Skip to main content Skip to search
15 Dec 2011
1 min 4 sec
Video Overview
Creators: 
Unknown

Jangbu, a modern Tibetan poet from Amdo, reads the poem "You All" from his book Poetic Compositions: The Nine-Eyed Zi Stone. This poem is on page 69.

Transcript search
No results found for this search
0 of 0
  • ལྗང་བུ
    ཁྱོད་ཚོ་མཚན་མོ་དེར་རང་ལུས་དགུང་དུ་འཕྱར་ནས།  སྔོན་ཐོན་གྱི་མིང་ཐོག་ནས་ཁྱོད་ཚོ་སླེབས་སོང་། མཚོན་ཆ་དཔེ་གསར་དང་སྐད་རིགས་གསར་པ་ཞིག་འཁྱེར་ནས། དེ་རིང་ང་རང་གང་ཞིག་ཏུ་འགྲོ་བའི་སེམས་ཐག་བཅད་ཟིན། ང་ལ་རང་ཡུལ་དུ་ལུས་སོང་བསམ་པ་ཅི་ཡང་མི་འདུག་པས་སོ།
    khyod tsho mtshan mo der rang lus dgung du 'phyar nas/__sngon thon gyi ming thog nas khyod tsho slebs song /_mtshon cha dpe gsar dang skad rigs gsar pa zhig 'khyer nas/_de ring nga rang gang zhig tu 'gro ba'i sems thag bcad zin/_nga la rang yul du lus song bsam pa ci yang mi 'dug pas so/
  • ལྗང་བུ
    རྨི་ལམ་དུ་བཞུད་བཞིན་པའི་རྐང་ཐང་གི་རྨིག་རྗེས་ཀྱིས་གང་། ལུས་པོ་ནི་གྲང་མཁྲེགས་ཀྱིས་ཀྱང་འཁྱེར་བའི་འདོན་འདྲེ་དང་འདྲ། ང་ཡི་སེམས་དང་ངའི་ལ་རྒྱ་ནི་དུས་ཚོད་ཀྱི་རོ་མྱག་བསལ།
    rmi lam du bzhud bzhin pa'i rkang thang gi rmig rjes kyis gang /_lus po ni grang mkhregs kyis kyang 'khyer ba'i 'don 'dre dang 'dra/_nga yi sems dang nga'i la rgya ni dus tshod kyi ro myag bsal/
  • ལྗང་བུ
    ལོ་ནས་ལོ་རུ་སྤུངས་བའི་ཤོག་སྒྲིལ་ཕུང་པོ་ཞིག་དང་འདྲ། ད་དུང་ཅི་ཞིག་ལུས་འདུག་བསམ་ན། ལོག་གཡེམ་དེ་ལོངས་སྤྱོད་གཅིག་རེད་བསམ་ན། ཆབས་ཞིག།ཁྱོད་ཀྱི་དབང་ཆ་རེད། བདེ་ལེགས་བྱོས་ཁྱོད་ཚོ། རེ་ཞིག་བདེ་ལེགས་བྱོས་ཁྱོད་ཚོ།
    lo nas lo ru spungs ba'i shog sgril phung po zhig dang 'dra/_da dung ci zhig lus 'dug bsam na/_log g.yem de longs spyod gcig red bsam na/_chabs zhig/khyod kyi dbang cha red/_bde legs byos khyod tsho/_re zhig bde legs byos khyod tsho/