Video Overview
སླ་ང་སྡོད་ས་ནི་ཐབ་ཀ་ཡིན་པ་དང་བཟའ་མི་ཚོའི་བཟའ་བཏུང་ནི་དེ་ལ་བརྟེན་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པ་ཡིན།
འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་ཡིན། བོད་ཁུལ་དུ་ད་ལྟ་ཡང་སྲོལ་རྒྱུན་གྱི་ཐབ་ཀར་བརྟེན་ནས་ཟས་གཡོ་སྐོལ་དང་དྲོད་བསྐྱེད་པ་སོགས་བྱེད་ལ། ཐབ་ཀ་ནི་སའི་སྟེགས་བུ་མཐོ་དམའ་ཚད་དང་རན་པ་ཞིག་ཁོག་སྟོང་བཟོས་རྗེས། སྟེང་དུ་སླ་ངའི་ཆེ་ཆུང་དང་རན་པའི་ཁུང་བུ་བརྟོལ་ནས་སླ་ང་འཇོག་པ་དང་། ས་སྟེགས་མདུན་ངོས་ཀྱི་འོག་གཤམ་ནས་ཁུང་བུ་བརྟོལ་ནས་མེ་འབུད་ས་བྱེད་པ་ཡིན། མེ་དུ་ནི་སླ་ངའི་འོག་ནས་མི་རྣམས་ཉལ་སའི་ཚ་ཐབ་བརྒྱུད་ནས་མཁར་གྱང་གི་ཕྱི་རོལ་ལ་ཕུད་པ་ཡིན། དུས་ཡུན་རིང་བོར་མེ་བསྒོས་པའི་སྟབས་ཀྱིས་སླ་ངའི་འོག་རོལ་དང་ཐབ་ཀ་ནི་དུ་དྲེགས་ཀྱི་ཟིན་ནས་ནག་པོར་འགྱུར་བ་ཡིན། གབ་ཚིག་འདིར་རྒྱལ་བོ་ནག་རིས་ཁྲི་ལ་བཞུགས་ཞེས་སླ་ང་ནི་རྒྱལ་བོ་ནག་རིས་ཅན་དང་ཐབ་ཀ་ནི་ཁྲི་ལ་དཔེ་བྱས་པ་རེད། ཡང་བཟའ་མི་གང་བོས་དེ་ལ་བལྟས་ཞེས་པ་ནི་བཟའ་མི་གང་བོའི་བཟའ་བཏུང་ནི་ཐབ་ཀའི་སྟེང་གི་སླ་ངར་བརྟེན་པ་ཡིན་པས་དེ་ལྟར་བརྗོད་པ་ཡིན།
谜语中描述的是生活中常见的大口锅。
这是一则关于厨房用品的谜语,谜语中描述的是生活中常见的大口锅。
This riddle describes the common cooking pot: a place looked to for a whole family’s sustenance.
- རྒྱལ་བོ་ནག་རིལ་ཁྲིལ་ལ་བཞུགས།An entirely black king sits upon a throne,
- བཟའ་མི་གང་བོས་དེ་ལ་བལྟས་ཅི་ཁེད།visible to the entire family. What is it?
- གབ་ལན་ནི་སླ་ང་རེད།The answer is a pot.
- བཟའ་མི་གང་བོའི་བཟའ་བཏུང་ནི་As for the entire family's food and drink,
- སླ་ང་ལས་བྱུང་བ་ཡིན་པས་དེ་ལྟར་བརྗོད།it is said that it is issued from the pot.