Video Overview
ཚྭ་ནི་མིའི་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཟས་རིགས་ལ་བྲོ་བ་སྣོན་པའི་བྲོ་རྫས་ཤིག་ཡིན་ལ། དེའི་བྲོ་བ་ཐལ་དྲགས་ན་རོ་བསྐྱུར་ཅིང་མཆིན་པ་སོགས་དོན་ལྔ་སྣོད་དྲུག་ལ་ཡང་གནོད་པ་ཐེབས་པའི་ཉེན་ཁ་ཡོད།
འདི་ནི་བཟའ་བཏུང་སྐོར་གྱི་གབ་ཚིག་ཅིག་ཡིན། ཟས་རིགས་ཀྱི་ཁྲོད་དུ་སྣོན་པའི་བྲོ་བ་འབུད་བྱེད་ཀྱི་བྲོ་རྫས་ཤིག་ཡིན། ད་ལྟ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་བྲོ་རྫས་རིགས་འདྲ་མིན་གང་མང་མང་ཞིག་ཁྲོམ་རར་ཐོན་ཡོད་ན་ཡང་། འོན་ཀྱང་གདོད་མ་ནས་མིའི་རིགས་གོམས་འདྲིས་སུ་སོང་ཡོད་པའི་བྲོ་རྫས་ཚྭ་ཡི་རིགས་མེད་ན་སུས་ཀྱང་ཟ་སྲོལ་མེད་པར་བཤད་ལ། དེ་བཞིན་དུ་ཚྭ་ཁུ་དེའི་རིགས་ཟས་རིགས་ཁྲོད་དུ་འདེབས་པ་ཚད་ལས་བརྒལ་བ་ན་མི་རུང་བས་ཆ་ནས་བྲོ་ཆེ་ན་ཨ་ཁ་ཁ་དང་མ་བྲོ་ན་ཨ་ཁ་ཁ་ཞེས་ཐེ་ཚོམ་རང་བཞིན་གྱི་སྒོ་ནས་ཚྭ་ཡི་ཁྱད་ཆོས་ཟུར་སྦས་བྱས་ཡོད།
这则谜语描述的是人们生活中必不可少的一种调料 - 盐。
这则谜语描述的是人们生活中常见的食用盐。盐乃百味之首,有咸味,溶于水,主要成分是氯化钠,同时含有少量水分和杂质及其他铁、磷、碘等元素。
This riddle is about salt: a critically important seasoning which must be applied carefully for a balanced flavor.
- བྲོ་བ་ཆེ་ན་ཨ་ཁ་ཁ།If its flavor is overwhelming, it's such a shame!
- མ་བྲོ་ན་ཡང་ཨ་ཁ་ཁ་ཅི་ཁེད།If none of its flavor is there at all, it's still a shame. What is it?
- གབ་ལན་ནི་ཚྭ་རེད།The answer is salt.
- ཚྭ་ནི་མང་དྲགས་ཚེ་མི་ཞིམ་པ་དང་When there is too much salt, it is bad, and
- ཉུང་དྲགས་ན་ཡང་མི་ཞིམ་པ་བརྗོད་པ་རེད།when there is too little salt, it is also bad; so it is said.