Skip to main content Skip to search
05 Jul 2018
3 min 11 sec
Video Overview
Creators: 
Norzin Lhamo

Ap Tukten of Gasel Tshogom Gewog sings a zhungdra that is an auspicious song popularly performed at that start of celebrations, gatherings or ceremonies. This song makes offerings to the upper, middle and lower realms.  People perform this song in arranged in one straight line with between five and twenty dancers. 

༉  དབང་འདུས་ཕོ་བྲང་རྫོང་ཁག་ དགའ་སེལ་ཚོགས་སྒོམ་རྒེད་འོག་ལས་ ཐུགས་བསྟན་གྱིས་ གཞུང་སྒྲ་རྙིང་ཤོས་ཅིག་ཨིན་མི་ བཞུགས་གྲལ་ནི་བ་དགའཝ་ཅིག་ཟེར་མི་འདི་ འཐེན་ནི་འདུག གླུ་གཞས་འདི་ དགའ་སྟོན་རྟེན་འབྲེལ་གྱི་སྐབས་ལུ་ ལེགས་པའི་ཕྱོགས་སུ་རྟེན་འབྲེལ་བཟང་བའི་སྒོ་ལས་འབད་ ཧེ་མ་སྟེང་ཕྱོགས་ལྷ་ཡུལ་ལུ་དང་ བར་ཕྱོགས་བཙན་ དེ་ལས་འོག་ཕྱོགས་ཀླུ་ཡུལ་ལུ་མཆོདཔ་ཕུལ་ཏེ་གིས་སྦེ་ བྱ་བ་ག་ཅི་བརྩམས་ཏེ་འབད་རུང་ རྐྱེན་བར་ཆད་མེད་པར་ལེགས་ཤོམ་འོང་བཅུག་ཟེར་ སྨོན་འདེབས་ཚུ་ཕུལཝ་ཨིན་མས། ཡོངས་གྲགས་ལུ་ མདའ་རྩེད་འགྲན་བསྡུར་གྱི་སྐབས་ལུ་ བཀག་རི་འགོ་དང་པ་ཕོག་པའི་སྐབས་ལུ་ གླུ་གཞས་གཞན་མ་འཐེན་པའི་ཧེ་མ་དང་པ་ར་ འ་ནཱི་གླུ་གཞས་འདི་འཐེན་སྲོལ་ཡོདཔ་ད་ གླུ་གཞས་འདི་ རྙིང་ཤོས་ཅིག་འབདཝ་ལས་ འབྱུང་ཁུངས་དང་བྱུང་རབས་ རྩོམ་པ་པོ་ཚུ་མི་ཤེས་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • ཐུགས་རྟེན་/ Thukten:
    ད་བློ་ཟེ་བློ་ཟེ་ཟེར་མི་འདི་ཏེ་ད་ དང་ཕུ་ ཏེ་རོགས་ཕམ་ཚུ་གི་སྐབས་ལུ་འབད་བ་ཅིན་ ཏེ་ཆོ་གུ་གཏང་ས་ལས་ཕར་ ཏེ་མི་དམངས་འཛོམས་ས་ལས་ཕར་ལུ་ ཏེ་དེ་ལསན་ཏེ་ གཅིག་གིས་གཅིག་ ཕོ་དང་མོ་ ཕོ་རྒས་དང་ཨམ་སྲུ་ གནམ་མེད་ས་མེད་ཏེ་ ང་རྒྱལ་གུ་བཀལ་ཏེ་གིས་ ཏེ་རྩོད་པ་འཕྱད་ནི་འདུག་ལགས།
  • ཐུགས་རྟེན་/ Thukten:
    ཏེ་རྩོད་པ་འཕྱད་དགོ་མི་གི་ཁུངས་འདི་ ཏེ་ང་བཅས་ར་ ཕོ་རྒས་ ལ་ལུ་ཅིག་རོགས་ ཕོ་དང་མོ་གཅིག་གིས་གཅིག་ལུ་ཏེ་ དགའ་བ་ཅིན་དགའ་བའི་ལོ་རྒྱུས་ ཏེ་མ་དགའ་བ་ཅིན་ མ་དགའ་བའི་དགྲ་ ཏེ་འ་ནཱི་སྦེ་སླབ་ནི་འདུག་ལགས།
  • ཐུགས་རྟེན་/ Thukten:
    ཏེ་ད་ཕོ་དང་མོ་སྦེ་འབད་བ་ཅིན་ ཏེ་རོགས་ཡང་ན་ ཧེ་མ་ཡར་ལས་མར་དགྲ་སྦེ་སླབ་ དེ་ལས་ལོག་མར་མཇུག་བསྡུ་རན་པའི་བསྒང་ལས་ གཉེན་སྦེ་སླབ་མི་ཡང་འདུག ཏེ་ལ་ལུ་ཅིག་ཡར་ལུ་ གཉེན་སྦེ་ མགོ་གཉེན་སྦེ་བཙུགས་པ་ཅིན་ མར་མཇུག་དགྲ་སྦེ་བཙུགས་ དགྲ་ལས་མཇུག་བསྡུ་སྦེ་འབད་ནི་འདུག་ལགས།
  • ཐུགས་རྟེན་/ Thukten:
    ཏེ་ད་བློ་ཟེ་འདི་ ཏེ་ད་རིས་ནཱ་ ད་གཅིག་གིས་གཅིག་ལན་སྦེ་རྐྱབ་པནི་ ཏེ་ནཱ་ང་ལུ་ལན་རྐྱབ་མི་མིན་ནུག ཏེ་ད་ང་གིས་ ཏེ་དུམ་གྲ་ཅིག་ཞུ་གེ་ལགས་ ཏེ་བློ་ཟེ།
  • ཐུགས་རྟེན་/ Thukten:
    རྒྱ་དུང་ས་ནོར་བུའི་གླིང་ལུ། །ནོརབུ་དུང་དཀར་བཞེངས་མི་མཆོད་རྟེན་འདི། །ཕྱི་སྐུ་དཀར་ཆར་པས་བཤལ་རུང་བཤལ། །གཟུངས་གཞི་སྤེད་ཀྱིས་བཟའ་རུང་བཟའ། །སྐུ་དཀར་ཆར་པས་བཤལནི། །སྐུ་དཀར་སྐུ་རང་བཞེངས་ནི། །གཟུངས་གཞི་སྤེད་ཀྱིས་བཟའནི། །གཟུངས་ཚབ་གཟུངས་རང་བཙུགས་ནི། །
  • ཐུགས་རྟེན་/ Thukten:
    རྒྱ་དུང་ས་ནོར་བུའི་གླིང་ལུ། །ནོརབུ་དུང་དཀར་བཞེངས་མི་མཆོད་རྟེན་འདི། །ཏེ་ ཆོས་བཀའ་འགྱུར་བསྟན་འགྱུར་ག་ར་ཚངམ་མས། །ནང་འབུམ་པོ་ཏི་བཅུ་གཉིསམ་མ་ཚངམ་མས། །འབུམ་པོ་ཏི་བཅུ་གཉིསམ་མ་ཚངམ་ལས། །སྒོམ་ཆེན་གསང་སྔགས་རྡོ་རྗེས། །ཤིང་[དལ་ཤིང་?]ཤིང་ཅིག་གཅད་སོང་ལོ། །
  • ཐུགས་རྟེན་/ Thukten:
    [དལ་ཤིང་?]ཤིང་ཅིག་གཅད་སོང་པ། །སྒོམ་ཆེན་གསང་སྔགས་རྡོ་རྗེས། །རི་ཕར་བཤལ་ཕར་རང་བཤལ་རུང་། །ཤིང་[དལ་ཤིང་?]ཤིང་དང་མཇལ་མ་ཚུགས། །རི་ཚུར་བཤལ་ཚུར་རང་བཤལ་རུང་། །ཤིང་[དལ་ཤིང་?]ཤིང་དང་མཇལ་མ་ཚུགས། །ཉིན་ཕྱེད་ལྟོ་བ་ལང་སོ་འདུག །
  • ཐུགས་རྟེན་/ Thukten:
    ཉིན་ཕྱེད་ལྟོ་བ་ལངམ་ལས། །ལྟོ་མཛར་སྐེ་ལས་ཕུད་དེ། །ལྟོ་ཕུད་བཞེས་ཅིག་ལྟོ་ཕུད་བཞེས། །ཤར་ཕྱོགས་རྒྱལ་པོ་ལྟོ་ཕུད་བཞེས། །ལྟོ་ཕུད་བཞེས་ཅིག་ལྟོ་ཕུད་བཞེས། །ནུབ་ཕྱོགས་རྒྱལ་པོ་ལྟོ་ཕུད་བཞེས། །ལྟོ་ཕུད་བཞེས་ཅིག་ལྟོ་ཕུད་བཞེས། །བྱང་ཕྱོགས་རྒྱལ་པོ་ལྟོ་ཕུད་བཞེས། །ལྟོ་ཕུད་བཞེས་ཅིག་ལྟོ་ཕུད་བཞེས། །ལྷོ་ཕྱོགས་རྒྱལ་པོ་ལྟོ་ཕུད་བཞེས། །
  • ཐུགས་རྟེན་/ Thukten:
    ལྟོ་མཛར་སྐེ་ལུ་དཔྱངས། །རི་ཡར་བཤལ་ཡར་རང་བཤལ་ཏེ། །ཡར་མཐོ་བའི་བྲག་ལུ་བལྟ་ཚེ། །ཤིང་[དལ་ཤིང་?]ཤིང་དང་མཇལཝ་མས་ལོ། །ཤིང་[དལ་ཤིང་?]ཤིང་དང་མཇལཝ་ལས། །སྒོམ་ཆེན་གསང་སྔགས་རྡོ་རྗེ་གིས། །ཕྱག་ཤན་བློ་ལས་འབལ། །ཤིང་[དལ་ཤིང་?]སྐེ་ལས་སྐྱོར། །[དལ་ཤིང་?]རྩཝ་ལས་བརྡབས་སོང་པར། །བྱ་ལེགས་པའི་གཡུ་རལ་བུ་ཁྲི་གིས། །ཚང་[བཅོ་ས་མེད་པ་བརྒྱ་བཞག་སྟེ?]། །ཤིང་[དལ་ཤིང་?]རྩེ་མོར་བཅག་ཆི་འདུག །
  • ཐུགས་རྟེན་/ Thukten:
    ཤིང་[དལ་ཤིང་?]རྩེ་མོར་བཅགཔ་ལས། །ཉོན་ཅིག་གསང་སྔགས་རྡོ་རྗེ། །གསོན་ཅིག་གསང་སྔགས་རྡོ་རྗེ། །ཟངས་ཀྲམ་བྲེ་གིས་འཇལ། །དངུལ་ཀྲམ་ཐུང་པ་ཅིན། །ཁྱོད་བྱོན་བྱོན་ས་ལས་བྱོན་སྨ་རེད། །ང་བྱ་ལེགས་པའི་གཡུ་རལ་བུ་ཁྲི་གིས། །ལྡིང་ལྡིང་གནམ་ལས་ལྡིང་སྟེ། །ཕར་དགོན་པའི་སྒང་སྟོད་དགོན་པ་ལུ། །བླམ་ལེགས་པའི་བསྟན་འཛིན་དོན་གྲུབ། །ཕྱག་དབང་ཁྱོད་ཀྱིས་སྐྱེལ་སྨ་རེད། །གསོལ་བཏབ་ང་རང་འབད་གེ །ཟེརཝ་མས་ལོ་ལགས།
  • ཐུགས་རྟེན་/ Thukten:
    བྱང་དགའ་ས་ལྕགས་ཀྱི་ཐོཝ་ལེ། །གོང་མོ་ལྕགས་ཀྱི་རལ་པ་བཅུ། །ཕར་ཚུར་དགྲ་དང་འཕྱདན། །ལྕགས་ཡང་གཞུ་འདེ་བཀུགཔ་ཨིན། །ཚུར་ཚུར་གཉེན་དང་འཕྱདནི། །རྡོ་ཡང་དྲོནམ་འདེ་བསྣད་ནི་ལོ། །འ་ནཱི་ཚུ་དགྲ་ཨིན་མས་ལགས། ཕར་རོགས་ལུ་དགྲ་སྦེ་དཔག་པའི་ལོ་རྒྱུས་ཨིན་མས་ལགས་ འ་ནཱི་ཚུ། ཕར་ལས་ལན་རྐྱབ་མི་ཡོད་པ་ཅིན་ དགྲ་སྦེ་གཏང་མས་ལགས།
  • ཐུགས་རྟེན་/ Thukten:
    བ་འདོད་ཡོན་མར་སྒོང་རྒྱལམོ་འདི། །ང་ཡུམ་ཆེན་ཨ་མའི་ཡུལ་ལས་ཨིན། །ཡུལ་ལས་མེདཔ་བཀའ་མིན་འདུག །ཨམ་ཇ་མར་བ་ལས་རེ་དགོ་པས། །ཆང་སུམ་ཆང་སྦང་སའི་ཁྲོ་ཅུང་འདི། །ང་ཡབ་ཆེན་ཨ་པའི་ཡུལ་ལས་ཨིན། །ཡུལ་ལུ་མེདཔ་བཀའ་མིན་འདུག །ཨཔ་བློ་རིག་ཆང་ལས་བཏོན་དགོ་པས་ལོ། །
  • ཐུགས་རྟེན་/ Thukten:
    ཤིང་ནགས་ཤིང་སྦུག་གི་ཁར་ཤིང་འདི། །རྩཝ་ས་ལས་སྐྱེས་ཚེ་ཕྲང་མི་ཕྲང་། །མགོ་ལུ་ལྷོད་ཚེ་གཡོ་ཆི་འདུག །ཤིང་གཡོ་བའི་ཁར་ཤིང་རང་མི་དགོ་ལོ། །
  • ཐུགས་རྟེན་/ Thukten:
    བཏགསམ་བཞི་བཀག་རྐྱབ་ཚེ་ལེགས་མི་ལེགས། །བྱི་ལེ་རྐྱབ་ཚེ་ཧོ་མི་ཧོ། །ཡར་ལྷ་ས་ཇོ་བོ་གི་སྒོ་ཤིང་། །གྱལ་མགོ་ཡེ་ཤེས་སྒྲོལམ་སྦེ། །གྱལ་མཇུག་དཔལ་ལྡན་ལྷམོ་སྦེ། །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་ཚུ། །ཀྲང་ཀ་རས་ཅུ་བཀབ་སྟེ། །སྙན་དར་ཟུར་ལས་ཕུལ་ཏེ། །ད་མོས་གུས་བརྒྱང་ལས་བསྐྱེད་སྨ་རེད་ལོ་ཟེར། །
  • ཐུགས་རྟེན་/ Thukten:
    ད་འ་ནཱི་ཚུ་ ད་ཕོ་སྐྱེས་ཀྱིས་ཨམ་སྲུ་ལུ་མ་དགའ་བའི་ལོ་རྒྱུས་ཨིན་མས་ལགས། ད་ཁྱོད་ང་ལུ་མི་དགོ ང་རོགས་ལུ་ ཏེ་གཞན་ལུ་དགའ་ནི་ཟེར་ ཁྱོད་ར་ང་ལུ་དགའ་ཚོར་བསྐྱེད་མི་དགོ ཏེ་ཁྱོད་ར་སྙན་དར་ཕུལ་ནི་ཡོད་རུང་ མོས་གུས་བསྐྱེད་ནི་ཡོད་རུང་ ཏེ་གཞན་ཁ་ལུ་བསྐྱེད་སོང་ ང་ལུ་བསྐྱེད་མི་དགོ་ཟེར་བའི་ལོ་རྒྱུས་སྦེ་ཨིན་མས་ལགས་འ་ནི་འདི།
  • ཐུགས་རྟེན་/ Thukten:
    ཆུམོ་གངས་ལས་འབབ་པའི་ཤར་ཤར་འདི། །ཆུམོ་ཁྱོད་ཡང་ང་རྒྱལ་མཐོ་སུ་མས། །མར་གསེར་ཤིང་ཨོ་མའི་རྫིང་ཁ་ལུ། །རྫིང་ང་ཡང་དཀྱིལ་འཁོར་བཟང་སུ་ཨིན། །ཆུམོ་ང་རྒྱལ་མཐོ་བའི་བྱངམ་ཕྱད་འདི། །རྫིང་དཀྱིལ་འཁོར་སྦོམ་པ་ལེན་གེ་ལོ། །
  • ཐུགས་རྟེན་/ Thukten:
    སྤང་དང་ནགས་ཀྱི་མཚམས་ལུ། །ཤིང་ང་ཡང་མཛེར་ཏོ་སྦོམ་སུ་ཨིན། །[དགའཝ་གྱང་ཀ་ལེགས་པའི་གདུང་ས་ན། །ཏབ་?]ཁྱོད་ཡང་ང་རྒྱལ་མཐོ་སུ་མས། །[ཏབ་?]ང་རྒྱལ་མཐོ་བའི་བྱངམ་ཕྱད་འདི། །ཤིང་མཛེར་ཏོ་སྦོམ་མ་ལེན་གེ་ལོ། །
  • ཐུགས་རྟེན་/ Thukten:
    ཁྱོད་གཡུས་ཀྱི་སྨན་ཆུང་བུམོ། །ཁྱོད་སླབ་ནི་མང་པའི་ལོ་རྒྱུས་མས། །ང་ཡང་[ཁ་བསྐྱེད་རྒྱལ་པོ་?]ཨིན། །ཁྱོད་སླབ་ནི་མང་པའི་བྱངམ་ཕྱད་འདི། །ང་[ཁ་བསྐྱེད་རྒྱལ་པོས་?]རྐྱབ་གེ་ནོ། །
  • ཐུགས་རྟེན་/ Thukten:
    ས་སྤུ་ན་ཁ་གི་རྫོང་ཆེན་འདི། །གཡས་ལས་ཕོ་ཆུ་སྦྲུལ་འདེ་འདྲུད། །གཡོན་ལས་མོ་ཆུ་རུད་འདེ་ཐོན། །རྫོང་ནི་ཚུ་བྱེམ་བྱེ་མེད་མི་འདི། །ནང་ནང་རྟེན་བཟང་བའི་རྟགས་ཨིན་མས་ལོ། །
  • ཐུགས་རྟེན་/ Thukten:
    ཁྱོད་གཡུས་ཀྱི་སྨན་བུམོ། །གཏམ་ལོ་རྒྱུས་རྫོགས་ནི་མེད་པར་སླབ་མི་འདི། །ང་སྒརཔ་བྱེམ་བྱེ་མེད་མི་འདི། །ནང་བཟའ་བཟའཝ་ཡོད་པའི་རྟགས་ཨིན་མས་ལོ་ཟེར། །
  • ཐུགས་རྟེན་/ Thukten:
    ཏེ་ད་བློ་ཟེ་འདི་ འ་ནཱིམ་ཅིག་སྦེ་བཞག་གེ་ལགས།། །།