Video Overview
This cleansing-offering song enumerates the key deities of Gelu village.
འདི་ནི་མཆོད་པའི་ནང་གསེས་བསང་མཆོད་ཟེར་བ་དེ་རེད།
འདི་ནི་མཆོད་པའི་ནང་གསེས་བསང་མཆོད་ཟེར་བ་དེ་རེད་ལ། ད་ལྟའི་བོད་ཁུལ་གྱི་སྲིད་འཛིན་ས་ཁུལ་དབྱེ་སྟངས་ཀྱི་ངོས་ནས་བཤད་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་། ལོ་རྟ་ཡུལ་ཚོའི་དགེ་ལུ་སྡེ་བའི་བསང་མཆོད་ཅིག་རེད། སྡེ་བ་དེ་ནི་བོན་གྱི་གྲུབ་མཐའ་ལ་དད་པ་བྱེད་པའི་སྡེ་བ་ཞིག་ཡིན་པས། བསང་མཆོད་ཀྱི་ནང་དུ་དང་ཐོག་བོན་གྱི་ཆོས་སྐྱོང་སྲུང་མ་དང་ལྷ་ཚོགས་རྣམས་ལ་མཆོད་པ་བྱས་ཡོད་ཅིང་། དེ་ནས་རིམ་བཞིན་བོད་ཁུལ་གྱི་གཞི་བདག་རྩ་ཆེན་རྣམས་དང་།མཇུག་ཏུ་ཡུལ་དེའི་ཡུལ་ལྷ་གཞི་བདག་རྣམས་གཙོ་བོ་བྱས་ཏེ་མཆོད་ཁ་བྱས་ཡོད་པ་ཞིག་རེད། སྡེ་བ་དེའི་རི་ཆུ་རིག་གནས་ལ་རྒྱུས་ལོན་བྱེད་པའི་ལྡེ་མིག་གལ་ཆེན་ཞིག་ཡིན་པ་མ་ཟད། བན་བོན་བར་གྱི་ཐུན་མོང་གི་ལྷ་སྲུང་དག་ལའང་མིང་དང་མཆོད་ཚུལ་མི་འདྲ་བ་ཡོད་པ་རྟོག་སྲིད་པ་ཞིག་རེད།
这是一种煨桑祝辞,通常在一种称为“清洁祭”的煨桑仪式上唱诵。
这是一种煨桑致辞,叫做“清洁祭”的煨桑祷告仪式。这首煨桑祝辞源自四川省阿坝县罗达乡格鲁村。这个村庄的村民信奉苯教。每当村民祈祷的时候,他们首先向苯教的保护神祈祷,然后向藏区的重要地方神灵祈祷,最后向当地保护神及当地村庄的神灵做祈祷。这种称为“清洁祭”的煨桑仪式能够有效的帮助人们了解当地的人文景观和风俗习惯。从这首民歌中我们可以看出,苯教和佛教对同一个保护神和神灵不但给予不同的名字,而且有着不同的供奉方式。
- མཆོད།ཨཱོཾ་ཨ་ཧཱུྃ།
- མཆོད་འགོ་དང་པོ་གཅིག་གཉིས་གསུམ་བཞི་
- ལྔ་དྲུག་བདུན་བརྒྱད་དགུ་བཅུ་བཅུ་ཐམ་པ། བཅུ་གཅིག་བཅུ་གཉིས་བཅུ་གསུམ།
- དབྱིངས་ན་བཞུགས་པའི་བོན་སྐུ་ཀུན་ཏུ་བཟང་པོ།
- རང་བཞིན་ལྷུན་ལ་རྫོགས་པའི་ལུངས་སྐུ་རྒྱལ་བའི་རིགས་ལྔ།
- དབྱེར་མེད་འགྲོ་དོན་མཛད་པའི་རྣམ་མཁྱེན་བསྟན་པའི་གཙོ་བོ།
- དགྲ་བཅོམ་སེམས་དཔའི་འཁོར་ཚོགས་ཞང་བོད་གྲུབ་ཆེན་བརྒྱ་ཅུ།
- གངས་ཅན་བསྟན་པའི་དབུ་བསྙེས་གཏེར་སྟོན་བརྒྱ་དང་རྩ་བརྒྱད།
- དམུ་རིགས་བཤེན་གྱི་རྒྱལ་བ་སྨན་རིའི་མཁན་རབས།
- ཤར་རྫའི་འཇའ་ལུས་པའི་རྒྱུད་འཛིན།
- སྨིན་གྲོལ་གླིང་གི་སྐུ་ཕྲེང་། དྲིན་ཆེན་རྩ་རྒྱུད་ཀྱི་བླ་མ།
- བཆོད་བསྟོད་བཀུར་བའི་ཞིང་མཆོག་གི་ཁྱེད་རྣམ་གྱི་ཞལ་དུ་མཆོད།
- ཨོ་ཁྱད་པར་དུ་ས་བཅུ་ཐོབ་པའི་སངས་རྒྱས། ཨ་མྱེ་རྨ་ཆེན་སྦོམ་རྭ།
- རྨ་ཡུམ་དགུང་སྨ་ལྷ་རི། རྨ་སྲས་ལྕམ་དྲལ་བཅོ་བརྒྱད།
- ནང་འཁོར་སུམ་བརྒྱ་དྲུག་ཅུ།
- ཕྱི་འཁོར་གཡུལ་སའི་དམག་ཚོགས་ལས་བྱེད་དྲག་པ་ལྡན་པའི།
- སྒོ་སྐྱོང་མཚོ་སྨན་མོ་འབུམ་ཕྲག་དང་བཅས་པའི་ཞལ་དུ་མཆོད།
- རྔ་སྨད་གཉིས་ཀྱི་ས་མཚམས་ན་བཞུགས་པའི་སྒྲ་ལྷའི་རྒྱལ་པོ་གཉན་པོ་གཡུ་རྩེ།
- གཉན་དམག་བརྒྱད་ཁྲི་བཞི་སྟོང་།རྔ་གང་གཏེར་གྱི་བདག་པོ།
- བང་བཙན་བསེ་ཁྲབ་གཉན་པོ། གཡས་ན་བཀའ་བློན་དགེ་སློང་།
- གཡོན་ན་སྒྲ་ལྷའི་བུ་ཆུང་། མདུན་དུ་ཆུ་མཆོག་དྲང་སྲོང་།
- རྒྱབ་དུ་འབྲི་ལུང་སྟག་བཙན།
- ཕྱོགས་བཞིའི་བཀའ་འཁོར་མོན་ནམ་མཆོད་དགུ
- ས་བདག་ཡང་འཁོར་ཀླུ་གཉེན། ཁྱེད་རྣམས་ཀྱི་ཞལ་དུ་མཆོད།
- ཨོ་རང་ཡུལ་སྐྱོངས་བའི་སྲུང་མ།
- ཕ་མེས་བརྒྱུད་ཀྱི་སྲུང་མ། བུ་ཚ་རང་གི་སྐྱེས་ལྷ།
- དགྲ་གདོན་འདུལ་བའི་དགྲ་ལྷ།
- ཕྱུག་གཡང་སྤེལ་བའི་མགོན་ལྷ། ལས་ཀྱི་བདུད་མགོན་ཆེན་པོ།
- དགེ་བསྙེན་གནམ་ལྷ་བྲག་དཀར།
- བཙན་སྲས་མཐུ་རྩལ་སྟོང་ལྡན་སོགས་ཡུལ་འདིའི་ཡུལ་ལྷ་གཞི་བདག
- ཁ་ལྟ་བའི་གཞི་བདག གྲོགས་མཐུན་པའི་གཞི་བདག
- མ་གསོའི་རང་མཐུན་གྱི་གཞི་བདག གསོས་གསོས་མཆོད་ཀྱི་གཞི་བདག
- མཐོ་བ་གནམ་ལ་གནས་པ།
- དམའ་བ་ས་གཞི་ལ་གནས་པ་ཁྱེད་རྣམས་ཀྱི་ཞལ་དུ་མཆོད།
- ཁྱེད་རྣམས་ལ་མཆོད་ཅིང་བསྟོད་དེ་འཕྲིན་ལས་བཅོལ་བ་ནི།
- གཞི་བྱེས་ལམ་གསུམ་གང་དུ་གནས་ཀྱང་། མི་ལ་ན་ཚ་མེད་དགོས།
- ཕྱུག་ལ་གྱོང་གུད་མེད་དགོས། ཞིང་ལ་ཙད་སེར་མེད་དགོས།
- རིགས་རྒྱུད་ལོངས་སྤྱོད་འཛོམ་དགོས། བཙན་ཕྱུག་མཐོ་གསུམ་འཛོམ་དགོས།
- ཁ་ལས་རླང་རྟ་དར་དགོས།
- བོན་སྲིད་མངའ་ཐང་དར་དགོས། དགྲ་འདྲེ་གདོན་གསུམ་གྱི་མགོ་གནོན།
- རྐུན་ཇག་ཆོམ་གསུམ་གྱི་ཁ་ཁོགས། མི་ཁ་གླེང་རྒྱུ་གཞི་མེད་གྱིས།
- རྟ་མཛོ་རི་ལ་སོང་ན་ཕྱུག་གཡང་ཁྱིམ་ལ་ཞོག
- མི་རྣམས་རི་ལ་སོང་ན་དམུ་ཐག་ཁྱིམ་ལ་ཞོག
- དགྲ་ལམ་སྟེང་དུ་ཡོད་ན་ལམ་ཞབས་དུ་འཕོངས།
- གྲོགས་ལམ་ཞབས་དུ་ཡོད་ན་ལམ་སྟེང་དུ་འཐོན།
- དལ་གྱི་དུས་སུ་མཆོད་ནོ་འདི། དགོས་པའི་དུས་སུ་ཡོད་ནི་གྱིས།
- སྲབ་མདའ་གང་གིས་བོས་ན་སྲབ་ལྕགས་གང་གི་མྱུར་དགོས།
- མདུང་ཡུ་གཅིག་གིས་གཡུག་ན་མདོང་ལྕགས་གཅིག་གི་མྱུར་དགོས།
- ངས་ཁྱེད་རྣམས་ལ་རྗེ་བླ་མ་བཞིན་དུ་དད་པ་བྱས།
- དྲིན་ཕ་མ་བཞིན་དུ་བྱམས་ཀྱིས་སྐྱོངས།
- ཉིན་གྱི་བྱ་ར་བྱས། མཚན་གྱི་མེལ་ཚེ་བྱས།
- དུང་ཆུ་ཐག་པས་འཐེན་འཐེན་བྱོས། བུ་ཕྲུག་ཕ་མས་སྐྱོངས་སྐྱོངས་བྱོས།
- མཆོད་ཅིང་བསྟོད་པའི་ཡུལ་དུ་གྱུར་བ་རྣམ་གྱི་ཞལ་དུ་མཆོད།།