Skip to main content Skip to search
15 Dec 2011
1 min 54 sec
Video Overview
Creators: 
Unknown

Trashi Norbu and Kelzang Püntsok talk about women's personalities.

བཀྲ་ཤིས་ནོར་བུ་དང་སྐལ་བཟང་ཕུན་ཚོགས་གཉིས་ཀྱིས་བུད་མེད་གཤིས་ཀའི་སྐོར་གླེང་བ།

Transcript search
No results found for this search
0 of 0
  • ཁ་སང་གི་བུ་མོ་འདི་གང་འདྲ་འདུག
    How is the girl you met yesterday?
  • བུ་མོ་ག་གི
    Which one?
  • ངས་རང་ལ་ངོ་སྤྲོད་བྱས་རྒྱོག་ཚེ་གཡང་ཟེར་ཡག་དེ་སྤོ།
    Tseyang, the one I introduced to you.
  • ཡག་པོ་མི་འདུག ཆོ་མི་འདུག
    She is not good. I am not interested in her.
  • གང་བྱས་བཞག་ཟེར་གྱི་ཡོག་རེད།
    Why do you say so?
  • ཨཱ།
    What?
  • བུ་མོ་འདི་ལས་ཀ་ལྟ་ཡག་པོ་རྒྱོའོ་ཡོག་རེད་དཱ།
    She has an excellent job.
  • འ་ཨང་འདི་ག་རེད་གཤིས་ཀ་ཁྱད་མཚར་པོ་ཞིག་འདུག་ག་དེ།
    Her character is very bizarre.
  • འ་ཨང་གཤིས་ཀ་ཨེ་འདྲས། གཤིས་ཀ་ཞུགས་པོར་གོམས་འགྲོ་གི་རེད་སྤོ། ཆང་ས་བརྒྱབ་ཚར་སོང་ན།
    Once you two are married, you will get used to it.
  • ཨེ་འདྲས་དང་ཆང་ས་རྒྱག་ནུས་པ་མི་འདུག ཨོ་གོ
    I dare not marry such a girl.
  • ངས་ཞུ་གུར་གཅིག་འཚལ་ཡོང་གཱ་ཨཱ་ནི།
    You want me to find another girl for you?
  • འོང་ལྟ། གང་ལྟར་གཤིས་ཀ་ཕར་ཏིག་ཙམ་ཡག་ག་ཞིག
    Yes. Please find someone with good personality.
  • ལྟ་རང་ལ་ཐེངས་མ་ག་ཚོད་བཙལ་བྱུང་རང་ལ་ཨཱ།
    Haven't I introduced many girls to you so far?
  • ཐེངས་མ་དྲུག་ཙམ་མིན་འགྲོ་ཕལ་ཆེར།
    I think about six girls.
  • འདི་བུ་མོ་འདི་གཤིས་ཀ་འདི་འདྲས་རེད་ཤག ཁ་ཀར་བསྡད་མཁན་ཨེ་འདྲས་ཡོད་པཱ། སྐད་ཆ་བཤད་ཀྱི་མི་འདུག
    The problem with the last girl is that she hardly said a word.
  • འོ་འདི་འདྲས་དེ་ཤག་དཀོན་པོ་རེད་དཱ། སྤོའོ།
    Friend, such girls are rare these days.
  • ཕར་ག་རེ་བཤད་ཀྱང་འོ་དང་མིན་མ་གཏོགས་གཞན་ཚིག་གཅིག་བཤད་ཀྱི་མི་འདུག ཐོད་པ་བཅས་བཤད་ཀྱི་མི་འདུག་ཚུར།
    Whatever I said to her, she just replied me in one word, either yes or no. That's all.
  • འདི་རང་ངོ་མ་ཤེས་ཙང་བྱས་པ་རེད། འགྲིག་སོང་ན་སྐད་ཆ་ཞེ་པོ་བཤད་ཡག་ཡོག་རེད།
    That is because she does not know you well. Once she does, she talks a lot.
  • འོ་ཛི་ལྟ་ཟླ་བ་གཉིས་རེ་རྦད་དེ་སྐད་ཆ་བཤད་བསྡད་ད་དུང་ངོ་མ་ཤེས་ཙང་། ད་དུང་ག་ཚོད་བྱེད་འགྲོ་ཡོད་ན་འདུག་སེ་བྱས་བྱས།
    Oh no! It has been like that for two months since we met each other. I cannot continue like that.
  • མ་དགོས་པས།
    You don't like her?
  • ལྟ་མིན།
    No.
  • འདི་ལྟ་གཡུག་བཞག་ན་དགའ། ཏིག་ཙམ།
    Better let go of her.
  • འདི་ལས་ཁ་སང་ཕ་གིར་ག་རེད་ཚེ་དབང་ལགས་ཀྱི་གཅིག་འཁྲིད་འདུག་ག འདི་ཡག་པོ་ཞིག་འདུག ཁ་གསང་པ་ཞེ་པོ་འདུག
    The girl with Tsewang, the one I saw the other day is very nice. She is very frank.
  • ག་རེ་ཟེར་གྱི་འདུག མིང་ག་རེ་ཟེར་གྱི་འདུག
    What is her name?
  • མིང་ལ་ག་རེ་ཟེར། ག་རེ་ཟ། མིང་བརྗེད་བཞག ང་ཚོ་དགོང་ཏག་གཅིག་མི་གིར་མཉམ་པོར་ཡིན་པ། མཉམ་པོར་རྩེད་མོ་རྩེ་དུས། འོ་འདི་མཉམ་པོར་སླེབས་བྱས།
    Her name is... I forgot her name. We were together that night when I was playing with my other friends.
  • ལས་ཀ་ཨོ་ཙམ་ཡོད་ཀྱི་རེད།
    How about her job?
  • ལས་ཀ་ག་པར་ཟ་གཅིག་ལ་རེད་ཟེར། ལྟ་གསལ་པོ་ཞེ་དྲགས་དྲིས་མེད། གསལ་པོ་དྲིས་ན་ཡག་པོ་མི་འདུག་ག
    She is working at somewhere. It doesn't look nice to ask details about her job.
  • འོ་འོ།
    Right.
  • ཨཱ་ནི་མཉམ་དུ་འདུ་སེ་བྱས་ཏིག་ཙམ་བསྡད། ཁ་གསང་པོ་རྒྱོའོ་འདུག
    So like that, I spent some time with her. She is very open.
  • འདི་དུས་ཚོང་ཁང་ལ་ཁ་པར་ཞིག་བརྒྱབ་སྐད་ཆ་དྲིས་དང་།
    You make a call today to the shop and ask about her.
  • འོ་རེད།
    Okay.
  • གང་འདྲ་འདུག་སེ།
    And ask how she is?
  • འོ་རེད།
    Alright.
  • ཚེ་དབང་མཉམ་དུ་འཁྲིད་བཞག་ཟེར་རེད་པ།
    The one with Tsewang.
  • ངས་ལྟ་ཙམ་བྱས་གོ
    I will check.
  • རེད། ལྟ་ཙམ་བྱས་ནའི་གལ་བྱེད་ཡག་མེད་པ། རེད་པ། ཇ་ཐུངས།
    Okay. Inquire about her. Other than that we cannot do anything. Now drink your tea.