01 Feb 2012
2 min 39 sec
Video Overview
Creators:
Columbia University, Tibetan Academy of Social Sciences, Tibet University, University of Virginia
A young man from Lhagyari talks about his family and personal history.
ལྷ་རྒྱ་རིའི་ན་གཞོན་ཞིག་ལ་བཅར་འདྲི་ཞུས་ནས་ཁོའི་ལོ་རྒྱུས་དང་ནང་མི་སྐོར་ལ་གླེང་བ།
- Lhokha
- བཅའ་འདྲི་བ་པ་ཕའི་ལོ་རྒྱུས་བཟོ་ར་ཅིག་ཤོད་དང་།
- བཅའ་འདྲི་བྱ་ཡུལ་པ་ཕའི་ལོ་རྒྱུས་བླ་འབྲིང་དགོན་པའི་བླ་མ་བཱ་ག་དེ་ནི་དེ་ནས་དེ་ནི་ཤོད་ཡས་སེ་མེད།
- བཅའ་འདྲི་བ་ད་དེ་ནི་དོ་པར་ལྷ་རྒྱ་རིའི་གདུང་རྒྱུད་ག་སེ་༼གང་འདྲ།༽འགྲོ་གི་ཡོད་མེད་ར་ཅིག
- བཅའ་འདྲི་བྱ་ཡུལ་ད་འོ་དེ་པ་ཕའི་ངོས་ནས་འགྲོ་ཅོག་ཡོག་ནོ་སེ།༼འགྲོ་གི་ཡོག་རེད།༽
- བཅའ་འདྲི་བྱ་ཡུལ་ད་ཨ་ཕའི་ག་ག་ས་གོ་བྱས་པའི་ནི་སྲོང་བརྩན་སྒམ་པོའི་གདུང་རྒྱུད་ད་པ་ཕའི་ངོས་ནས་ག་འདྲས་སེ་
- བཅའ་འདྲི་བྱ་ཡུལ་འགྲོ་གྱི་ཡོད་མེད་ང་རས་ཡི་༼ང་རང་གིས་ཀྱང་།༽ཤོད་ཡས་མེད།
- བཅའ་འདྲི་བྱ་ཡུལ་འགྲོ་ཡས་ཨ་ཕའི་ངོས་ནས་འགྲོ་བྱེད་ཡོག་ནོ།༼འགྲོ་གི་ཡོག་རེད།༽
- བཅའ་འདྲི་བ་ལྷས་ས་ལ་སྐོམ་མཆེད་བཟོ་ར་དེ་འདྲས་ཡོད་པས།
- བཅའ་འདྲི་བྱ་ཡུལ་ངའི་སྒང་མ་༼རང་ལས་རྒན་པ།༽ཅིག་ཡོ་ནོ་འོ་དེ་དེ་ནི་ཡར་འབྲོག་གཡུ་མཚོའི་བླ་མ་བཱ།
- བཅའ་འདྲི་བྱ་ཡུལ་ད་འོ་ག་ག་ཟ་གོ་བྱས་པས་ད་སྨན་རྩིས་ཁང་ནང་ལ་སླེབས་བསྡད་ཡོག་ནོ།
- བཅའ་འདྲི་བྱ་ཡུལ་དེ་ནི་ཨ་ཅག་ཡོག་གས་ནོ་ཨོ་དེ་ནི་བསམ་ཡས་ལ་སླེབས་བསྡད་པ།
- བཅའ་འདྲི་བྱ་ཡུལ་ཆུ་མགོ་ལ་ཡོད་པ། ཨ་ནེ་བྱས་བཞུགས་ཡོད་པ། ད་ལྷ་རྒྱ་རིའི་དགོན་པའི་ནང་ལ་ངའི་འོག་མ་ཅིག་ཡོད་པ།
- བཅའ་འདྲི་བྱ་ཡུལ་འོ་དེ་ནི་ནོ་རུ་ཨིན་ཆུང་བཱ་ལགས།
- བཅའ་འདྲི་བ་ད་ནང་ལ།
- བཅའ་འདྲི་བྱ་ཡུལ་ནང་ལ་ཨ་མ་བྱས། འོག་མ་བུ་མོ་ཅིག་བསྡད་ཡོག་ནོ།
- བཅའ་འདྲི་བ་བསྟན་འཛིན།
- བཅའ་འདྲི་བྱ་ཡུལ་བསྟན་འཛིན་ཡི་བསྡད་ཡོག་ནོ། འོང་།
- བཅའ་འདྲི་བ་ད་ཁྱེད་རང་ལྷ་རྒྱ་རིའི་གདུང་རྒྱུད་ཨིན་ག༼རེད་པ།༽
- བཅའ་འདྲི་བྱ་ཡུལ་ཨིན་ལའོ་ད།
- བཅའ་འདྲི་བ་ཨོ་དེ་ག་སེ་ཨིན་མིན་༼ཡིན་མིན།༽གདུང་རྒྱུད་ག་གཏུག་སེ་ཡིན་མིན་ཁྱེད་རའི་
- བཅའ་འདྲི་བྱ་ཡུལ་ཡབ་བཤགས་༼བཤེགས།༽ངན་དེའི་མིང་བྱས་དེ་ནི་ཁྱེད་རའི་མིང་བྱས་དེ་ནི་ནང་ལ་མི་ག་ཚོད་མེད་བྱས།
- བཅའ་འདྲི་བྱ་ཡུལ་ང་ལྷ་རྒྱ་རིའི་གདུང་རྒྱུད་ཨིན་ནོ། དའ་པ་ཕའི་ངོས་ནས་འགྲོ་བྱེད་ཡོག་ནོ།
- བཅའ་འདྲི་བྱ་ཡུལ་ངའི་མིང་ལ་བསྟན་འཛིན་ནོར་བུ་ཟེར་བྱོས་ལའོ། ལོ་༢༡ཡིན།
- བཅའ་འདྲི་བྱ་ཡུལ་ཡབ་ཀྱི་མིང་ལ་བྱམས་པ་རིན་པོ་ཆེ་ཟེར་གྱ་༼ཟེར་གྱི་རེད།༽ལགས།
- བཅའ་འདྲི་བ་དེ་ནི་ནང་ལ་སྐོམ་མཆེད་ག་ཚད་ཡོད་མེད།
- བཅའ་འདྲི་བྱ་ཡུལ་ནང་ལ་སྐོམ་མཆེད་ད་པ་ཕ་བཤགས་ངན་དེའི་ཕྲུ་གུ་རང་དྲུག་ཡོག་ནོ།
- བཅའ་འདྲི་བྱ་ཡུལ་རྒན་པ་དེ་ད་ལྷས་ས་ལ་སྨན་རྩིིས་ཁང་ནང་ལ་བཞུགས།
- བཅའ་འདྲི་བྱ་ཡུལ་དེའི་འོག་མ་དེ་དེ་ནི་བསམ་ཡས་ཆུ་མགོ་ལ་ཡོད་པ།
- བཅའ་འདྲི་བྱ་ཡུལ་ཆུ་མགོའི་འོག་མ་དེ་ད་ད་ལྟ་ནང་ལ་བསྡད་པ་ལའོ།
- བཅའ་འདྲི་བྱ་ཡུལ་བསྟན་འཛིན་ཟེར། ད་དེ་ནས་དེ་ནི་ང་ཨིན་ལའོ།
- བཅའ་འདྲི་བྱ་ཡུལ་དེ་ནས་ནོ་རུ་བཙུན་ཆུང་གནང་ཀྱོ་དེ་བྱས། དེ་ནི་འོག་མ་བུ་མོ་གཅིག་ཡོག་ནོ།
- བཅའ་འདྲི་བ་ད་ཁྱེད་རའི་ལོ་རྒྱུས་ར་གཅིག་སློབ་གྲྭ་ལ་ག་དུས་ཕྱིན་ཡོད་མེད།
- བཅའ་འདྲི་བྱ་ཡུལ་ད་ང་སློབ་གྲྭ་ལ་ལོ་རིམ་ཨེ་ང་ག་ཙ་ན་༼བྱིས་དུས།༽ལོ་རིམ་གཉིས་པ་བཙུག་ཕྱིན་པོ་ལའོ།
- བཅའ་འདྲི་བྱ་ཡུལ་དེ་ནས་ལོ་རོམ་གཉིས་པ་ནས་དེ་ཡར་བླ་འབྲིང་དགོན་པ་ལ་
- བཅའ་འདྲི་བྱ་ཡུལ་པ་ཕའི་དགོན་པའི་ཡར་བཙུན་ཆུང་ལ་བཙུགས་པོ་ལའོ།
- བཅའ་འདྲི་བྱ་ཡུལ་ལོ་གཉིས་ཙམ་བསྡད་པོ་དེ་ནས་དེ་མར་ཡོང་ལྷ་རྒྱ་རིའི་དགོན་པ་ལ་ཟླ་བ་བདུན་ཙམ་ཞིག་བསྡད་པོ་ལའོ།
- བཅའ་འདྲི་བྱ་ཡུལ་དེ་དེ་ནང་ལ། དགོན་པ་ལ་མ་བསྡད་བྱས་ནང་ལ་བསྡད་པོ་ལའོ།
- བཅའ་འདྲི་བྱ་ཡུལ་ད་ག་སེ།༼འདུག་སེ།༽
- བཅའ་འདྲི་བ་ད་ནང་གི་ལས་ཀའི་ནུས་ཤུགས་འདོན་ངན༼མཁན་༽ར་ཅིག
- བཅའ་འདྲི་བྱ་ཡུལ་ནུས་ཤུགས་འདོན་ངན་ཨ་མ་མ་ཤེད་༼མ་གཏོགས་༽ཡོག་མ་ནི་ལའོ་དའ།
- བཅའ་འདྲི་བྱ་ཡུལ་ཕ་མ་གཅིག་གུ་ལ་བརྟེན་ཀྱོ་ར་ཅིག་ཨིན་ལའོ།