08 Dec 2016
1 min 1 sec
Video Overview
Creators:
Dorjee Dondrup
སྤྱིར་ན་རྩམ་པ་ནི་མིས་རྩོལ་བ་ལ་བརྟེན་ནས་རང་འཐག་བསྐོར་བ་དང་མཉམ་པོར་འཐག་ཐུབ་པ་ཞིག་ཡིན་ལ། དེ་དང་ཆ་འདྲ་བར་རྩམ་པ་བཞིན་འབབ་མོད། འོན་ཀྱང་མིས་རྩོལ་བ་མི་དགོས་པ་དེ་བསྟན།
འདི་ནི་རང་བྱུང་ཁམས་ཆེན་མོའི་སྣང་ཚུལ་མཚོན་པའི་གབ་ཚིག་ཅིག་སྟེ། མིས་རྩོལ་བ་ལས་ཡོས་བརྔོས་རྗེས་འཐག་པ་ན་རྩམ་པ་ནི་རང་འཐག་གི་ཕྱོགས་སོ་སོ་ནས་ཏག་ཏག་བར་སྣང་ཁམས་ཀྱི་ཁ་བ་ཇི་བཞིན་བར་འབབ་སྲིད་ལ། འདིར་གབ་ཚིག་ལས་བར་སྣང་ཁམས་ནས་ཁ་བ་འབབ་པ་དེ་མིས་རང་འཐག་བསྐོར་བ་དང་བསྟུན་ནས་རྩམ་པ་མར་འབབ་པ་གཉིས་འདྲ་བའི་ཆ་ནས་ཁ་བ་འབབ་པ་དེ་མིས་རྩོལ་བ་མེད་པའི་རང་འཐག་འབབ་པ་དང་འདྲ་ཞེས་བརྗོད་ཡོད་པ་ལྟ་བུའོ།།
这是一则关于冬天下雪时的情景的谜语。
这是一则关于自然现象的谜语,描述的是冬天下雪的情景。将雪比喻成人们用磨盘磨糌粑时,从磨盘四周往下掉落的糌粑。因为两者从颜色和掉落的情景都很相似,所以将雪比喻为糌粑,而且是不靠人力被磨出的糌粑。
This riddle describes winter snow by comparing it to barley flour, or tsam pa.
- ལག་པས་མ་འཐག་རྩམ་པ་ཉིལ་ལུ་ལུ།Barley flour that was not milled by hand erodes and cascades down.
- ཅི་ཁེད།What is it?
- གབ་ལན་ནི་ཁ་བ་རེད།The answer is snow.
- ལག་པས་རྩམ་པ་མ་འཐག་ཀྱང་རྩམ་པ་Even though it is not ground by hand, barley flour
- རང་ཤུགས་ཀྱི་ཐོན་པ་ཞེས་ཁ་བའི་དཔེ་རེད།is said to be naturally produced; this is a metaphor for snow.