21 Dec 2016
52 sec
Audio Overview
Creators:
Gangsol Folk Culture Preservation Project
- མཐོ་གྲུབ་པའི་བྱ་ལམ་གོང་མ་ན།།
- རས་དར་དཀར་ཁ་གང་རླུང་གིས་བསྐྱོད།།
- ཡོས་དར་དཀར་མ་རེད་ཐང་དཀར་རེད།།
- རྒོད་ཐང་དཀར་ཡོས་མོ་ཆུ་དཀར་ཏེ།།
- བྲག་དཀར་ཆུང་སྐྱོར་ཡ་བཟང་རྟགས་རེད།།
- རོགས་སྐྱོར་ཡ་བཟང་ན་ཡོས་མོ་རེད།།
- མཐོ་གྲུབ་པའི་བྱ་ལམ་བར་མ་ན།།
- རས་དར་སེར་ཁ་གང་རླུང་གིས་བསྐྱོད།།
- ཡོས་དར་སེར་མ་རེད་ངང་སེར་རེད།།
- བྱ་ངང་སེར་ཡོས་མོ་ཆུ་སེར་ཏེ།།
- མཚོ་གཡུ་མཚོ་སྐྱོར་ཡ་བཟང་ནི་རེད།།
- རོགས་སྐྱོར་ཡ་བཟང་ན་ཡོས་མོ་རེད།།
- མཐོ་གྲུབ་པའི་བྱ་ལམ་འོག་མ་ན།།
- རས་དར་སྔོན་ཁ་གང་རླུང་གིས་བསྐྱོད།།
- རས་དར་སྔོན་མ་རེད་ཁུ་སྔོན་རེད།།
- རོགས་སྐྱོར་ཡ་བཟང་ན་ཡོས་མོ་རེད།།