Video Overview
སྦྲང་མའི་མགོ་ན་རྭ་ཐུར་ཐུང་ཐུང་གཉིས་ཡོད་པས་འབྲོང་དང་འདྲ་ལ་ལུས་སྟེང་ན་སེར་ཐིག་དང་ནག་ཐིག་གི་རི་མོ་ཡོད་པས་སྟག་དང་འདྲ་བ་མཚོན་ཡོད།
འདི་ནི་སྲོག་ཆགས་སྐོར་གྱི་གབ་ཚིག་ཅིག་ཡིན། སྦྲང་མའི་མགོ་ན་རྭ་ཐུར་ཐུང་ཐུང་གཉིས་ཡོད་པས་འབྲོང་དང་འདྲ་བའི་ཆ་ལྡན་ལ་ལུས་སྟེང་ན་སེར་ཐིག་དང་ནག་ཐིག་གི་ཐིག་རིས་མང་པོ་ཡོད་་པས་སྟག་དང་འདྲ་བའི་ཆ་ཡང་ལྡན་པས། འབྲོང་མིན་ནི་རྭ་ཐུར་ཅན། སྟག་མིན་ནི་ཐིག་ལེ་ཅན་ཞེས་བརྗོད་པ་ཡིན། སྦྲང་མ་ནི་ས་ཆ་གང་ལ་མཚོན་ནའང་མཐོང་དཀོན་པའི་སྲོག་ཆགས་ཤིག་མིན་པས་འདི་ལ་གབ་ཚིག་གི་རྣམ་པ་ཡང་མང་པོ་འདུག གོང་གི་འདི་ནི་སྦྲ་མ་དང་འབྲེལ་བའི་གབ་ཚིག་ཁྲོད་ཆེས་རྒྱུགས་ཆེ་ཤོས་དེ་ཡིན། གཞན་གབ་ཚིག་འདིའི་རིགས་ནི་ངག་ལ་བརྗོད་བདེ་ལ་སེམས་སུ་འཛིན་སླ་བས་ཕྱིར་ད་ལྟ་བསླབ་དེབ་ཏུ་ཡང་བཀོད་འདུག་ལ། བྱིས་པ་རྣམས་ཀྱིས་ཉེ་འཁོར་གྱི་སྲོག་ཆགས་ལ་ལྟ་ཞིབ་དང་ངེས་འཛིན་བྱེད་པའི་ཐད་ལ་དོན་སྙིང་ཆེ་བར་སྙམ།
这是一则关于昆虫的谜语。
这是一则关于昆虫的谜语。蜜蜂头上两根触角比喻成牦牛的两根牛角,蜜蜂身上的纹理呈黄黑。比喻成猎豹身上的纹理,非牛两只角,非豹纹满身。因蜜蜂随处可见,有关蜜蜂的谜语也广泛而普遍。此谜语纳入了小学藏语教科书,目的是为乐让儿童更好地认知此类昆虫。
With black and yellow stripes on its body and downturned antenna, the bee has both horns like a wild yak and stripes like a tiger.
- འབྲོང་མིན་ནི་རྭ་ཐུར་ཅན།What is not a wild yak, but has downturned horns,
- སྟག་མིན་ནི་ཐིག་ལེ་ཅན་ཅི་ཁེད།and is not a tiger, but has stripes?
- གབ་ལན་ནི་སྦྲང་མ་རེད།The answer is a bee.
- སྦྲང་མའི་མགོ་ན་རྭ་ཡོད་པས་དེ་ལྟར་བརྗོད་པ་དང་།It is said that on a bee's head, there are horns just like that, and
- སྟག་མིན་ནི་ཐིག་ལེ་ཅན་ཟེར་བ་ནི་as for not being a tiger but having stripes,
- སྦྲང་མའི་ལུས་སྟེང་ན་ཁྲ་ཐིག་ཡོད་པས་ཡིན།there are striped lines on a bee's body.