Skip to main content Skip to search
03 Jul 2018
3 min 32 sec
Video Overview
Creators: 
Monika Subba, Rinchen Dorji
Transcript search
No results found for this search
0 of 0
  • ཁར་ཀ་བྷ་དུར་པར་དན Kharka Bdr Pradhan
    བཀའ་དྲིན་ཆེ། ད་རེས་ང་ལུ་འདི་བཟུམ་གི་གོ་སྐབས་གནང་མི་འདི་ལུ་ག་ཅིག་འདི་བཀའ་དྲིན་ཆེ། ང་གི་ད་རེས་ཁར་གཏམ་མཐུག་རེ་རེ་གཉིས་གཉིས་སླབ་ནི་ཨིན་ ཁར་གཏམ་འདི་ཚུ་ཡང་ད་འ་ནི་འབད་ཡོད་ ད་ང་གི་སླབ་གེ།
    Thank you! I would like to thank you for providing me with this oppourtnity.with this I am going to share a few riddles. Riddles are like this.. now I am going to recite.
  • ཁར་ཀ་བྷ་དུར་པར་དན Kharka Bdr Pradhan
    ཁར་གཏམ་འདི་ཡང་ འགྱོའི་རང་རྐང་རྫེས་བསད་ཅིག་རང་འགྱོ་དོ། ཟེར་མི་འདི་ག་ཅིག་སྨོ་ཟེར་བ་ཅིན་ འགྱོའི་རང་རྐང་རྫེས་བསད་མི་འདི་ རྩ་གི་ཁུར་ཆ་ཐལཝ་ནང་ལས་ཕར་འབག་འགྱོཝ་ད་ལུ་ ཁུར་ཆ་འདི་གི་ཤུལ་བདག་བསད་ཅིག་རང་འགྱོ་འོང་ཟེར་ཨིན་མས།
    Riddles like;I am walking and the foot steps is removed.what does it mean? while walking, the footsteps is removed. By carrying the grass at your back, If you happen to walk on the soil, the grass at your back will claen the foot steps. That's what we undertsand from here.
  • ཁར་ཀ་བྷ་དུར་པར་དན Kharka Bdr Pradhan
    གཉིས་གི་བཏའ་མི་གཅིག་གི་སྤར་མི།གཉིས་ཀྱི་བཏའ་སྡོད་ དེ་ལས་གཅིག་གི་སྤར་མི་འདི་ ག་ཅིག་སྨོ་ཟེར་བ་ཅིན་དྲི་སྐྱིད་༼ལྷོ་མཚམས་ཀྱི་རེ་བརྡུང་གི་གི་ཅ་ཆས་ཅིག༽ དེ་ཡང་ཀཝ་གཉིས་གི་སྦུག་ལས་ཤུང་ཅིག་ཡོད་མི་འདི་གི་རེ་བརྡུངམ་ཨིན། ཏེ་དྲི་སྐྱིད་འདི་ཀ་ཝ་གཉིས་ཡར་ལོང་དེ་རས་ཀ་ཝ་གཅིག་སྦུག་ལས་མར་འདབ་འབད་ཡོདཔ་ཨིན།
    Two of them watching, and one moves.Like wise two of them can see, one can move. What does it means?Dhiki [local name]Two pillers, one in the middle, where rice [wheat] are beaten. Dhiki, one piller is kept straight, two pillers are kept still, that is called Dhiki.
  • ཁར་ཀ་བྷ་དུར་པར་དན Kharka Bdr Pradhan
    ད་ལས་ ནང་གསེར་ལ་ཕྱི་དངུལ།ཟེར་མི་འདི་གི་དོན་དག་འདི་ སྒོང་རྡོག་ཨིན། ནང་ན་འདི་གསེར་བཟམ་འབད་རང་འོང་གསེརཔ་འབད་ དེ་ལས་ཕྱི་ཁ་འདི་དངུལ་བཟུམ་འབད་དཀར་འབད་འོང་ནི་འདི་གི་ཨིན།
    And.. It is filled with gold inside, it's filled with silver outside. what does it mean? That means an egg. Inside it's like a gold, usually the yoke is yellow, the cell outside is white. That's why it is an egg.
  • ཁར་ཀ་བྷ་དུར་པར་དན Kharka Bdr Pradhan
    བཟའི་རང་ཨ་ཝ་བཏང་དོ། ཟེར་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ ཏེ་ཉནམ་ད་འདི་ཁམ་ལོག་སིལ་སི་ཨིན་འདི་འབདཝ་ད་ འདི་ངབཅས་རང་གི་རང་འཐག་འདི་ཨིན། ལྷོ་མཚམས་ཁ་སྐེད་ནང་ཛང་ཏོག་ ཡར་ལས་བླུག་ཅིག་ དེ་ལས་མ་འོག་ལས་མཐོནའི་རང་འགྱོ་འོང་ འདི་ལུ་སླབ་ཨིན་རང་འཐག
    And.. I keep on eating and I keep on passing stool. What does it means? Though it sounds a little bad but that means it's a grinding stone. It's called "Rangthak" in Dzongha. In Nepali it's called "Jhatho." It is filled from the top and it realease it from the buttom. That is called "Jhatho." [grinding stone.]
  • ཁར་ཀ་བྷ་དུར་པར་དན Kharka Bdr Pradhan
    བུ་བཅུ་གཅིག་ ཚ་བོ་བཅུ་གསུམ་ དེ་འབདཝ་ད་ཨ་པ་གི་བཀའ་ངལ་འདི་རྣམ་ཅོ་གུ་རང་། ག་དེ་མ་ཅིག་རང་བུ་དང་བུམོ་ཡོད་འདི་འབད་རུང་ བདེ་བ་འཐོབ་ནི་མེན་པར་བཀའ་ངལ་ཧེན་སྐད་འོངམ་ཨིན་མས། བུ་དང་བུམོ་ལེ་ཤཱ་ཡོད་རུང་ ད་རུང་སླབ་སློལ་ལས་ བུ་བཅུ་གཅིག་ ཚ་བོ་བཅུ་གསུམ་བཟའ་ཚང་སྐྱོངས་མ་ང་རང་ར་ ཟེར་ཡང་ཡོད།
    I have 12 sons and 13 grandsons. The suffering is till with the husband. More the childrens, more is the suffering. If I tell, I have 12 sons and 13 grandsons, families suffering is still with me.
  • ཁར་ཀ་བྷ་དུར་པར་དན Kharka Bdr Pradhan
    ཏེ་གཞུང་ལས་རང་འབད་རུང་ བུ་བཅུ་གཅིག་ ཚ་བོ་བཅུ་གསུམ་ མེན་པར་ཨ་ལོ་གཉིས་གསུམ་ཅིག་དགོཔ་འབད་སླབོ་ཡོད། ཏེ་འདི་ཡང་རང་གི་ཆོས་ཡོན་རྟན་བྱིན་མི་ཚུགས་ འདི་འབད་ནི་འདི་གི་གཞུང་གི་ལམ་ལུགས་སྲོལ་འདི་ག་རང་གི་སེམ་ཁར་མཉན་པ་ཅིག་ ང་བཅས་རྒྱལ་ཁབ་ནང་དགའ་དང་སྐྱིད་པ་འོང་།
    Now, there is a goverenment policy. By converting it, we say I have 12 sons and 13 grandsons, families suffering is still with me. So, the governement has a plan to have less children [two or three], So, we also have to adopt the goverenment policy. In present time, it will be diffcult to provide education to the children. If we adopt the law, then there will be more peace and prosperity.
  • ཁར་ཀ་བྷ་དུར་པར་དན Kharka Bdr Pradhan
    ཁྱིན་ནང་འགྱོཝ་ད་ཁ་ཚལ་མ་ནང་། ཚལ་མ་ནང་འགྱོཝ་དང་ཁ་ཁྱིམ་ནང་། ང་བཅས་སྟ་རེ་ཕྱག་ལྟག་གུ་བསྐལ་འབད་ཚལ་མ་ནང་འགྱོ་ད་ སྟ་རེ་གི་ཁ་འདི་ཁྱིམ་ནང་བཏའ་འོང་ ཚལ་མ་ནང་ལས་འོངམ་ད་ཚལ་མ་ནང་རང་བཏའ་འོང་འདི་གི་དོན་དག་འདི་འ་ནི་ཨིན།
    I go to home, it faces to the forest, when I go to forest, it faces the home. Every time, we carry an axe on our shoulder. If we go to the forest , the mouth faces the house. It's mouth faces to the house only. while eturning from the forest, the mouth still faces the forest.That means an Axe.