལ།
    nga'i ming la tshe ring dbang 'dus zer gyi yod la/
  • སྐད་ཆ་དྲི་མཁན
    ལོ་ག་ཚོད་ཡིན་པ།
    lo ga tshod yin pa/
  • ཚེ་རིང་དབང་འདུས
    ལོ་ཉི་ཤུ་གསུམ་བཅུ་བདུན་གསུམ་བཅུ་སོ་གཉིས་ཡིན། ལགས།
    lo nyi shu gsum bcu bdun gsum bcu so gnyis yin/_lags/
  • སྐད་ཆ་དྲི་མཁན
    འཁྲུངས་ཡུལ་ག་ནས་ཡིན་ནམ།
    'khrungs yul ga nas yin nam/
  • ཚེ་རིང་དབང་འདུས
    ལྕང་ར་ནས་ཡིན། ལགས།
    lcang ra nas yin/_lags/
  • སྐད་ཆ་དྲི་མཁན
    ལྕང་ར།
    lcang ra/
  • ཚེ་རིང་དབང་འདུས
    འོང་ལགས།
    'ong lags/