Video Overview
A tragic story of two young lovers from Ngaba.
འདས་པའི་དུས་ཤིག་ལ་རྔ་བ་ཡུལ་དུ་བྱུང་བའི་སྐྱོ་གར་རང་བཞིན་ལྡན་པའི་ན་ཆུང་ཕོ་མོ་ཟུང་གི་བརྩེ་དུང་གི་གཏམ་བརྒྱུད་བརྗོད་པ་ཞིག་རེད།
གླུ་འདི་ནི་འདས་པའི་དུས་ཤིག་ལ་ཕ་ཡུལ་རྔ་བའི་ཕྱོགས་སུ་བྱུང་བའི་སྐྱོ་གར་གྱི་རང་བཞིན་ལྡན་པའི་ན་ཆུང་ཕོ་མོ་ཟུང་གི་བརྩེ་དུང་གི་གཏམ་བརྒྱུད་བརྗོད་པ་ཞིག་རེད། གླུ་འདི་ལས་འདས་བའི་དུས་ཀྱི་བོད་སྤྱི་ཚོགས་ཀྱི་གཉེན་འབྲེལ་གྱི་སྣང་ཚུལ་གཅིག་གསལ་བོ་མཐོང་ཐུབ་སྟེ། དེ་ནི་ན་ཆུང་ཕོ་མོ་དག་ལ་བརྩེ་དུང་གི་རྨང་གཞི་ཡོད་མེད་ལ་མི་ལྟ་བར། གཉེན་སྒྲིག་གི་དོན་དག་ཚང་མ་ཕ་མ་དང་ཁྱིམ་ཚང་གིས་ཐག་གཅོད་པ་དེ་ཡིན་ལ། ད་དུང་ཁྱིམ་གྱི་འཁོས་ཀ་གཅིག་མཚུངས་བར་ལ་གཉེན་སྡེབ་པ་ལས་དབུལ་ཕྱུག་བར་ཁྱད་ཆེ་བའི་ཁྱིམ་ཚང་བར་ལ་གཉེན་སྡེབ་པའི་གནས་ཚུལ་མེད་པ་དེ་རེད།
这首歌主要讲述了两个来自阿坝地区年轻人的悲剧爱情故事。
这首歌主要讲述了两个来自阿坝地区年轻人的悲剧爱情故事。这首歌阐释了过去西藏社会的各种婚姻现象。婚姻不是根据年轻人双方的爱情决定的,而是由父母决定。此外,人们还将与拥有相同家庭条件的家庭进行联姻,讲究门当户对,而富裕家庭和贫穷家庭之间的婚姻往往希望渺茫。
- Ngawa
- རྫ་ཁྲ་ཁྲའི་ཁྲ་ཟོར་བོ་དེ།།
- དེ་ཁྲ་དཀར་གསའ་རིའི་རྫ་རེད།།
- གན་སྡེ་སྐོར་གྱི་ལི་ལི་བོ།།
- དེ་བོ་ཏའི་ཕྱོགས་ཡུལ་རུ་རེད།།
- གན་སྦྲ་རྒན་ལྡི་རུ་རུ་བོ།།
- དེ་རྔ་བ་མགོན་ལོའི་སྦྲ་རེད།།
- ཕུབ་བཞག་གི་སྦྲ་རྒན་ནང་ན།།
- བརྩིགས་བཞག་གི་དོ་རྒན་འདབ་ན།།
- བཏང་བཞག་གི་འབའ་དཀར་སྟེང་ན།།
- བསྒྲོན་བཞག་གི་མདའ་མོ་འདྲ་བོ།།
- ལོ་བཅོ་ལྔའི་རྔ་བཟའ་མཚོ་ལོ།།
- ལོ་བཅུ་དྲུག་མཚོ་མོ་ཡར་འཁྱིལ།།
- སྨན་མཚོ་ཁོ་ཚེ་ཐག་རིང་དགོས།།
- དྲིན་ཕ་མའི་ཁ་ཏ་མ་གཅོག།
- ཁྱེད་སྒར་བ་ཐིག་ནག་ཅན་པོ།།
- དེ་སྒར་ཁྱིམ་རི་མོ་ཅན་པོ།།
- དེ་དབལ་ཤུལ་རྟ་མགྲིན་རྒྱལ་རེད།།
- བུད་མ་སོང་དགོས་བ་མེད་ཀི།།
- དཀར་འོ་མས་ལག་ཆུ་བྱེད་དགོས།།
- མར་ཆུར་བས་དོ་ཞིག་རྩིག་དགོས།།
- རྒྱུ་དོད་ནོ་མཚོ་མོ་འཁོར་འཁོར།།