Skip to main content Skip to search
27 Jun 2018
5 min 49 sec
Video Overview
Creators: 
Sherig Dentshog

Göpong Temple was built by Lam Chening Dorji from Khang Edi. Lam Chening Dorji was sent by his master Tokden Shecha Sherig to spread the Nyingma tradition. He built a two storey temple and later instituted a tsechu on the 8-10th days of the 8th Bhutanese lunar month. Mask dances were brought from Mongar Yakgang by Lam Chening Dorji. The upper story of the temple was damaged in 1933 by  heavy wind, and former Chief Justice sponsored a replacement sertok. Previously they conducted a Rigzin Tshechu but at present they perform Threama Tshechu following the tersa after Garab Rinpoche visited.

Transcript search
No results found for this search
0 of 0
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ང་འདི་ བྱིན་རླབས་ཡེ་ཤེས་ཟེར་སླབ་ཨིན། མ་པ་བྱིན་རླབས་ཡེ་ཤེས་ཟེར་ ང་སྐྱེ་ས་འདི་ཤཱ་ལི་ལས་ཨིན་ འདི་འབདཝ་ལས་ ནཱ་དགོན་སྤུངས་ལུ་འོང་སྟེ་ ལོ་དག་པ་ཅིག་འགྱོ་ཡི་ ནཱ་སྡོདཔ་ཨིན་དགོན་སྤུངས་ལུ་རང་སྡོད་དེ།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    དེ་འབདཝ་ད་ལུ་ ད་ལྟོ་ང་ ཁོང་ཆ་ཁྱབ་ཀྱིས་ ང་ལུ་མཚམས་པ་ཟེར་སླབ་ཨིན་ མཚམས་པ་ཟེར་སླབ་མི་འདི་ ང་བཅས་ནཱ་ དགའ་རབ་རིན་པོ་ཆེ་བྱོན་ཏེ་ དེ་ལས་གཏེར་གསར་གྱི་མཚམས་ ཨ་ཙི་བཅད་ནི་དེ་གིས་ མཚམས་པ་མཚམས་པ་ཟེར་ སླབ་ཨིན་ཁོང་གིས།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ད་ལྟོ་ རིན་པོ་ཆེ་གི་སྒྲུབ་སྡེ་ཅིག་ཡང་ ང་བཅས་ནཱ་དགོན་སྤུངས་ལུ་བཙུགས་ཏེ་ཡོད། དེ་འབད་ནི་དེ་གིས་ འ་ནཱི་བདག་འཛིན་འབད་དེ་ཕར་ཚུར་འབད་དེ་ འ་ནཱི་སྦེ་སྡོདཔ་ཨིན། ཏེ་ངེའི་མིང་ བྱིན་རླབས་ཡེ་ཤེས་ཨིན།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཏེ་དེ་ལས་ནཱ་[སེར་ཁག་པོ་?] ལྷ་ཁང་གི་སྐོར་ལས་ཨ་ཙི་ཅིག་ཞུ་བ་ཅིན་ སེར་ཁག་པོ་ལྷ་ཁང་ སེར་ཁག་པོ་ཟེར་ཚུད་མི་དོན་དག་གཙོ་བོ་རང་ དང་པོ་ ནཱ་ལུ་རླུང་འཚུབ་རྐྱབ་སྟེ་ སེརཝ་སྦོམ་སྦེ་རྐྱབ་ འ་ནཱི་བཟུམ་འབདཝ་ད་ལུ་ གསོལ་ཁ་འབད་སའི་ས་གོ་ཅིག་ ནཱ་ལུ་སྡོད་ཅི་ལོ། དེ་འབད་ནི་དེ་གིས་ སེར་ཁག་པ་ ཟེར་ཐོབ་ཐོབ་ཨིན་པས།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཏེ་ འ་ནཱི་ལྷ་ཁང་བཞེངས་མི་འདི་ ག་སྨོ་ཟེར་བ་ཅིན་ ཁེངས་ཨི་དི་ལས་ཨིན་པས་ ཁོ་འདི་རྟོགས་ལྡན་ཤཱཀྱ་ཆོས་ཉིད་རྡོ་རྗེ་ཟེར་མི་ རྟོགས་ལྡན་ཤཱཀྱ་ཤྲཱི་གི་སྐུ་མདུན་ལུ་བཅར་སྦེ་ ཏེ་འ་ནཱི་སྦེ་ཆོས་འབད་ རྙིང་མའི་ཆོས་འདི་འབད་དེ་ ཏེ་དེ་ལས་རིན་པོ་ཆེ་གིས་ རྟོགས་ལྡན་ཤཱཀྱ་ཤྲཱི་གིས་ ཁྱོད་རང་ ག་ཏེ་དགའཝ་ཅིག་ ཁྱོད་རའི་གདུལ་བྱ་ག་ཏེ་ཡོདཔ་ཅིག་སྡོད་ད་ ཁྱོད་ར་ ཆོས་དེ་ཅིག་གིས་བཏུབ་ ཟེར་གསུངས་ཞིནམ་ལས།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཏེ་ ཁོ་མར་ལོག་བྱོན་ཏེ་ དེ་ལས་ནཱ་ལུ་ལྷ་ཁང་གཅིག་བཅགས་་་་ ནཱ་ལུ་ལྷ་ཁང་གཅིག་བཞེངས་ ལྷ་ཁང་ཐོག་གཉིས་འབད་མི་ཅིག་བཞེངས་སྦེ་ ཏེ་རྙིང་མའི་ཆོས་ལུགས་འདི་ ནཱ་ལུ་ ཧེ་མ་མེདཔ་ལས་ ག་ར་རྙིང་མའི་ཆོས་ལུ་དད་པ་བསྐྱེད་དེ་ གནམ་མེད་ས་མེད་སློབ་མ་ཡང་ ལེ་ཤ་ཅིག་རང་འགྱོ་སྦེ་ སློབ་མ་ལེ་ཤ་འགྱོ་ཞིནམ་ལས་ ཏེ་ད་ནཱ་ལུ་འཆམ་གཅིག་ཡང་སྟོན་དགོ་པས་ བར་དོ་ཆེན་མོ་གཅིག་སྟོན་དགོ་པས་ཟེར་
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཏེ་ ཡར་མོང་སྒར་རྫོང་ ཨ་ནཱི་ གཡག་པོ་བསྒང་ཟེར་ས་ལས་ འཆམ་པ་སློབ་དཔོན་གཅིག་འཁྱིད་དེ་ འཆམ་ནཱ་ལུ་སྟོན་ ནཱ་གི་ཚུ་གིས་ཡང་འཆམ་ལྷབ་ འཆམ་ཡང་འདྲོངས་ ཏེ་འཆམ་འདི་ཡང་ ང་བཅས་ནཱ་ལུ་ ཧེ་མ་ ཏེ་མ་སྡོདཔ་ཨིན་མས་ མ་སྡོདཔ་ལས་ ཏེ་ནཱ་ལུ་འགོ་དང་པ་བཙུགས་ཏེ་ དེ་ལས་ རྔ་འཆམ་ དགྲ་མེད་རྩེ་རྔ་འཆམ་ཟེར་ དགྲ་མེད་རྩེཔ་འཁྱིད་འོང་སྦེ།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    པད་གླིང་འགྱིང་གསུམ་ཟེར་ཡང་ ད་ལྟོ་བར་ཡང་བཙུགས་ཏེ་ འ་ནཱི་སྦེ་ འཆམ་ཡང་ལོ་བསྟར་བཞིན་དུ་རྐྱབ་སྟེ་ཡོད། ཏེ་འ་ནཱི་གི་ལྷ་ཁང་འདི་ཡང་ ཐོག་གཉིས་སྦེ་སྡོད་མི་འདི་ ཏེ་རླུང་འཚུབ་འོང་ འ་ནཱི་བཟུམ་འབདཝ་ད་ལུ་ ཨ་ཙི་ཐོག་རིངམོ་སྦེ་ སྟབས་མི་བདེ་ནི་མས་ཟེར་ ཏེ་ཤུལ་ལས་ཕབ་ཕབ་ཨིན་པས།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཧེ་མ་འབད་བ་ཅིན་ ལོ་རྟགས་དེམ་ཅིག་ཨིན་ཟེར་ ཨ་རྒས་ཨང་རྒས་ཚུ་གིས་སླབ་པའི་སྐབས་སུ་ལུ་ ང་བཅས་ཀྱིསན་ ལེགས་ཤོམ་སྦེ་ཉན་མ་ཤེས་ ཏེ་ད་ལྟོ་ང་བཅས་ཀྱིས་ལོ་རྟགས་ཤེས་མི་ཚུགས་པས། དེ་འབད་ནི་དེ་གིས་ ཤུལ་ལས་བར་མཚམས་ཅིག་ཁར་འབདཝ་ད་ མེ་ལུག་ལོ་་་་ མེ་ལུག་ལོ་ལུ་ འ་ནཱི་ལུ་ཨ་ཙི་ཅིག་མར་ཕབ་སྟེ་བཟོ་ཡི་ཟེར་བའི་ལོ་རྒྱུས་ཅིག་ ཤེས་མི་ཨང་རྒས་གཅིག་སྡོད་ཡོད་ འ་ནཱི་ལས་འབད་དེ་ ༼གོ་ཡི།༽
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    འ་ནཱ་ལས་འབད་ཞིནམ་ལས་ རོགས་སློབ་དཔོན་འདི་ ཡར་ ལྷ་ས་མཇལ་གེ་ཟེར་ གནས་སྐོར་འབྱོན་པའི་ལམ་ཁར་སྙུང་སྟེ་ ཀུར་སྟོད་ཟེར་ས་ལུ་གཤགས་ཆི་ནུག འ་ནཱི་འབདཝ་ལས་ ཁོ་རའི་སློབ་མ་གཅིག་ ནཱ་ལུ་ གསང་སྔགས་རྡོ་རྗེ་་་་ འ་ནཱི་ གསང་སྔགས་རྡོ་རྗེ་ཟེར་ ཁོ་ར་གི་སློབ་མ་གཅིག་སྡོད་དེ་ ཏེ་ཁོ་གིས་བདག་འཛིན་འབད་དེ་སྡོད་སྡོདཔ་ཨིན་པས་ འ་ནཱི་ལྷ་ཁང་།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཏེ་ འ་ནཱི་འབདཝ་ལས་ ལོ་ལེ་ཤ་འགྱོ་འགྱོཝ་འབད་ནི་དེ་གིས་ ནང་གི་རྟེན་ཡང་ ཏེ་ཆོས་ལོངས་སྤྲུལ་གསུམ་ལ་སོགས་པ་ འ་ནཱི་བཟུམ་སྡོད་ནུག ལྡེབས་རིས་ཡང་གུ་རུ་མཚན་བརྒྱད་ལ་སོགས་པ་འ་ནཱི་ཚུ་ སྲིད་པའི་འཁོར་ལོ་ལ་སོགས་པ་སྡོད་ནུག འདི་ཚུ་བལྟ་མ་བཏུབ་འགྱོཝ་སྦེ་ ཏེ་
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཨ་ཙི་ཅིག་ཉམས་ཆག་ཤོར་སོ་ཡི་ ཉམས་ཆག་ཤོར་ཞིནམ་ལས་ ཏེ་ཨ་ཙི་ཉམས་ཆག་ཤོར་ཏེ་ ང་བཅས་ཚུ་གིས་ག་ཅི་ཡང་གོ་མ་ཆོད་པར་ ག་ཅི་ཡང་བཟོ་ཤེས་མི་ཡང་མེད་པར་ ནང་ལས་རྒྱུ་ གཞུང་ལས་ག་ཅི་ཡང་མེདཔ་ལས་ ཉམས་ཆག་ཤོར་སྡོད་པའི་བར་ན་ ད་ལྟོ་མི་རྗེ་ཁྲིམས་སྤྱི་བློན་པོ་བྱོན་ཏེ་ ནཱ་གསེར་ཏོག་ཅིག་ཡང་གནང་སྟེ་ གསེར་ཏོག་གནང་སྟེ་ དུས་ཅི་ལོ་དྲུག་དེ་ཅིག་འགྱོ་དོ་འོང་ནི་མས།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    དེ་ལས་ འ་ནཱི་གསེར་ཏོག་གནངམ་ད་ལུ་ཡང་ བློན་པོ་ཁོ་ར་ར་ནཱ་བྱོན་སྦེ་གནང་སྟེ་ དེ་ལས་ནང་ན་གི་ལྡེབས་རིས་ག་ར་ ཉམས་ཆག་ཤོར་ཚར་ནུག་ཟེར་གཟིགས་ཏེ་ དེ་ལས་ནཱ་ གཡས་ཁ་ཐུག་ལས་ཡར་ མར་ལྟ་གུ་རུ་མཚན་བརྒྱད་གཅིག་གནང་སྟེ་ ཁྲོས་མ་ འ་ནཱི་ཁྲོས་མའི་ལྷ་ཚོགས་གཅིག་་་་་ ལོགས་ཅིག་ཁ་ལས་ཁྲོས་མའི་ལྷ་ཚོགས་ཅིག་གནང་སྟེ་ ཏེ་ད་སྒྲོལ་མའི་ལྷ་ཚོགས་ཅིག་གནང་སྟེ་ ཁྲིམས་སྤྱི་བློན་པོ་ཁོ་ར་ཡང་ནཱ་བྱོན་སྦེ་ འ་ནཱི་བཟོ་གནང་སྦེ་བྱོན་ཏེ་ཡོད།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཏེ་ ང་གིས་ཞུ་ནི་ཟེར་རུང་ འཆམ་་་ འ་ནཱི་ ཡར་ངོ་མར་ངོ་རེ་བཏང་པ་ཅིན་ ང་བཅས་ཚུ་གིས་ ཧེ་མ་མེས་མེས་རེ་ མེས་མེས་སློབ་དཔོན་རེ་གཤགས་སོང་རུང་ ང་བཅས་ཆ་ཁྱབས་ཀྱིས་ ཁོང་གིས་གནང་གནངམ་གི་ཤུལ་བཟུམ་ཅིག་འབད་ ཧེ་མ་རྙིང་མའི་ལྷ་ཁང་འབད་ནི་དེ་གིས་ ཡར་ཚེས་ལུ་ཨིན་པ་ཅིན་ རིག་འཛིན་འདུས་པ་བཏང་ ཏེ་འ་ནཱི་མར་ཚེས་ལུ་འབད་བ་ཅིན་ ཏེ་ཧེ་མ་འབད་བ་ཅིན་མེད་ ད་ལྟོ་རིན་པོ་ཆེ་་་་་ དགའ་རབ་རིན་པོ་ཆེ་བྱོན་སྦེ་ཞིནམ་ལས།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    མར་ངོ་འབད་བ་ཅིན་ ཏེ་ཁྲོས་མ་བཏང་ ཏེ་ཁྲོས་མ་ཡང་ལྷབ་མི་ལེ་ཤ་ར་ཡོད་ང་བཅས་ནཱ་ལུ་ ཧ་ལམ་ ཁལ་གཅིག་ལྷག་ཙམ་ཅིག་ཡོད་ ཁྲོས་མ་བཏང་སྟེ་ ང་བཅས་ག་ར་ མ་ཆདཔ་སྦེ་རང་ འ་ནཱི་སྦེ་ཕྱག་ཞུ་དོ།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཏེ་འཆམ་དེ་ཡང་ ང་བཅས་ར་ འ་ནཱི་ཟླ་བ་༡༡ པ་དང་༡༢ པ་ མ་པ་གཙོ་བོ་ངོ་མ་ར་ ༡༡ པ་རང་ཨིན་ལགས་ ༡༡ པ་ལུ་རང་། འ་ནཱི་སྦེ་ འཆམ་ཡང་ལོ་བསྟར་བཞིན་དུ་ མ་ཆདཔ་སྦེ་ར་ ཏེ་མི་སེར་ཚུ་ལས་བསྡུ་ལེན་ཨ་ཙི་རེ་འབད་དེ་ ཧེ་མ་ལས་ ཕམ་བཟངཔོ་ཚུ་གིས་བཅགས་བཞག་ ཕམ་བཟང་པོས་གིས་བཅགས་བཞག་བཞགཔ་ཨིན་པས་ཟེར་ འ་ནཱིམ་ཅིག་ཕྱག་ཞུཝ་ཨིན།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ཏེ་ གནམ་མེད་ས་མེད་ རྒྱས་ཤིང་རྒྱསཔ་སྦེ་ཞུ་ནི་གི་ཤེས་ཡང་མི་ཤེས་ རོགས་མཁྱེན་མི་ཨ་རྒས་ཨང་རྒས་ཚུ་གིས་གསུངསམ་ད་ལུ་ ང་བཅས་ཀྱིས་ལེགས་ཤོམ་སྦེ་ཉན་མ་ཤེས།
  • བྱིན་རླབས་ཡེ་ཤེས་/Jinglab Yeshi:
    ང་བཅས་གནམ་མེད་ས་མེད་ ལོ་རྟགས་འདི་ཚུ་མི་ཤེས་པས་ལགས་ ལེགས་ཤོམ་སྦེ་ ང་གིས་ཞུ་ནི་ཟེར་རུང་ འ་ནཱིམ་ཅིག་རྐྱངམ་ཅིག་འཐོན་ནི་མས་ གནམ་མེད་ས་མེད་མི་ཤེས་པས་ལགས།། །།