Skip to main content Skip to search
15 Dec 2011
3 min 56 sec
Video Overview
Creators: 
Unknown

Trashi Norbu inquirers about the cost and conditions involved in renting a car to go to Ngari from Lhasa.

Transcript search
No results found for this search
0 of 0
  • བཀྲ་ཤིས་ནོར་བུ་ Trashi Norbu
    འདི་ཁྱེད་རང་མིན་འགྲོ་མོ་ཊ།
    Is that your car?
  • མོ་ཊའི་བདག་པོ་ Car owner
    རེད།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས།
    I see.
  • འདི་རུ་སྟོད་བར་དུ་འགྲོ་དགོས་ཀྱི་འདུག ག་ཚོད་ཡིན་ནམ།
    I need to go to Rutö. How much you charge for the trip?
  • མོ་ཊའི་བདག་པོ་ Car owner
    འདི་ལ་ཡཱ་ཀི་ལོ་མི་ཊར་རྩིས་ཀྱི་ཡོད་རེད།
    It depends on how many kilometers you travel.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས།
    I see.
  • ག་ཚོད་ཡིན་ནམ་ཀུང་ལི་ (ཀི་ལོ་མི་ཊར་) གཅིག་ལ།
    And how much you charge per kilometer?
  • མོ་ཊའི་བདག་པོ་ Car owner
    ཀི་ལོ་མི་ཊར་གཅིག་ལ་སྒོར་ ༣་༥༠བྱེད་ཀྱི་ཡོད་རེད།
    The rate is 3.50 Renminbi per kilometer.
  • བཀྲ་ཤིས་ནོར་བུ་ Trashi Norbu
    སྒོར་ ༣་༥༠ ལགས།
    Did you say 3.50 Renminbi?
  • མོ་ཊའི་བདག་པོ་ Car owner
    འོ།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་ག་ཚོད་ཡོད་དམ་ཀུང་ལི།
    And how many kilometers are there (between Lhasa and Rutö)?
  • མོ་ཊའི་བདག་པོ་ Car owner
    ལྟ་འདི་ལ་ཡཱ་ ༡༧༠༠ ལྷག་ཙམ་ཡོད་རེད།
    The distance is little over 1700 kilometers.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ༡༧༠༠ ལགས།
    1700?
  • མོ་ཊའི་བདག་པོ་ Car owner
    ལགས་འོང་།
    Yes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་བོ་ལོ།
    That is a long distance.
  • ཨཱ་ནི་ལམ་ཀ་གཉིས་ཡོད་རེད་ཟེར་གྱི་འདུག་ག གང་འདྲ་སེ་ཡིན་ནམ།
    Isn't that there are two different routes?
  • མོ་ཊའི་བདག་པོ་ Car owner
    འོ་ལྟ་གངས་རིན་པོ་ཆེ་ལ་ཐད་ཉན་ཡིན་ན་ལམ་ཀ་ལྷོ་དེ་ཐད་དགོས་ཀྱི་རེད།
    If you are going to the Mount Kailash, you have to take the southern route.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    Okay.
  • མོ་ཊའི་བདག་པོ་ Car owner
    རུ་ཐོག་རང་ལ་ཐད་མཁན་ཡིན་ན་བྱང་གི་ལམ་ཀ་ལ་ཐད་དགོས་ཀྱི་རེད།
    If you are only going to Rutö, you can take the northern route.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཁྱད་ཡོད་རེད་པས་དེ་གཉིས་གཉིས་ལ།
    What is the difference between these two routes?
  • མོ་ཊའི་བདག་པོ་ Car owner
    དེ་གཉིས་བར་ལ་ཏིག་ཙམ་ཞིག་བྱང་གི་ལམ་ཀ་ལ་ཐད་པ་ཡིན་ན་ཏིག་ཙམ་དཀའ་ལས་ཁག་པ་ཡོད་རེད།
    It is more difficult to drive on the northern route than the southern one.
  • ལྷོའི་ལམ་ཀ་དེ་ཏིག་ཙམ་སྟབས་བདེ་ཀྱི་(ཡི་)རེད།
    The southern route is more smooth.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས།
    I see.
  • ཕར་ཕྱོགས་འགྲོ་དུས་ག་པར་ག་པར་སླེབས་ཀྱི་ཡོད་ནཱ། ས་ཆ་ར་པོ་འདི།
    Which are the places we will come across en route?
  • མོ་ཊའི་བདག་པོ་ Car owner
    ལྟ་ལྷ་ས་ནས་ཐད་བྱས་གཞིས་ཀ་རྩེ་ལ་ཐད།
    From Lhasa, you go to Zhikatsé.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ།
    Yes.
  • མོ་ཊའི་བདག་པོ་ Car owner
    གཞིས་ཀ་རྩེ་ནས་འོ་ས་ག་ཐད།
    From Zhikatsé you will go to Saga.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    Right.
  • མོ་ཊའི་བདག་པོ་ Car owner
    ས་ག་ནས་བར་ཡངས་ལ་ཐད།
    From Saga, your next stop is at Baryang.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    Okay.
  • མོ་ཊའི་བདག་པོ་ Car owner
    བར་ཡངས་ནས་ཨཱ་ནི་གངས་རིན་པོ་ཆེ་ལ་སླེབས་ཀྱི་རེད། ཉིན་མ་བཞི་ལ་ཡ་གིར་གངས་རིན་པོ་ཆེར་སླེབས་ཀྱི་རེད། མགྱོགས་པོ་ཕྱིན་ན།
    From Baryang you will reach the Mount Kailash on the fourth days, provided that we drive fast.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    Okay.
  • ཨཱ་ནི་ཉི་མ་བཞི་བར་དུ་ཕར་ཚུར་ལམ་ཀ་སྒང་ལ་བཟའ་ཡག་དང་། ཉལ་སའི་བཟོ་ལྟ་ཨེ་འདྲས་ཡོད་རེད་པ། འོ་འདི་འདྲས་གང་འདྲ་བྱེད་ཀྱི་ཡོད་དམ།
    How you arrange the lodging and other things during that four-day trip?
  • མོ་ཊའི་བདག་པོ་ Car owner
    ལྟ་དེ་ཚོ་སྦྱིན་བདག་གིས་གནང་དགོས་ཀྱི་རེད།
    The patron has to arrange everything.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས།
    I see.
  • མོ་ཊའི་བདག་པོ་ Car owner
    ང་ཚོས་གཞན་དག་མི་དབོར་ཀ་ཕྱིན་ན་གང་ག་སྦྱིན་བདག མོ་ཊའི་ནང་གི་འགྲུལ་པས་གནང་གི་ཡོད་རེད།
    If we have to take some passengers, they have to provide everything for the driver.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    I see.
  • འདི་ཚོ་ཡོང་གི་རེད་པས། མོ་ཊ་འདི་ལ།
    Can this car make the long trip?
  • མོ་ཊའི་བདག་པོ་ Car owner
    མོ་ཊ་སྤྱིར་བཏང་སྣང་དག་ཡོད་མ་རེད།
    No problem at all.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨམ་་་
    Um...
  • མོ་ཊའི་བདག་པོ་ Car owner
    སྤྱིར་བཏང་སྣང་དག་སེ་ཡོད་མ་རེད།
    It has no issue at all.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལྟ་མ་རེད་ད་ལྟ་བྱས་ན་ཆར་པ་ཞེ་པོ་འབབ་ཀྱི་འདུག་ག ཨཱ་ནི་ལམ་ཀ་གང་འདྲ་ཞིག་ཡོད་ནཱ།
    These days, there are lots of rains. I am concerned about the road condition.
  • མོ་ཊའི་བདག་པོ་ Car owner
    ལྟ་ལམ་ཀ་བཤད་ཐུབ་ཀྱི་མ་རེད།
    It is hard to tell the condition of the road now.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལགས།
    What?
  • མོ་ཊའི་བདག་པོ་ Car owner
    ལམ་ཀ་བཤད་ཐུབ་ཀྱི་མ་རེད།
    It is hard to tell.
  • ཆར་པ་ཞེ་པོ་བབས་ན། ཁ་ཤས་རི་མཐོ་པོ་མར་ཉིལ་ཡོང་གི་རེད།
    If there is heavy rain, it might trigger a landslide from the slopes of the mountains.
  • ཡང་ལམ་ཀ་ཆུས་འཁྱེར་བྱས་ལམ་ཀ་ཁག་གཅིག་ཆུས་མེད་པ་བྱེད་ཀྱི་ཡོད་རེད།
    Or the road could be washed away by heavy rainfall.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་ཡཱ།
    Oh no!
  • མོ་ཊའི་བདག་པོ་ Car owner
    ལྟ་ལམ་ཀ་དེ་དཀའ་ལས་ཁག་པོ་ཞེ་པོ་རེད།
    So it is hard to predict the road condition.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལྟ་འདི་འདྲས་བྱས་ན་ཕར་ལས་ཀྱི་མ་རེད་པ། དཀྱིལ་འདི་པ།
    How likely we get stranded on the road in such conditions?
  • མོ་ཊའི་བདག་པོ་ Car owner
    ལྟ་འདི་བཤད་ཐུབ་ཀྱི་མ་རེད།
    That's hard to tell.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལགས།
    What?
  • མོ་ཊའི་བདག་པོ་ Car owner
    བཤད་ཐུབ་ཀྱི་མ་རེད།
    There is no way to tell.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་ཡཱ་ལྟ་དཀྱིལ་འདི་པ་ལས་(ལུས་)ཀ་བྱས་ན།
    If we get stranded in the middle of the journey, then we will be in big trouble.
  • ཨཱ་ནི་ཕར་ནས་ཚུར་ཡོང་དུས་མོ་ཊ་སྟབས་བདེ་པོ་ཡོད་རེད་པས།
    Is it easy to get a car from there for the return trip?
  • མོ་ཊའི་བདག་པོ་ Car owner
    ཕར་ནས་ཚུར་མོ་ཊ་དེ་ལྟ་དཀའ་ལས་ཁག་པོ་རེད། དེ་ནས་ཁྱེད་རང་རྣམ་པས་གླས་བྱས་འཁྲིད་ཐད་པ་རེད་པཱ།
    It is hard to get one from there if you are planning a one-way trip from here.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ་རེད།
    Right.
  • མོ་ཊའི་བདག་པོ་ Car owner
    ཕར་ནས་ཚུར་ཡང་འདུག་སེ་སྟོང་པ་བར་ལ་ཡོང་མཁན་དཀའ་ལས་ཁག་པོ་རེད།
    No driver wants to return from there with an empty car.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས།
    I see.
  • ང་ད་རེས་ཕར་གཅིག་སྤུན་སྐྱ་གཅིག་རྩར་ལ་འགྲོ་ཉན་ཡིན་པ།
    This time I am going to see a relative who lives there.
  • མོ་ཊའི་བདག་པོ་ Car owner
    ལོའོ་སོ།
    I see.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་ཕ་གིར་ཕལ་ཆེར་ཉིན་པ་བཅུ་ཙམ་ལས་(ལུས་)པ་འདུག་ག
    We might stay there for about ten days.
  • མོ་ཊའི་བདག་པོ་ Car owner
    ལོའོ་སོ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འདིའི་བར་རུ་ལ་མཉམ་པོར་བཞུགས་རོགས་གནང་ཟེར་ན།
    Can we ask you stay with us during those days?
  • མོ་ཊའི་བདག་པོ་ Car owner
    ལགས་འོང་།
    I can do that.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཕྱག་རིན་གང་འདྲ་སེ་རྩིས་རྒྱག་གི་ཡོད་ནཱ།
    And how do you charge?
  • མོ་ཊའི་བདག་པོ་ Car owner
    ལྟ་ཨཱ་ནི་ཉི་མ་རེ་ལ་་་
    The for one day...
  • ལྟ་ང་ཚོ་ཁྲལ་མཐོ་པོ་ཞེ་པོ་རེད། སྣུམ་ཡང་གོང་ཆེན་པོ་བྱས།
    The thing is that we have to pay high taxes and the gas price is also very high.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    Okay.
  • མོ་ཊའི་བདག་པོ་ Car owner
    ཨཱ་ནི་སྤྱིར་བཏང་ལྟ་ད་ལྟ་ཟླ་བ་བརྒྱད་པ་རེད་པཱ།
    Now it is August, right?
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལགས་འོང་།
    Yes.
  • མོ་ཊའི་བདག་པོ་ Car owner
    བརྒྱད་པ་དེ་ནས་དགུ་པ་སེ་བྱས་ཨཱ་ནི་སྤྱིར་བཏང་ལས་ཡོད་མ་རེད།
    From August and September onward, basically, there is no business.
  • ཨཱ་ནི་གཞུང་གི་ཁྲལ་ཁོ་ར་ནི་ཞེ་པོ་སྤྲད་དགོས་ཀྱི་རེད།
    And then we have to pay very high taxes to the government.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས།
    I see.
  • མ་རེད་ལྟ་ཕ་གིར་སྡོད་ཞུགས་རིང་ལྟ་འདི་འདྲས་ཟ་ཡག་འཐུང་ཡག་ང་ཚོས་འདི་བྱེད་ཀྱི་རེད་པ།
    During our stay, we will arrange food and everything for the driver.
  • ལྟ་ཕལ་ཆེར་མོ་ཊ་བེད་སྤྱོད་སེ་ཡོད་མ་རེད།
    And we won't be using the car that much.
  • མོ་ཊའི་བདག་པོ་ Car owner
    ཨཱ་ནི་ཉིན་པ་རེ་ལ་སྒོར་མོ་༤༠༠གནང་ན།
    How about you give me 400 Renminbi per day?
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་བོ་ལོ། ༤༠༠ལགས།
    400 Reminbin!
  • མོ་ཊའི་བདག་པོ་ Car owner
    ལགས་འོང་ལགས།
    Yes, that's correct.
  • ང་ཚོ་ཁྲལ་ཁོ་ར་མཐོ་པོ་ཞེ་པོ་སྤྲད་དགོས་ཀྱི་རེད་དཱ།
    We have to pay high taxes.
  • ལས་ཀ་ཟླ་བ་དྲུག་ཟེར་ག་བྱས། ལོ་ཕྱེད་ཟེར་ག་བྱས་མ་གཞི། ལོ་ཕྱེད་ལས་ཀ་ཡོད་མ་རེད། ཟླ་བ་གསུམ་ཙམ་ལས་ལས་ཀ་ཡོད་མ་རེད།
    Although it is said that we work for a half year, realistically speaking, we are working only for three months.
  • ཁྲལ་ནི་དཔེ་མི་སྲིད་པའི་མང་པོ་སྤྲད་དགོས་ཀྱི་རེད།
    And then we need to pay all kind of taxes.
  • བཀྲ་ཤིས་ནོར་བུ་ Trashi Norbu
    གོང་ཏིག་ཙམ་མཐོ་དྲགས་བཟོ་ལྟ་ཞིག་འདུག་ལྟ།
    The rate is a little too high for me.
  • མོ་ཊའི་བདག་པོ་ Car owner
    ལོའོ།
    I see.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལགས།
    What?
  • མོ་ཊའི་བདག་པོ་ Car owner
    གོང་ལྟ་མཐོ་པོ་ཡོད་མ་རེད། འདི་འདྲས་ཤིག་རེད།
    It is not high.
  • ཨཱ་ནི་ཕྱི་རྒྱལ་གྱི་འདི་འདྲས་འབྲེལ་བ་བྱེད་ས་ལས་ཁུངས་འདི་འདྲས་ཡོད་རེད།
    If you approach a travel agency,
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ།
    Yes.
  • མོ་ཊའི་བདག་པོ་ Car owner
    འདི་འདྲས་ལ་ཐད་པ་ཡིན་ན་ཡང་ཁོ་ཚོ་ད་གླ་མཐོ་པོ་ཞེ་དྲགས་རེད།
    they will charge you a huge sum.
  • ཨཱ་ནི་ང་ཚོའི་འདི་ཡང་འདའི་ཁ་ཐུག་ཁ་ཐུག་ད་གླ་འདི་བྱེད་ཀྱི་ཡོད་རེད།
    Here we negotiate the price with the customer directly.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    Okay.
  • མོ་ཊའི་བདག་པོ་ Car owner
    གོང་འཚམ་པོ་ཞེ་དྲགས་རེད་ང་ཚོའི་འདི།
    And our price is very reasonable.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལྟ་བྱས་ཙང་མ་རེད། ད་རེས་ང་ཚོ་སྔས་ལ་བསླབ་གྲྭ་དགུང་གསེང་བཞག་དང་སྦྲགས་གཅིག་བྱས་གཅིག་འགྲོ་དགོས་བསམས་བྱུང་།
    Right now it is school break that why I am planning this trip.
  • མོ་ཊའི་བདག་པོ་ Car owner
    འོ།
    Okay.
  • མོ་ཊའི་བདག་པོ་ Car owner
    ལྟ་ཏིག་ཙམ་ཡང་ཏིག་གནང་རོགས་གནང་།
    Can you reduce the price a little?
  • མོ་ཊའི་བདག་པོ་ Car owner
    ལྟ་དེ་ནས་བཅག་ན་ང་གྱོང་ཞེ་པོ་རག་པ།
    If I go below what I asked for, I will lose money.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལགས།
    What?
  • མོ་ཊའི་བདག་པོ་ Car owner
    ང་གྱོང་ཞེ་པོ་རག་པ།
    It is a big loss for me.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨཱ་ནི་ནམ་རྒྱུན་ཕྱི་རྒྱལ་དབོར་ནའི་ད་ག་རེད་པས་དངུལ།
    How about the rate for foreigners, is it the same?
  • མོ་ཊའི་བདག་པོ་ Car owner
    ཕྱི་རྒྱལ་དབོར་ན་དེས་ཚད་ཀྱི་མ་རེད་ཡང་། འདི་པ་ཕྱི་རྒྱལ་དབོར་སའི་འདི་འདྲས་ལས་ཁུངས་འདི་འདྲས་ཡོད་རེད་པཱ།
    For foreigners, the rate is much higher. Those agencies that serve the foreigners, they charge a lot.
  • བཀྲ་ཤིས་ནོར་བུ་ Trashi Norbu
    འོ།
    I see.
  • མོ་ཊའི་བདག་པོ་ Car owner
    དེ་ཚོ་མཐོ་པོ་ཞེ་དྲགས་རེད།
    Their price is very high.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ཨ་ལས།
    I see.
  • མོ་ཊའི་བདག་པོ་ Car owner
    ཀུང་ལི་ལྔ་ཙམ། དྲུག་ཙམ་འདི་འདྲས་ལེན་གྱི་རེད།
    They will charge between five to six Renminbi per kilometer.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    I see.
  • མོ་ཊའི་བདག་པོ་ Car owner
    ཨཱ་ནི་ང་ཚོའི་འདའི་འདི་རེད་པཱ། འོ་ད་༣་༥༠རེད་པ།
    Here we charge only 3.50 Renminbi per kilometer.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    Okay.
  • ཨ་བོ་ལོ། ལྟ་གོང་ཏིག་ཙམ་མཐོ་དྲགས་འདུག
    Your price is very high.
  • མོ་ཊའི་བདག་པོ་ Car owner
    ལོ། གོང་མཐོ་པོ་ཡོད་མ་རེད། གོང་དམའ་པོ་ར་ཅིག་རེད། ང་ཚོ་ཁ་ཐུག་ཞུས་པ་རེད།
    No, it isn't. Frankly speaking, in fact, it is quite low.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ།
    Okay.
  • ལྟ་སྔས་ལ་ང་རོགས་པ་ཞིག་ཡོད། ལྟ་འདི་དང་གྲོས་བསྡུར་བྱས་འདི་བྱེད་ཀྱི་ཡིན།
    I have one friend coming with me. I will discuss with him first.
  • མོ་ཊའི་བདག་པོ་ Car owner
    ལཱ་སེ།
    Okay.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལྟག་པར་འདའི་ཞུགས་ཞུགས་པ་རེད། རེད་པཱ།
    Will you be here all the time?
  • མོ་ཊའི་བདག་པོ་ Car owner
    ལྟག་པར་བསྡད་ཀྱི་རེད་འདའི་ཡཱ།
    Yes, I will be here.
  • བཀྲ་ཤིས་ནོར་བུ་ Trashi Norbu
    ལཱ་སེ། འོ་ཐུགས་རྗེ་གནང་།
    Okay. Thank you very much.
  • མོ་ཊའི་བདག་པོ་ Car owner
    ལཱ་སེ། ལཱ་སེ།
    You are welcome.