Video Overview
Tsering Gyelpo interviews monks from Sakya Monastery about the history of their lineage, monastery, and texts.
- Tsang
- Sakya
- སྐུ་ཞབས་ལགསད་ས་སྐྱའི་གྲུབ་མཐའ་འདི། སྤྱིའི་སྒོ་ནས་སངས་རྒྱས་བསྟན་པའི་གྲུབ་མཐའ་དེ་ད། སྒང་ག་ཁོ་ར་གཅིག་པ་རེད། ང་ཚོ་གྲུབ་མཐའ་བོད་ལ་ཡོད་པའི་ནང་པ་སངས་རྒྱས་ཀྱི། དེའི་ནང་ནས་ས་སྐྱའི་གྲུབ་མཐའ་དམིགས་བསལ་ཆགས་དགོས་ཡས་དེ། ད་ཅིག་ས་སྐྱ་ལ། ས་སྐྱ་ཟེར་ནའི། བོད་ཀྱི་སྒོ་ནས་གསང་སྔགས་གསར་རྙིང་ཟེར་འདི་ཐོག་མ་ནས་གྲགས་ཡོའོ་རེད།
- སྐུ་ཞབས་ལགསདེའི་ནང་ནས་ད་གསང་སྔགས་རྙིང་མ་དེ། དེང་སང་གྲྭ་པ་རྙིང་པ་རྐྱང་རེད། དེ་ནས་སྒོ་ནས་ད་གསང་སྔགས་གསར་པ་ཞིག་གཙོ་བ་གསང་སྔགས་གསར་མ། གསར་མ་དེའི་སྒོ་ནས། ད་ཅིག་དུས་ཚོད་བྱས་ན། ད་མར་གླང་དར་མས་འདི་བསྟན་པ་བསྣུབས། དེ་ནས་མར་རིམ་པ་བཞིན་ནས་འདི་ད། བོད་ཀྱི་ཕྱོགས་ནས་རྒྱ་གར་ཕྱོགས་ལ་སློབ་གཉེར་མང་པོ་ཁོ་འདྲས་གཏང་། དེ་དུས་སྒོ་ནས་ཚུར་བོད་ཀྱི་སྒོ་ནས་གཞུང། གཞུང་མདོ་རྒྱུད། བཀའ་བདེ་གཤེགས་དེ་འདྲས་མང་པོ་བསྒྱུར།
- སྐུ་ཞབས་ལགསདེའི་ནང་ནས་ད་གསང་སྔགས། གསང་སྔགས་གཙོ་བོ་ཁོ་འདྲས། ས་གཞིས་ཁོ་ར་ནས་་གྲུབ་མཐའ་གཙོ་བོ་མདོ་སྔགས་གཉིས་བྱས་ནས། གཉིས་ཀ་མ་བཟུང་འབྲེལ་ཡིན་ན་དེ་ཡིན་ན་མིན་ན། གཙོ་བོ་ཆེ་ས་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་ད་སྔགས་ལམ་སྔགས་རྒོལ་བྱེད་ཀྱི་ཡོའོ་རེད། སྔགས་བླ་མ་དང་ཅིག་གསང་སྔགས་རྡོ་རྗེ་ཐེག་པའི་བླ་མ་དང་། དེའི་སྦུག་ལ་ཉམས་སུ་ལེན་ཡས་དེ་ལ་གསང་སྔགས་ཅིག ད་ཅིག་རྡོ་རྗེ་ཐེག་པའི་ལམ། དེ་ལས་ད་ཡོངས་སུ་གྲགས་པ་ཅིག་ལ། ཨ་ནི་ད་ཅིག་གི་ས་སྐྱ་ལ་གྲགས་པ་ཅིག ད་ཅིག་གྲུབ་མཐའ་གཞན་དག་ཅིག་ཡིན་ན།
- སྐུ་ཞབས་ལགསདགེ་ལུགས་ཕྱོགས་ནས་ད་ཕྱིས་སུ་དར་ར་རེད། ད་ཅིག་ལམ་རིམ་ཆེན་པོ་ཟེར་ནའི་འདྲ། དེ་ཡིན་ན་གཞན་དག་གི་ཅིག་སོ་སོ་སོའོ་ཁོ་འདྲས་ཅིག་གི། དུས་ཚོད་མང་པོའི་ཡིན་ན། ས་སྐྱའི་ཐུན་མོང་མ་ཡིན་པ་དེ། དེ་སྔགས་རྒོལ་ཡིན་པ་ཞིག་ལ། དེའི་ཉམས་ལེན་དེ་གཙོ་བོ་གསུང་ངག་རིན་པོ་ཆེའི་ལམ་འབྲས་བུ་དང་བཅས་པ་གདམས་ངག ད་དེའི་སྒོ་ནས་དེའི་སྒོ་ནས་ཅིག་གི་ཕྱིས་སུ་འབྲོག་མི་ཞིག ཕ་ནས་ཚུར་ཅིག་གི་རྒྱ་གར་ནས་ཀ་ཡ་ཏ་ར་ཅིག་བོད་ལ་ལམ་འབྲས། ཅིག་ཚུར་ཅིག་གང་ཟེར་ཐར།
- སྐུ་ཞབས་ལགསདེ་ནས་འབྲོག་མི་ཤཱཀྱ་ཡེ་ཤེས་ཞེས་པ། ལོ་ཙཱ་བ་དེས་ལམ་འབྲས་ཉམས་སུ་བླངས། དེ་ནས་ཁོ་ནས་དེ་ནས་མར་ས་སྐྱའི་ཁུལ་ལ་ད་ཅིག་གི་འཁོན་དཀོན་་མཆོག་རྒྱལ་བོས། འཁོན་རབས་རྣམས་པ་བྱས། དེ་ནས་མར་རིམ་པ་བཞིན་བརྒྱུད་ནས། དེ་ནི་ཅིག་ས་སྐྱའི་རང་གི་ཁུངས་ལ་ཅིག། ལམ་འབྲས་ལ་རིང་བརྒྱུད་ཉེ་བརྒྱུད་ཟེར་མཁན་དེ་འདྲས་གྲགས་ཡོའོ་རེད།
- སྐུ་ཞབས་ལགསདེ་གཉིས་སྒོ་ནས་རིང་བརྒྱུད་དེ་ད་ལྟ་འབྲོག་མི་ལོ་ཙཱ་བ་ནས། ཀ་ཡི་ཏ་ར། ད་ཀ་ཡི་ཏ་ར་བྱས་ནས། ད་དེ་ནས་མར་བརྒྱུད་ནས་བླ་མ་སྲས་སྒང་ཆུང་བ། ཞང་འགྲོ་པོའི་མགོན་པོ། དེ་ནས་འཁོན་ས་སྐྱའི་ཀུན་དགའ་སྙིང་པོ་ལ་དེ་འདྲས་ཁོ་འདྲས་བཀའ་ཕབ། དེ་ནས་ཁོ་འདྲས། དེ་ནས་མར་དར། ད་སྤྱིར་གསང་སྔགས་ཡིན་པ། དེའི་ནང་ནས་གཙོ་བོ་ཁོ་ལམ་འབྲས་ཟེར།
- སྐུ་ཞབས་ལགསལམ་འབྲས་བུ་ཁོ་ནའི་ཐོག་ནས་གཅིག་གི་གདམས་ངག ད་གསང་སྔགས་དེའི་སྒོ་ནས་རྒྱུད་བརྟེན་ས་དེ་ནི་རྩ་རྒྱུད་རྟག་པ་དང་པོ་གཉིས་པ། དང་པོ་སྒོ་ནས་རྩ་རྒྱུད་རྟག་གཉིས་པ་བྱས། དེ་ནས་སྒོ་ནས་དེའི་རྒྱུད་བརྟེན་ས་ཅིག དེའི་སྒོ་ནས་ཐུན་མོང་མ་ཡིན་པའི་དགོངས་པ་འགྲེལ་པ། སྲིན་བུ་བྲག ཐུན་མོང་མ་ཡིན་པའི་སྲིན་བུ་བྲག་རྒྱུད་ལ་བརྟེན་པ། ཐུན་མོང་མ་ཡིན་པའི་རྡོ་རྗེའི་ཁུལ་ལ་བརྟེན་ནས། ད་དེ་ནས་བསྟན་པ་རྒྱུད་ནས། ལྷག་དུས་དེ་ནས་བསྟན་པའི་ལྷ་ད་ཀྱཻ་རྡོ་རྗེ་གཙོ་བོ་སྒོ་ནས་ཀྱཻ་རྡོ་རྗེས་ད་ཉེ་མའི་རྒྱུད་ཀྱི་ཁོངས་གཏོགས་དེ་བར། ད་རྒྱུད་ཀྱི་སྦྱང་ཚད་ད་དེའི་སྒོ་ནས་ཉམས་ལེན།
- སྐུ་ཞབས་ལགསདེ་ཉམས་སུ་ལེན་པར་བྱེད་པ་ལ་དེ་ནི་དེ་ལ་རིང་རྒྱུད་དེ་འདྲས། དེ་ནི་ཉེ་རྒྱུད་ཨ་ནི་ཅིག་གི་རྒྱ་གར་གྱི་གྲུབ་ཆེན་བཻ་རུ་པ། གཅིག་དཔལ་ལྡན་ཆོས་སྐྱོང་། ཨོའོ་ཅིག་ཁོ་འདྲས་སྔ་མོ་ཁོ་ར་ནས་བདག་མེད་ལྷ་མོ་བཅོ་ལྔ། དངོས་སུ་ཞལ་གཟིགས། དེའི་རྗེས་སུ་གསུང་། དེའི་ལམ་འབྲས་དེ་ལམ་འབྲས་དེ་མར་བརྒྱུད་བཻ་བ་པ་ནས་མར་ནག་པ་བར། སྦྲ་མ་རུ་བའི་དེ་ཀ་ཡི་ཏ་ར་ལ་སོགས་པ་མར་བརྒྱུད་ནས་ད་བོད་ཀྱི་ཁོ་ནས་ད་བར་གྱིས།
- སྐུ་ཞབས་ལགསསོ་སོའི་བླ་མ་ད་ལྟ་འཁོན་དཀོན་མཆོག་རྒྱལ་བོ་ནས་མར་བྱས་ནས། ད་དེ་འདྲས་སོ་སོའོ་སྒོ་ནས་ད་ཅིག་ད་ལྟ། ཞལ་བཞུག་པ་ཅིག་སྒྲོལ་མ་ཕོ་བྲང་རྟགས་ཅན་ཁོ་འདྲས། རྟགས་ཅན་རིན་པོ་ཆེ། དཀོན་མཆོག་ཕོ་བྲང་གི་དེ་འདྲས་འཇིགས་འབྲལ་གཅིག་བྱས་ཀུན་དགའ་བསོད་ནམས། ཨོའོ་དེ་བར་དུ་ད་ལྟ་རྒྱུད་པ་མ་ཆད་པ། རིམ་པ་བཞིན་ནས་ཉམས་བཞེས་ཀྱི་ཡོད།
- སྐུ་ཞབས་ལགསདེ་འདྲས་རྒྱུད་དེ་ལ་ད་ཅིག་གི་གསང་སྔགས་དེ་སྤྱིར་ས་སྐྱའི་གྲུབ་མཐའ་དེ་གསང་སྔགས་ཡིན་པ། གསང་སྔགས་དེ་ལ་ཅིག་ལམ་འབྲས་ཟེར་ནའི་སྲོལ་མང་པོ་བྱུང་། དེ་བཞིན་གསང་སྔགས་ས་སྐྱའི་ཁུངས་ལ་གསང་སྔགས་ལམ་འབྲས་དེ་སྲོལ་དེ། དཔེ་རང་གི་ཅིག་ད་གང་ཟེར་དགོས་པཱ་ད། ཚད་མ་རྙིང་རྒྱུད་བཞི། དེ་འདྲས་ཁོ་ན་ཅིག། དེའི་གདམས་ངག
- སྐུ་ཞབས་ལགསགདམས་ངག་མ་ལོག་པ་ལ་སོགས་པ་ད་ད་ལྟ་བར་དུ་ད་ཅིག་རྒྱུད་པ་མ་ཆད་པ། དེ་འདྲས་སྒོ་ནས་ཅིག་་གང་མིན་ཚད་ཀྱི་ད་ལོ་རྒྱུས་ལྡན་པའི་དེ་འདྲས། ཨོང་། གདམས་ངག་གདམས་ངག་ཟབ་མོ། དེའི་གདམས་ངག་དེ་ཉམས་སུ་ལེན་པ་ལ་དེ་ནི་སྔོན་ཁོ་འདྲས་བྱུང་བ་ལ། ཁོ་འདྲས་དེ་འདྲས་བོད་རང་ལ་བྱུང་བ། ས་སྐྱའི་སྒོ་ནས་ཅིག་ཀུན་དགའ་སྙིང་པོ།
- སྐུ་ཞབས་ལགསཅིག་ལམ་མང་པོ་བསྒྲུབ་ནས་རང་གི་ཁོ་འདྲས་ཅིག། ཅིག་སྣང་བ་སྒོམ་པའི་སེམས་སུ་འགྱུར་ནས། སྣང་བར་སྒོམ་ཚད་ད་ཅིག་དབང་དུ་འགྱུར་ནས། སྐུ་ལུས་ལ་ཁོ་འདྲས་ཅིག། སྐུ་ལུས་གཅིག་ནས་མང་པོ་བསྒྲུབ་ཐུབ་པ་དཀྱིལ་འཁོར་དངོས་སུ་བསྟན་ཐུབ་པ།
- སྐུ་ཞབས་ལགསབླ་མ་མང་པོ་སྨིན་པ་ལ་སོགས་པར་བྱས་རྗེས་འབྲས་མང་པོ་བྱུང་བ། དེའི་སློབ་མ་ས་སྐྱའི་གང་ཟེར་ཅིག ཨོའོ་འཁོན་བསོད་ནམས་རྩེ་མོ་ཁོང་ཁོ་འདྲས་ཟེར། ཕ་ཆོས་ཉམས་ལེན། ཕ་ཆོས་ཟེར་ན་གསང་སྔགས་ཉམས་ལེན་ལ་བརྟེན་ནས། དེ་ལུས་མ་འཕངས་པར་་དམ་པ་ཁ་ཆེམས་སུ་བཞེས་ཤར་ཁོ་ནས་གྲུབ་པ། དེའི་སྒོ་ནས་མཇུག་ལ་རྗེ་བཙུན་རིམ་པ་བཞིན་ས་སྐྱ་ཀུན་དགའ་སྙིང་པོའི་སྲས་སྒོ་ནས། དེས་ཨ་ནི་སྒོ་ནས་གསང་སྔགས་ཉམས་བསྒྲུབ་ནས་ད།
- སྐུ་ཞབས་ལགསགསང་སྔགས་རྡོ་རྗེ་ཐེག་པ་ལ་མཆོག་ཏུ་འགྱུར་པའི་་ཁོ་འདྲས་ཅིག་མི་འདྲ་བའི་ཁྱད་པར་བྱེད་པའི་སྒོ་ནས། ཅིག་ད་ཅིག་རབ་ཅིག་གི་སྒོ་ནས་ཡིན་ལ་ཡིན་བཞག་ཟེར་གྱི་ཡོའོ་རེད། དེ་ནས་ཁོ་ནས་ཅིག། དེ་ཡི་སྒོ་ནས་ད་ཅིག་གསང་སྔགས་ཉམས་སུ་ལེན་བའི་ད་ཅིག་གི་བྱས་རྗེས། བྱས་རྗེས་ཟེར་ནའི་རྟགས་ལྟ་བུ་ལ། ནམ་མཁའ་ལ་ཁོ་ནས་རྡོ་རྗེ་ཐེག་པ་དངོས་སུ་བྱོན་ཡོད་པ། དེ་འདྲས་ལ་ཁོ་ནས་ཅིག་གི། ཁོ་ནས་རྒྱའི་པཎ་གྲུབ་ཚོས་ཡིད་ཆེད་གནང་དགོས་ཡས།
- སྐུ་ཞབས་ལགསདེ་ནི་བོད་ཀྱི་སྒོ་ནས་ད་ཅིག་གསང་སྔགས་རྡོ་རྗེ་ཐེག་པའི་རིག་པ་འཛིན་པའི་སྒོ་ནས། ད་གྲྭ་པ་རྐྱང་རྐྱང་ནང་ནས་ད་ཚད་མཐོ་ཤོས་སྒོ་ནས། བླ་མ་ཁུངས་མཐོ་ཤོས་དེ་འདྲས། དེ་ནི་དེའི་དེ་ནས་མར་བྱས་ནས། དེ་ནི་དེའི་སྒོ་ནས། དེའི་གོང་ནས་བླ་མ་མང་པོ་ཡོའོ་རེད། ཡིན་ནའི་དེའི་བླ་མ་ད་མཆོག་ཏུ་འགྱུར་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱན་མཚན། འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ། དེ་ནི་དེ་འདྲས་དེ་ནས་མར་བྱས་ནས། ད་ཉེ་བའི་ལྷ་གཤིས་དེ་ནས། སྤྱིར་བཏང་བྱས་ན་ཁོ་ནས་རིག་གསུམ་དགོན་པོའི་རྣམ་སྤྲུལ་རྒྱུན་མི་ཆད་པ། ས་སྐྱ་ཀུན་དགའ་སྙིང་་པོ་ནི། སྤྱན་རས་གཟིགས་གངས་ཅན་་ལྷ་གཅིག་དེའི་རྣམ་སྤྲུལ་དངོས་སུ་ཡིན་པ།
- སྐུ་ཞབས་ལགསདེ་ནས་དེའི་སྐབས་ནས་མར་ཕྱིན་ནས། དེ་ནི་གཞན་ཡང་གདུང་བརྒྱུད་ཟེར་དེ་ན་ཡོང་། བསོད་ནམས་རྩེ་མོ་ཡིས་གཅིག་དེ་ནས། མར་ནས་དཔལ་ཆེན་འོད་པོ། ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་སོགས་པ་དེ་འདྲས། འཇམ་དབྱངས་རྐྱང་རྐྱང་གིས་གཅིག་ཁོ་འདྲས་གདུང་རྒྱུད། སྐྱེ་བ་འཇམ་དབྱངས་ཁོ་འདྲས་རིམ་པ་བདུན་གཞན་དྲིང་མི་ཆོག་པ་དེ་འདྲས་འཁྲུངས།
- སྐུ་ཞབས་ལགསརིགས་གསུམ་མགོན་པོའི་རྣམ་སྤྲུལ། འཇམ་དབྱངས་ཀྱི་རྣམ་སྤྲུལ། དེ་ནི་འགྲོ་མགོན་ཕྱག་ན་དེ་བཞིན། ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་དེ་ཉིད་ད་རིགས་གསུམ་མགོན་པོའི་གདུང་རྒྱུད། དེ་རྗེས་སྒོ་ནས་ཉམས་སུ་བྱེད་ཡས་དེ། གཙོ་བོ་གསང་སྔགས་རྡོ་རྗེ་ཐེག་པ། དེ་ནི་དེ་ལ་ཁོ་ནས་རྒྱུད། རྒྱུད་སྡེའི་རྣམ་པ་མང་པོ་ཡོའོ་རེད།
- སྐུ་ཞབས་ལགསདེའི་ནང་ནས་ད་རྒྱུད་སྡེ་ཡང་ཚད་འདི་གཅིག་བླ་མེད། ཀྱཻ་རྡོ་རྗེ། དབྱེར་མེད་ཀྱི་རྒྱུད་ཉམས་སུ་བླངས་ནས། ཁོ་ཚོས་ཉམས་སུ་བླངས་བ་ལ་ཁོ་ལ་བརྟེན་ནས་དེ་ལ་གྲུབ་པ་ཐོབ་པ་དང་། དེའི་སྐབས་སུ་ལམ་དེ་ཁོ་ལ་དངོས་སུ་བཞུགས། རང་གི་སྐབས་ན་གདུལ་བྱ་གཞན་ལ་གོང་ས་མཐོ་པོས་བླ་མ་མང་པོ་བྱུང་དེ་འདྲས་ཁོ་ནའི་ཅིག་ཡོའོ་རེད།
- སྐུ་ཞབས་ལགསད་ས་སྐྱའི་གྲུབ་མཐའ་ཁོ་དེ་འདྲས་རྩ་བའི་ཁོ་ནས་གཅིག་མདོ་སྔགས་གཉིས་ཀ་རེད། འདིའི་ནང་ནས་ཁོ་ནས་གཙོ་བོ་ཆེ་བ་ནི་ཐོག་མ་དར། དར་བའི་དུས་དེ་དེ་ནས་གསང་སྔགས་རྡོ་རྗེ་ཐེག་པ། དེའི་ནང་ནས་ཁོ་ནས་རྒྱུད་སྡེ། རྒྱུད་ཕྱི་མ། བླ་མེད་འོ་དེ་འདྲས་ཉམས་སུ་ལེན། དེ་ནི་དེ་ཙམ་དུ་མ་ཚད་རྒྱུད་སྡེ་གཞན་ཡང་ཡོའོ་རེད།
- སྐུ་ཞབས་ལགསསྤྱིའི་དཔལ་ཀྱཻ་རྡོ་རྗེ། དེ་ནས་གང་ཡིན་ཟེར་ན་འཇིགས་བྱེད། དེ་བཞིན་གྱི་གསང་བ་འདུས་པ། བདེ་མཆོག། དེ་བཞིན་དུ་་ཁོ་ནས། ཁ་ཆེ་དངུལ་འཁོར། ཡིད་ཀྱི་འབྱུང་། གསང་བ་ལ་རྒྱུད་སྡེ་བདུན་བཅུ་ཙམ་གཉིས་ཀྱི་སྒོ་ནས། དཀྱིལ་འཁོར་མང་པོ་ཁོ་འདྲས་གཅིག་བཀའ་ཕབ་པ་དེ་ལ་དེའི་ནང་ནས། ཨ་ནི་མཆོག་གི་སྤྲུལ་སྐུའི་ལྷ་མང་པོ། ཨན་དེ་སྒོ་ནས་ཐུན་མོང་གི་དངོས་གྲུབ་སྤྲུལ་སྐུའི་ལྷ་མང་པོ། དེའི་སྒོ་ནས་མཆོག་སྤྲུལ་གཉིས་ཀ དེ་ནི་དེ་འདྲས་ད་གསང་སྔགས་ལ་གཙོ་ཆེ་བ་ས་སྐྱ་ལ་བཤད་ན་ནི་གསུངས་ངག་ལམ་འབྲས་དང་། དེ་ནི་ཐུན་མོང་མ་ཡིན་པ་གསལ་བྱེད་བཅུ་གསུམ་ལྷ་སོགས་པ་དེ་འདྲས་ཀྱི་སྒོ་ནས་བསྟན་པ་མང་པོ་གྲགས་ཡོའོ་རེད།
- སྐུ་ཞབས་ལགསདེ་འདྲས་ཉམས་སུ་ལེན་ནས་ད་གསང་སྔགས་ལོ་རྒྱུས་དེ་འདྲ་ཞིག་ད། ད།དེ་འདྲས་མ་ནས་དེ་འདྲས་སྒོ་ནས་ད་ཕྱིས་སུ་ཁོ་འདྲས་དེ་ནི། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཀུན་དགའ་རྒྱལ་མཚན་འཇམ་པའི་དབྱངས་ཀྱི་སྤྲུལ་པ་གང་། གང་མིན་ཚད་ཁོ་འདྲས་གཅིག་གཞན་དོན་རྒྱ་ཆེན་པོ་སྐུ་ལས་ཁོ་ནས་བསྟོད་ལས་ཁོ་འདྲས་རེད། གནས་ལྔ་རིག་པའི་པཎྜི་ཏ་ཟེར། བོད་ལ་པཎྜི་ཏའི་མཚན་ཐོབ་པ་དང་པོ་རེད།
- སྐུ་ཞབས་ལགསས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དེ་ནི། དེ་ཡི་སྐབས་ལ་བཤེས་གཉེན་བསྟེན་ཚུལ་འདྲ་གཅིག་བྱས་ན། ཁོ་རང་གི་སྒོ་ནས་རྩ་བའི་བླ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་ཁོ་ནས། མི་ལས་མི་བརྒྱུད་སྐྱེ་བ་ཉི་ཤུ་ལྔ། ལྔ་ཡི་སྒོ་ནས་སྔ་མ་དེ་འདྲས་འདིའི་ནང་ནས། ཁོ་རང་ད་ཐུན་མོང་མ་ཡིན་པའི་བླ་མ་ནི་ཁོ་འདྲས་ཐུགས་གཏད་དེ་ཡང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཁོང་དགུང་ལོ་བདུན་པར། དེ་ནི་ཅིག་གི་སྒོ་ནས་ད་ཉམས་ལེན་གཙོ་བོ་གསང་སྔགས་སུ་བྱས་པའི་བདེན་པ། མཐའ་མ་གསན་བྱ་དེ་ནས་དེ་ནས་ཁོ་ནས་རིག་པའི་གནས་ལྔ་གཞན་སྒྲ་རིག་པ་ཁོ་འདྲས་ཚད་མ་རིག་པ་ལ་སོགས་པ།
- སྐུ་ཞབས་ལགསདེ་དག་ན་ད་ཅིག་གི་ཁ་ཐུག་ཁ་ཐུག་ད་དེ་སྔོན་ཚད་མ་ཡིན་ན་དཔེར་ན། རྒྱ་གར་ནས་བྱོན་པའི་པཎ་གྲུབ། ཨའེ་གང་ཟེར། ཨའེ་པཎ་ཆེན་གང་ཟེར། ད་གཤམ་གྱི་ཨོའོ་མཁན་་པོ་གང་ཟེར། པཎ་ཆེན་འདི་གང་ཟེར། ཤཱཀྱ་མ་རེད། པཎ་ཆེན་ད་བྱོན་པའི་སྒོ་ནས། ཚད་མ་གསན་ས། ཅིག་ཡེ་རུ་གང་ཟེར། ཁ་ཆེ་པཎ་ཆེན། འདི་རྒྱ་གར་པཎ་ཆེན་རེད། འདི་རྒྱ་གར་ཕ་གའི་ཁ་ཆེ་པཎ་ཆེན།
- སྐུ་ཞབས་ལགསདེ་ནས་དངོས་སུ་ཚད་མ་གཟིགས་པ། ཁ་ཆེ་པཎ་ཆེན་དངོས་སུ་རྒྱ་གར་ལ་ཕེབས་ཡོའོ་རེད། དུས་རབས་གསར་པའི་སྒོ་ནས་ཁོང་ཚོ་ཁོང་གཅིག དགེ་སློབ་སྒོ་ནས་ཡུན་རིང་པོ་ཟེར། ཚད་མ་མང་པོ། དེ་ནི་ཚད་མ་དེ་གསན་ནས། སྔ་མ་བོད་ལ་དར་བའི་ཚད་མ་དེ་ཨ་ནི་ཅིག། སྔ་རབས་པའི་གཅིག་གི་སྒོ་ནས། ཚད་མ་གཅིག་སྦྱོར་ཚུལ་མང་པོ་ཡོའོ་རེད། དེ་ཚོ་ཚང་མའི་སྒོ་ནས་ད་ཅིག་ཁ་ཆེ་པཎ་ཆེན་ཡིན་ནའི། བསམ་བློ་ཚད་མ་ཟེར་ནའི། དེ་ཚོའི་སྒོ་ནས་སྔར་མོའི་སྒོས་ནས་ཚད་མ་ལས་ཆེད་ཕུལ་དུ་བྱུང་བས་ཕར་ནས་ཚུར་དུ་བྱོན་པ།
- སྐུ་ཞབས་ལགསཁོ་འདྲས་ད་ཁོ་འདྲས་ཕྱོགས་གླང་ཡབ་སྲས་ཀྱི་དགོངས་པ་དང་མཐུན་པ། དེ་མཐུན་པ་ད་ཅིག་གི། ཚད་མ་སྡེ་བདུན་གྱི་ནང་། སྡེ་བདུན་གཙོ་བོ། དེའི་ནང་ནས་ཁོ་ནས་ཅིག་ད་ཚད་་མ་རྣམ་འགྲེལ། རྣམ་ངེས་དེ་ཚོའི་སྒོ་ནས་འགྲེལ་བ། དེ་དུས་ཁོང་དགོངས་པ་རྫོགས་མེད་དུས་སྒོ་ནས་ཚད་མ་རིག་གཏེར་གྱི་རྩ་འགྲེལ། ད་རབ་འབྱེད་ཉི་ཤུ་རྩ་བདུན། དེ་འདྲས་ཀྱི་རང་བཞིན་བྱས་བྱས།
- སྐུ་ཞབས་ལགསདེ་འདྲས་སྒོ་ནས་གཙོ་བོ་སྒོ་ནས་རིག་པའི་གནསལྔའི་ནང་ཚད་མ་སོགས། དེ་ཡིན་ཡང་ཡིན་ན་སྒྲ། གཅིག་སྡེབ་སྦྱོར་གཉིས་ཁོ་འདྲས་དེ་བཞིན་ཁོ་འདྲས་ད་ཅིག་ནང་དོན་རིག་པ་ལ་ཅིག་ཐུབ་པའི་དགོངས་པ་གསལ་བ་ཟེར་ནའི་དེ་ཡིན་དུས། སངས་རྒྱས་ཀྱིས་གསུང་ཡས་དེ་འདྲས་དེ་བཞིན་ཁོ་འདྲས་ཟློས་གར་གྱི་ཁོ་འདྲས་བསྟན་བཅོས་མང་པོ་བྱུང་།
- སྐུ་ཞབས་ལགསདེ་ནི་དེའི་ནང་ནས་གཙོ་ཆེ་བ་ཅིག་ལ་སྡོམ་རིམ་དབྱེ་ཟེར། སྡོམ་གསུམ་གྱི་རབ་དུ་དབྱེ་བ་སྟེ། བོད་ལ་ཁོ་ནའི་ད་སྤྱིའི་ཕྱིས་སུ་ཆོས་ལུགས་མང་པོར་དར། དེ་དུས་ཁོ་ནས་ཕར། དག་ཐེར་་བྱེད་ཡས་དགག་པར་བྱས། དེ་ནི་མ་ཁོ་ནས་རང་གི་བསྟན་པ་ཅིག་གི། སངས་རྒྱས་བསྟན་པ་སྤྱི་ལ་ལྷག་པར་དུ་ས་སྐྱ་པཎྜི་ཏས་ས་སྐྱ་བའི་སྒོ་ནས་གྲུབ་མཐའ་དངོས་སུ་ཡིན་འཛུགས་ཐུབ་པའི་ད་གཞུང་ཡིན་ན།
- སྐུ་ཞབས་ལགསཡིག་ཆ་ཡིན་ན་མང་པོ་དེ་འདྲས་ཁོ་འདྲས་བརྩམས་བྱས། གཙོ་བོ་ཆེ་བ་ནི་གཞུང་བོད་ལ་ཁོ་འདྲས་བྱས་ནའི་ཐུན་མོང་མ་ཡིན་པའི་བོད་ལ། དེ་འདྲས་བོད་ཁོ་ནའི་པོ་ཏི་གསུམ་བྱས་ནས། དེ་ནི་ཐུན་མོང་མ་ཡིན་པའི་ཅིག་པོད་ལས་པོད་ལ་མ་ཡིན་པའི་སྒོ་ནས། གདམས་པ་བཟང་པོ་དོན་ངོས་སྒོ་ནས་ཅིག་དེ་འདྲས་ཡོའོ་རེད།
- སྐུ་ཞབས་ལགསའདིའི་སྒོ་ནས་ས་སྐྱ་པཎྜི་ཏ། དེ་བཞིན་དུ་དེ་ནང་བཞིན་སྒོ་ནས་བཀའ་འབུམ་ས་ཆེན་ཀུན་དགའ་སྙིང་པོ་ལ། དེ་ནང་བཞིན་གྱི་བཀའ་འབུམ་མང་པོ་ཡོའོ་རེད། གསུང་ངག་ལམ་འབྲས་རྣམ་འགྲེལ་བཅུ་གཅིག་ཟེར། ལམ་འབྲས་བཅུ་གཅིག་ཟེར་དུས་ནས། དེ་ཨོའོ་དེ་གོ་དུས་ནས་རྡོ་རྗེ་གང་ཟེར། རྡོ་རྗེ་ཚིག་རྐང་། བི་ཝ་པའི་དགོངས་འགྲེལ་ཟེར་བསྟན་བཅོས།
- སྐུ་ཞབས་ལགསདེའི་སྒོ་ནས་དགོངས་འགྲེལ་ལ་དེ་ལམ་འབྲས་བཅུ་གཅིག་ཟེར་འདིར་གྲགས། དེ་ནི་དེ་དུས་ལམ་འབྲས་བཅུ་གཅིག་པའི་ནང་ལ་དེ་ནི་འདི་གང་ཟེར། ད་གཅིག་རྩ་བ་རྡོ་རྗེའི་ཚིག་རྐང་ཡིན་པའི་ཆ་ནས། དེ་ཨོང་གཅིག་གང་ཟག་སྒོ་ནས་མཆོག་རབ་འབྲིང་དབང་པོ། རབ། འབྲིང་། ཐ་མ་གསུམ་གའི་སྒོ་ནས་གང་ལ་ཐམས་ཅད་འབྲེལ་ནས་ལམ་འབྲས་ད་གཅིག་ལམ་འབྲས་ཀྱི་སྒོ་མས་ད་ཅིག། ཅིག་ལམ་འབྲས་བཅུ་གཅིག་པའི་རྩ་བ།
- སྐུ་ཞབས་ལགསདེ་ནི་དེ་དུས་སྒོ་ནས་ཅིག་དགོངས་པ་འགྲེལ་བ་བྱས། རྗེ་བཙུན་རིན་པོ་ཆེ་ཁོང་ཚོས་སྒོ་ནས་ཅིག་དེ་ནི་ལམ་འབྲས། ལམ་འབྲས་ཟེར་ནའི་དེ་ནི་གསང་སྔགས་རིན་པོ་ཆེའི་ལམ་འབྲས། དེ་གང་ཡིན་ཟེར་ན། པོད་ཁོ་ན་ཅིག་གི་པོད་སེར་གྲགས་པ། པོད་དམར་གྲགས་པ། པོད་ནག་གྲགས་པ། ད་དཔེ་ཆའི་ཁོ་ནས་དེ་འདྲས་གདམས་ངག་གི་མང་པོ་ཡོའོ་རེད།
- སྐུ་ཞབས་ལགསད་དེ་འདྲས། ད་དེ་ནས་མར་བྱས། དེ་ནས་མར་བྱས་ནས་ད། ས་པཎྜི་ཏ་ཅིག་གི་ད་འདྲ་ཅིག་དེ་ནི་ཁོང་ཅིག་ད་ཅིག་འཇམ་པའི་དབྱངས་དངོས་སུ་ཡིན་པ། ད་ཅིག་གི་ཚད་མ་གང་མང་གྲུབ་ཡོའོ་རེད་ཅིག། དེ་ནས་སྒོ་ནས་ཕྱིས་སུ་ད་དགུང་ལོ་ད་བདུན་བཅུ་ཡས་མད་གཅིག་ལ། དེ་འདྲས་ཕེབས་དུས། རྒྱ་ལ་མར་གདན་འདྲེན་བཞུས་བྱས་གནང་ནས། དེ་ནི་དེ་དུས་སྒོ་ནས་ཁོང་ལ་མི་རྒྱ་ནག་གོང་མས་དབུ་ལ་བཀུར། དེ་ནས་ཁོ་ནས་རྒྱ་ནག་གོང་མས་ཁོང་རང་ལ་ཅིག། ཁོང་རང་ལ་ཁོ་འདྲས་ལུས་ཀྱི་ཁོ་འདྲས་གཅིག་འཕྲོད་བསྟེན་དག་མེད་དུས་ལ་ཁོང་ལ་བླུ་ཡོན་ཆེན་པོ་དེ་འདྲས་བྱུང་།
- སྐུ་ཞབས་ལགསདེ་ཚང་མ་ས་སྐྱ་པཎྜི་ཏའི་ཅིག་གི་ཅིག་གི་ད་ཅིག་གི། ཆོས་ལུགས་ཀྱི་བསྐུར་པའི་གསང་སྐྱེལ་དགྲ་ལྷ་ཟེར་མཁན་ཅིག་ལ་ཀླུ་བཅོལ། དེ་ནས་མང་པོ་པ་ཅིག་ཁོ་ནད་ལས་གྲོལ་བའི་ལོ་རྒྱུས། དེ་ནས་དེལ་བརྟེན་ནས་ཅིག་ས་སྐྱ་པཎྜི་ཏས་མིས། རྒྱ་ནག་གོང་མས་ཅིག་དཔེ་རང་གི་མི་རང་གི་དབུ་ལྷ་བླ་མར་བསྟེན་དགོས་མཁན་གྱི་དེ་འདྲས། དེ་ནས་ཕྱིས་སུ་ཁོ་ནས། ད་བོད་ལ་ཅིག་གི། དེ་ནི་ཁོ་འདྲས་ཅིག་གི། ཕར་ཚུར་ད། ཁོང་མར་ཕེབས་ནས་བྱས་རྗེས་ཟེར་ན་དེ་འདྲས་ལ།
- སྐུ་ཞབས་ལགསབོད་ལ་དཔྱའ་ཁྲལ་ལོས་ཟིན་སོང་ཁོ་ནས། དཔྱའ་ཁྲལ་ཁོ་ནས། གོང་མོས་མང་པོ་ལྕི་པོ་ཁག་པོ་དེ་ཚོ་ཡང་དུ་གཏོང་ཡས་ཆེད་དུ་བསྩལ་བས། དེ་ནི་ཅིག། ཁོང་ཅིག། བོད་ཀྱི་བན་སྡེ་ལ་ཅིག་ཁྲལ་གྱི་དབུ་ལ་དབུ་བསྐོར་པ་ལ་སོགས་ད་དེ་འདྲས་ད་མཱི་མཛད་རྗེས། མཛད་རྗེས་ཟེར་ན་ཁོང་གི་ང་ཚོའི་བོད་ལ་ཁོ་ནས་སྲོལ་གཏོད་མང་པོ་གནང་ཡོའོ་རེད།
- སྐུ་ཞབས་ལགསདེ་ཚོ་སྒང་ག་ས་སྐྱ་པཎྜི་ཏས་དེ་ནི་དུས་གང་ཟེར། འཕྲིན་ལས་ཟེར་ནའི་དེ་འདྲས་རེད། དེ་ཡང་དེ་ནས་སྒོ་ནས་ད་ཕྱིས་སུ་ས་སྐྱ་པཎྜི་ཏ་དགོངས་པ་རྫོགས་ས། རྒྱ་ནག་རུ་དགོངས་པ་རྫོགས་པ། དེ་ནས་དགོངས་པ་རྫོགས་པའི་རྗེས་སུ། དེ་ནས་ཡང་ཁོ་ནས་བླ་ཆེན་འཕགས་པ་རིན་པོ། འཕགས་པ་རིན་པོ་ཆེ་སྔ་མོ་ས་པཎྜི་ཏའི་སྐུ་དུས་ལ། ཁོང་རང་སྐུ་ན་ཆུང་ཆུང་ལ་མར་ཅིག་རྒྱ་ནག་ལ་ཕེབས་དེའི་ཕྱིས་སུ་ཡང་སྒོ་ནས་ས་ཆེན། ས་སྐྱ་པཎྜི་ཏ་དགོངས་པ་རྫོགས་ནས་དེ་ནི་འདིའི་འཕགས་པ་རིན་པོ་ཆེར་གཅིག་ཕེབས།
- སྐུ་ཞབས་ལགསདེ་བཞིན་ནས་ཡང་རྒྱ་ནག་གི་ཁོ་འདྲས་ཅིག། གོང་མ་ཅིག ད་གང་ཡིན་ནམ་གོ་ཏན་ཡིན་ནམ་དེ་འདྲས་ཅིག་ལ། བོད་ཀྱི་ཁོ་འདྲས་ད་གསང་སྔགས་གི་ཆོས་ཐོག་མ་དབང་བསྐུར་བྱེད་མཁན་དེ། བོད་ཀྱི་དེ་འདྲས་བླ་མ་འཕགས་པ་རིན་པོ་ཆེ་ཨོའོ་ད་དེ་ནས། རྗེ་རྡོ་རྗེ་དབང་བསྐུར་ལ་སོགས་པ་དེ་འདྲས་གོང་ལ་དེ་དུས་དབང་ཐོག་མར་གཉིས་གསུམ་ཡིན་ན་ཅིག་གི། དེའི་དབང་ཡོན་ལ་བོད་ཁྲི་ལོར་བཅུ་གསུམ་ཟེར་མཁན་དེ།
- སྐུ་ཞབས་ལགསཆོ་ག་གསུམ་ཟེར་མཁན་དེ་ནི་ད་མང་པོ་གི་དབང་ཡོན། དེ་ལ་ཆབ་སྲིད་ཀྱི་དོན་གནས་ཡོད་པའི་སྒོ་ནས། དཔལ་འབྱོར་གྱི་དོན་གནས་ཡོད་པ། སྲིད་དབང་གི ད་དེ་ལ་དོན་ཚན་མང་པོ་ཡོད་པ་ཁྱོན་བོད་ལ་དཔེ་མི་སྲིད་པའི་སྒོ་ནས་ཅིག་གི་ད། བོད་མི་དམངས་ཚོ་ཁོ་ནས། ཅིག་གི་གང་ཟེར་དགོས་རེད། ད་འདི། མགོ་འདྲེན་པའི་སྒོ་ནས་ད་འཕྲིན་ལས་རྒྱ་ཆེན་པོ་དེ་འདྲས་མཛད།
- སྐུ་ཞབས་ལགསདེ་ནི་དེ་ཇི་བཞིན་ད་ཁྱོན་བོད་ཁོ་འདྲས་ཚང་མ་ཁོ་འདྲས། སྔ་མོ་ཁོ་ནས་ཅིག་མཐུན་པོ་མཐུན་པོ་ཞེས་ནས། ཁ་བྲལ་ཕྱོགས་སྒོ་ནས་ད་གཅིག་འགྱུར་མ་བྱུང་བ། དེ་ནི་ས་པཎྜི་ཏ་འགྲོ་མགོན་རྣམ་པ་གཉིས་ཀྱི་སྐུ་དུས་ནས་བྱས་ནས། དེ་ནི་བོད་འདི་ཕྱོགས་གཅིག་འགྱུར་བྱུང་བའི་སྒོ་ནས། ད་ད་འདྲས་གང་ཟེར། ཁྲི་སྐོར་་བཅུ་གསུམ་ཟེར་མཁན་འདིས། ཚང་མ་ཁོ་འདྲས་ཅིག་དབང་དུ་བསྒྱུར་ཡས། ཅིག་སྲིད་དབང་ཐམས་ཅད་ཀུན་ལ་ཁོང་ཚོ་གཉིས་ཁོ་དུས་ལ་ཕུལ་ཡས་ཕུལ་བྱས་དེ་ནི། ད་དེ་འདྲས་ས་སྐྱའི་སྒོ་ནས་ད་ཅིག་ཆོས་ཀྱི་ལོ་རྒྱུས་ཟེར་ནའི་ཆབ་སྲིད་གི་ཅིག
- སྐུ་ཞབས་ལགསདེ་ནས་མར་བྱས་ནས་དེ་ནི་རིམ་པས་རིམ་པ་ཨ་ནི་ས་སྐྱ་པཎྜི་ཏ་དགོངས་པ་རྫོགས། འཕགས་པ་རིན་པོ་ཆེའི་ཁོ་འདྲས་དགོངས་པ་རྫོགས། དེ་ནས་མར་བྱས་ནས། དེ་རིམ་པས་རིམ་པས་བྱས་དེ་ནི་ཅིག་ས་སྐྱའི་སྲིད་དབང་དེ་ཡང་དེའི་སྒོ་ནས་ཅིག ཕག་མོ་གྲུབ་པ་ལ་སོགས་པ། དེ་ནི་རིམ་པ་བྱས་ནས། ད་ཅུང་གང་ཟེར་ད་མར་ཞན་དུ་ཞན་དུ་ཕྱིན།
- སྐུ་ཞབས་ལགསདེ་བཞིན་དུ་དེ་ནས་ཕྱིས་སུ་སྒོ་ནས་ད་ཅིག་རྒྱལ་བ་ལྔ་པ་ཟེར་བ་དེ་འདྲས་ཅིག། ད་ཆོས་ཀྱི་རྒྱལ་པོར་བྱུང་ནས་དེ་ས་སྐྱའི་སྲིད་དབང་ཐོགས་ལ་མཐའ་མ་སྒོ་ནས་དེ་འདྲས་ད་ཅིག་ད་རང་དབང་རང་འཛིན་ཟེར་ཞེས་ལ། བོད་ནང་ཁུལ་གཞན་ལ་བལྟོས་མི་དགོས་པར་ནང་བཞིན་གྱི། ཁོ་འདྲས་ཅིག་གི་སོ་སོའི་ཁོ་འདྲས་ཁྲིམས་ར་སོ་སོས་སྤྱོད་དེ་དབང་ཆ་བརྩམས་ནས་གཅིག་འགྱུར་དེ་བྱས། དེ་ནི་ཅིག་གོ་སྐབས་ཅིག་ད་མ་བྱུང་བ་དེ་ནི་ད་སྲིད་དབང་ཉམ་ཉེས་སུ་ཕྱིན་པ་དེ་འདྲས་བྱུང་ནས། དེ་འདྲས་རེད།
- སྐུ་ཞབས་ལགསདེ་ནི་དེ་ནས་མར་སྒོ་ནས་ད་ས་སྐྱའི་བླ་མ་ཚོའི་འཕྲིན་ལས་ལ་བྱས་ནས་ད་ལྟ་དེ་ནས་གོ་ནས་དངོས་སུ་དེ་ནི་དེ་འདྲས་གནང་བ་ལ། ཅིག་སྤྲུལ་པའི་ལྷ་དབང་ཆེན་པོ་ཟེར་མཁན་དེ། གཞི་ས་སྐྱའི་དངོས་གནས་དེའི་ཁོ་ནས་ད་ཆུ་བྱང་ཕར་ན། ཅིག་ཕར་ཅིག་གོང་མ་རྣམས་ཀྱི་གདན་ས་དེ་འདྲས་ཡོའོ་རེད།
- སྐུ་ཞབས་ལགསད་གོ་རིམ་སེམས་ཅན་དཀར་པོ་ཟེར་མཁན་དང་། ཨོའོ་དེ་འདྲས་གོ་ནས་ཅིག་ད་ལྷ་ཁང་མང་པོ་ཡོའོ་རེད། དེ་ཚོ་ཚང་མ་ད་སྔ་མ་ཡོའོ་རེད། དེ་ནི་ཡིན་ནའང་ཅིག་གི་ལྔ་བཅུ་ལྔ་དྲུག་བདུན་བྱས། ལྔ་དྲུག་ལྔ་བདུན་ད་རིག་གནས་གསར་བརྗེའི་ཁ་གཏུག་ལ་ད་ཚང་མ་ཡོད་པ་མེད་པར་བཟོས་ནས་དེ་ཅིག་ཁང་པ་དང་དེ་འདྲས་སྒོ་ནས་ཅིག། སའི་ཤུལ་ཙམ་ཞིག་མ་གཏོགས་དེ་བསྡད་ཡོའོ་མ་རེད།
- སྐུ་ཞབས་ལགསད་དེ་ནས་ད་ལྟ་དེ་ལྷ་ཁང་ཆེན་པོ་དེ་ལྷག། དེ་ནས་སྒོ་ནས་ཕྱིས་ཕྱིས་ད་རབ་བྱུང་ག་གི་ཡིན་ནམ། འཕགས་པ་རིན་པོ་ཆེ་ཁོ་འདྲས་ཅིག། ཅིག་གང་ཟེར་ད། བོད་ཁྲི་སྐོར་བཅུ་གསུམ་ཁོ་འདྲས་དབང་དུ་འདུས་ནས། དེའི་གོ་ནས་ད་ཆོས་གདུང་དེ་འདྲས་ལྷག་པ་ཙམ་མ་ཟད་བཙུགས་བྱས་དེ་འདྲས། དེ་བཙུགས་ནས་ད་ཅིག་ད་བར་ཁོ་འདྲས་དེ། དེ་རིག་གནས་གསར་བརྗེའི་གོ་དུས་ལ་དེ་ལ་ཉམས་ཆགས་མང་པོ་སོང་།
- སྐུ་ཞབས་ལགསདེའི་སྒོ་ནས་དེ་བཞག་ཡས་མ་རེད། དངོས་སུ་བྱས་ནས་ཚང་མ་གཏོར་ཡས་རེད་ཡིན་ནའང་། དེ་འི་སྒོ་ནས་ཅིག་རིག་གནས་ཀྱི་གསར་བརྗེའི་ཅིག་གང་རེད། དགོན་པ་ཁོ་རེ་རྒྱ་ཁྱོན་ཆེན་པོ་བྱས། དེ་ནི་དེ་འདྲས་གོ་དུས་ལ་དེ་ནི་ཕན་ཚུན་གོ་ནས་ཅིག་གང་ཟེར། འཆམ་ན་མ་འཆམ་ན་དེ་ནི་དེའོ་གོ་དུས་ལ་གཙོ་ཆེ་ཅིག་ལ། དགོན་པ་དེའི་ནང་ལ་ནད་ཁང་ཟེར་གཞུང་གི་ནད་ཁང་ཟེར། ནད་དེའི་དབང་གི་དེ་ནི་དགོན་པ་དེ་ལྷག་པ་རེད་མ་གཏོགས། གཞི་དེ་བཞག་ཡས་དེ་འདྲས་དང་པོ་ཐོགས་མ་ནས་དེ་ཡོའོ་མ་རེད།
- སྐུ་ཞབས་ལགསམ་རེད་དེའི་ཡིན་ནའང་ད་དེ་བཞིན་སྒོ་ནས་ཅིག་རྫ་དྲགས་པའི་སྐབས་དུས་ལ་མར། ཀྲུང་གོའི་ད་ལྟ་གཅིག་ཀྲའུ་ཨན་ལེན་ཞུ་མཁན་གཅིག་དེ་ལ། མར་ཕྱིན་སྙན་སེང་འདྲ་བཞུས་ནས། ཁོ་འདྲས་ཅིག་དགོན་པ་ཁོ་འདྲས། ཁག་བཅུ་གསུམ་ཅིག་ཐེ་ཙེ་གཟེགས་བྱས་ནས་འདུག་ཟེར། གཏོར་ཆོག་གི་མ་རེད་ཟེར། ཆོག་མཆན་ཡིན་ནའང་དེ་དུས་གང་བྱུང་མང་བྱུང་གི་ལས་ཁོ་རེ་ཚབ་ལྗིད་དྲགས། དེ་ནི་སུ་ལ་མ་བརྩིས་པར་སྒང་ག་གཏོར་ནས། ད་དེ་འདྲས་དགོན་པ་དེ་ལྷག་པ་རེད།
- སྐུ་ཞབས་ལགསལྷག་པ་ལས་བཞག་པ་དེ་འདྲས་མ་རེད། དེ་ནི་དེ་འདྲས་ཅིག་ལྷག་ནས་དེ་ནི་ད་དེ་འདྲས་དེ་ནི་དེའི་སྔོན་ལ་ཡིན་ན། ང་ཚོས་ཁོ་འདྲས་བསྐྲུན་པོའི་ནང་ལ་དགོན་པ་དེ་འདྲས། དེ་དགོན་པ་མང་ཆེ་བ་དེ་གས་དེ་ཆུ་བྱང་རི་ལོགས་དེ་ནས་ཡར་ཡོའོ་རེད།
- སྐུ་ཞབས་ལགསདེ་དུས་ཟེར་ཡས་བྱས་ན། དགོན་པ་བརྒྱ་དང་བཅུ་གསུམ་དེ་འདྲས་ཡོད་ཟེར་གྱི་ཡོའོ་རེད། ད་དེ་འདྲས་ཅིག་དེ་ནི་དེ་དུས་ནི་དེ་ནི་ཅིག། ད་འདི་ད་ང་ཚོས་ཁོ་འདྲས་གང་ཟེར། ས་སྐྱའི་དགོན་པའི་གྲྭ་པ་ལ་བྱས་ན། སྔ་མ་འཕགས་པ་རིན་པོ་ཆེ་ལ། ཅིག་ས་པཎ་སྐབས་དུས་ལ་ཡིན་ན། གྲྭ་པ་འབུམ་མང་པོ་བྱུང་བ་རེད། འབུམ་འབུམ་བྱུང་བ་དེ། འབུམ་ཁོ་འདྲས་ཡོང་ཡས་ཁོ་འདྲས་ཅིག་ཡོང་ཡས་ཅིག་ཡོང་། ཡོང་ཡས་རྟགས་འདྲ་གང་། དགོན་པ་ཆེན་པོ་དེ་འདྲས་ཅིག་མ་བཞེངས་ན། འབུམ་གྲྭ་པ་བསྡོད་སའི། དགོན་པ་ཆེན་པོ་བཞེངས་དགོས་ཡས་དེ་འདྲས་སྔ་མ་གྲྭ་པ་མང་པོ་བྱས་དེ་འདྲས་བྱས་པ་རེད།
- སྐུ་ཞབས་ལགསདེ་ནི་དེ་འདྲས་ཕྱིས་སུ་ད་མར་རིམ་པས་རིམ་པས་གྲྭ་པ་ཉུང་དུ་སོང་། དེ་ང་ཚོས་དམངས་གཙོ་བཅོས་བསྒྱུར་གོང་གོང་ཙམ་ལ། ང་ཚོའི་དགོན་པ་ལ་གྲྭ་པ་བདུན་བརྒྱ་ཡས་མས་འདྲ་ཡོའོ་རེད། དེ་ཙམ་ཡོའོ་རེད། དེ་ནས་སྒོ་ནས་ད་ཅིག།
- སྐུ་ཞབས་ལགསདམངས་གཙོ་བཅོས་བསྒྱུར་བྱས་བྱས་ད་རིམ་པས་མར་ཆགས་ནས། དེ་ཡང་དེ་ནི་དེ་གྲྭ་པ་ཚོས་མར་བྱས་ནས་རེ་འགའ་ཡུལ་ལ་ལོག རེ་འགའ་ཅིག་ཕྱི་རྒྱལ་ལ་བྲོས་སོང་། རེ་འགའ་དེ་རུ་བསྡད། དེ་ནི་དེ་པར་ལ་ད་གྲྭ་པ་བདུན་བཅུའི་ཡས་མས་ཅིག་ལས་ཡོའོ་མ་རེད། དེ་བསྡད་ནས་དེ་ནས་ལས་འགུལ་མང་པོ་འཚུགས་ནས། ད་ཅིག་ང་ཚོ་ས་སྐྱའི་བྱ་བ་ལ་གསར་བརྗེ་བྱས་པ་རེད། ད་ལས་འགུལ་ལས་མར་དེ་ནི་གང་ད་འཕེལ་རྒྱས་ཟེར་ན། མར་ཉམས་རྒུད་ཀྱི་རིམ་པ་མང་པོ་བྱུང་ཡོའོ་རེད།
- སྐུ་ཞབས་ལགསདེ་ཁོ་དེ་འདྲས་སྒོ་ལའི་ཆ་ལ། ད་རིག་གནས་གསར་བརྗེ་ཚར་ནས། དེ་ནི་དགོན་པ་ཅིག་དོན་འཁེལ་བྱས་ནས་གཅིག་སྒོ་ཕྱེ། ཕྱེ་བའི་སྒོ་ནས་དེ་ལ་ད་དང་པོའི་དུས་ལ། གྲྭ་པ་རྒན་པོ་ཁོ་འདྲས་བཅུ་ཡས་མས་འདྲ་ཡོའོ་རེད། དེ་ནས་སྒོ་ནས་མར་བརྩིས་ནས་དེ་ནི། རིམ་པས་སྲིད་ཇུས་དོན་འཁོལ་བྱུང་ནས་། ད་དེ་འདྲ་གྲྭ་པ་ཅིག་ད་ཅིག་རྒྱའི་སྒོ་ནས་ལྷག་ཙམ་འདྲ་ཡོའོ་རེད།
- སྐུ་ཞབས་ལགསདེ་ནི་དེའི་སྒོ་ནས་སློབ་གྲྭར་ཆོས་ལུགས་བསླབས། སློབ་གྲྭ་སྒོ་ནས་ཅིག་ཤེས་བྱ་ཟེར་ནའི་འདྲ། དེའི་་་་་་་་་་་་་་་་་་་་་་་དེ་ནས་གོ་ནས་དགོན་པ་ཅིག་དེ་ཆ་བཞག་ན། སྔོན་མ་ནང་བཞིན་ད་ཡོའོ་རེད། ཡིན་ནའི་ད་ཅིག་མིག་མ་སྟོངས་ཙམ་ཅིག་དེ་འདྲས་ནི། ཏང་གི་ཆབ་སྲིད་ཆོས་དད་རང་མོས་ཀྱི་དབང་ཤེས་འོག་ལ། ད་དེ་འདྲས་འདྲ་གཅིག་འཚུགས་ཐུབ། འདི་མིན་པའི་ད་ཅིག་ས་སྐྱ་ཟེར་མཁན་དེ་ད་ཅིག་སྔ་མ་ཡིན་ན་གོང་མ་རིན་པོ་ཆེ་བཞུགས་ཡོའོ་རེད།
- སྐུ་ཞབས་ལགསད་ང་ཚོ་འདི་རུ་བསྡད་མཁན་ཚོ་ལ་ཡང་། ད་གྲྭ་པ་གཅིག་མ་ལུས་པར་ཕར་འགྲོ་མ་ཆོག་པ་དང་། གཤིབ་མ་ཐུབ་པ་སོགས་ནི་འདི་རུ་ལས་པ། ད་ཁོ་ཚོ་ཡི་ད་ཅིག་ཆ་རྐྱེན་སྐྱོ་དྲགས་པ་དང་། ད་དེ་འདྲས་མི་མ་འདོད་པའི་རང་བཞིན་སྒོ་ནས་དེ་འདྲས་ཆ་ཞིག་ཡོང་། གོང་མ་ཚོས་དེའི་སྒོ་ནས་ཅིག་ད་ལྟ་དེ་ནས་ཕུན་ཚོགས་ཕོ་བྲང་སྒོ་ནས་ཁོང་ཚོ་གདུང་སྲས་དང་བཅས་བ་ལ། ཕ་འདྲས་གང་ཟེར་དབེན་པའི་རིག་གཞུང་ལ་གནས། ད་དེ་དང་སྒྲོན་མ་ཕོ་བྲང་གི་ཁོ་རང་གི་གདུང་སྲས་དང་བཅས་པ་ད་ལྟ་སྒོ་ནས་ཧིན་ཏུ་གོ་ནས་རྒྱ་གར་གྱི་ས་ཆ་ལ་བཞུགས་ཡོའོ་རེད།
- སྐུ་ཞབས་ལགསདེ་ནི་དེ་ནས་ཚུར་ནས་སྒོ་ནས་ད་ཅིག ཐ་ན་ཕེབས་ཐུབ་ཀྱི་ཡོའོ་མ་རེད། དེ་བཞིན་གྱི་ང་ཚོར་ལ་ཆ་རྐྱེན་ཟེར་ད་དེ་འདྲས་ཟེར། གང་ཟེར་ད་འདྲས་་ཀྱི་སྒོ་ནས་ཉ་ཕྲ་བའི་དུས་ལ་ཅིག་ཐུག་ཡོའོ་རེད། དེ་འདྲས་ལ་ད་སངས་རྒྱས་ཀྱི་ཆོས། དེ་འདྲས་དེ་འདྲས་ལགས་རེད། དེ་གཞན་དག་གི་ད་ཅིའི་ཆབ་སྲིད་ཐོག་ལ་ཡིན་ན། སྔ་མོ་རྫ་དྲགས་དུས་ནི་དྲགས་པ་ཅིག་ཡོའོ་རེད། ད་དེ་རིང་ཁ་ས་ཡིན་ན།
- སྐུ་ཞབས་ལགསཆོས་དད་རང་མོས་གནང་བ་དང་ཅིག་ད་སོ་སོའི་ཁུལ་ལ་དགོན་པས་དགོན་པ་གསོ་ཡས་ཁོ་འདྲས་བྱས་ཆོག་པའི་སྒོ་ནས། ད་དེ་འདྲས་ཆབ་སྲིད་བཞིན་དུ་བསྟུན་ནས་ང་ཚོས་ཁོ་ནས་དགོན་པས་དགོན་པ་གསོ་ཡས། ད་དགོན་པས་དགོན་པ་གསོ་ཡས་གཞན་ཆ་རྐྱེན་ཡོའོ་མ་རེད། ད་ཅིག་ང་ཚོའི་ཁོ་ནས་ཅིག་བོད་ནང་ཁུལ་གྱི་ཅིག་ད་ཅིག དེ་སྦྱིན་ཁག་གི་ཅིག་འགྱེད་མང་ཇ་འདྲ། ཅིག་གི་སྒོ་ནས་མཆོད་རྟེན། མཆོད་འབུལ། ད་ཤི་གསོན་གྱི་རིམ་འགྲོས་བྱས་པའི་མཆོད་འབུལ་འདྲ། དེ་བཞིན་གྱི་སྒོ་ནས་ཕྱི་རྒྱལ་ཁག་ནས་ཡོང་བའི་སྒོ་འཛུལ་བའི་སྒོ་ནས། ད་སྒོ་གླ་ཟེར་ན་གང་ཟེར་ན།
- སྐུ་ཞབས་ལགསསྒོ་བརྟེན་ཟེར་ན། དེའི་སྒོ་ནས་པཱ་སེ་ཟེར་རྒྱུ་ཟེར་ན། དེ་འདྲས་འདྲ་པོ་ང་ཚོས་འཚོ་བརྟེན་བྱས། ད་འཚོ་བའི་དེ་འདྲ་ཞིག་བསྐྱལ་ནས་ད་དེ་བཞིན་མ་གཏོགས་གཞན་ད་ཅིག ང་ཚོས་སྒོ་ནས་དེ་རིང་ཁ་སང་སྔ་མ་ཞིང་ཁ་འདྲ་བཏབ་བྱེད་ཀྱི་ཡོད་དའི། དེ་ནི་བར་ར་ཅིག་ལ་དེ་ནི་གང་གྲ་བ་ཉུང་དྲགས། སྒང་གས་ཁུངས་མ་འཁྱོལ་པར་ཞིང་ཁ། ཁོ་ཚོའི་ཕར་ཅིག་འཕུལ་གནང་། ཕར་ཁོ་ན་བཙོངས་བ་འདྲ་འདྲ་དེ་འདྲས་བྱས་ནས། དེ་ནི་བརྟེན་ཡོང་།
- སྐུ་ཞབས་ལགསདེ་བཞིན་གྱི་སྒོ་ནས་དེ་ནི་དེ་ད་ཁོ་འདྲས་ཅིག་ཁག་པོ་འདྲ་བྱུང་ཡོའོ་རེད། ད་ད་ལྟ་ཡིན་ན་ད་མི་སྔ་མ་དང་མི་འདྲ་དེ། བོད་ལ་ཡིན་ན་ཅིག་གྲལ་རིམ་ཟེར་གྱི་ཡོའོ་རེད་ད་མེ་སེར་ལ་གྲལ་རིམ་ཡོའོ་མ་རེད། ཡིན་ནའི་ཅིག་སོ་སོའི་ཨོང་ཆོས་ལུགས་བྱས་ན། ཆབ་སྲིད་གཅིག་འགྱུར་འོག་ལ། ཆབ་སྲིད་དང་མ་འགལ་བ་ཞིག་བྱས་ན། བྱས་ཆོག་པའི་དབང་ཆ་ཡོའོ་རེད། ད་དེ་ཅིག་འདྲས་བྱས་ནས་དེ་ཆ་རྐྱེན་ཡོའོ་རེད། དེ་འདྲས་དེ་འདྲས་གཅིག་རེད། ད་ངས་མང་པོ་ཞུ་ཡས་ཟེར་མི་འདུག
- རྒྱལ་པོཨོའོ་དཔེ་ཆ་བཅའ་ལུང་མ་ཟེར་ཡས་དེ་བརྒྱད་སྟོང་པ་རེད། རེད་པཱ།
- སྐུ་ཞབས་ལགསཨོའོ་རེད། བརྒྱད་སྟོང་པ། བཤད་ཡས་ཡུམ་པོ་ཏི་བཅུ་གཉིས་གླེགས་བམ་གཅིག་ཏུ་བསྡུས་པ་ཟེར་གྱི་ཡོའོ་རེད། དེ་དངོས་གནས་རེད། དེ་བརྒྱད་སྟོང་པ་དེ་ཡུམ་བསྡུས་པ་ཡུམ་བཅུ་གཉིས་སྒང་ག་བྱས་ནས་འདུས་ཡོའོ་རེད། དེ་ཡང་སྔ་མ་ཡོད་ཚད་མར་འཁྱེར་བ་རེད། ཨོང་ད་༦༢ལོར་དེ་ནས་རེ་འགའ་ལྷ་སར་བསྡད་ཡོའོ་རེད། རེ་འགའ་པེ་ཅིང་རང་ལ་སླེབས་ཡོའོ་རེད། ཁྱོན་གང་ལྟར་མ་ནས་ཕྱིས་སུ་དེའི་ཁོ་ནས་ལོ་རྒྱུས་དེ་གསལ་པོ་ཡི་རངས་བྱུང་ནས། ཡི་རངས་ལ་ཡར་བསྐྱར་བྱས་ཡར་ཕེབས་ཡོའོ་རེད།
- རྒྱལ་པོའདི་ག་དུས་བཞེངས་པ་ཡིན་ནམ།
- སྐུ་ཞབས་ལགསད་འདི་སྔོན་མ་ད་འཕགས་པ་རིན་པོ་ཆེའི་སྐུ་དུས་ལ་མིན་འགྲོ།
- རྒྱལ་པོདེ་ནས་ཤིང་ཏ་ལའི་ལོ་མའི་དཔེ་ཆ་དེ་གས།
- སྐུ་ཞབས་ལགསད་དེ་ཚོ་སྒང་ག་ཅིག་ལོ་རྒྱུས་མང་པོ་རེད་པཱ། ད་དེ་ས་སྐྱར་ཕོན་ཆེ་པོ་ཡོའོ་རེད་དེ། སྔོན་མ་བཞུགས་སའི་ཆུ་བྱང་མ་གིར་དེ་འདྲས་གཅིག་ཡང་། གོང་རུམ་ཟེར་ཡང་གོང་མ་རྣམས་ཀྱི་དེ་འདྲས་ཅིག་ཕོ་བྲང་ཅིག་ཡོའོ་རེད། དེའི་ནང་ལ་དེ་ན་ཅིག་པོ་ཏི་མང་པོ་ཡོའོ་རེད། ད་དེ་རིང་ཁ་ས་ཅིག་དེ་ནི་རིག་གནས་གསར་རྗེའི་སྐབས་དུས་ལ། ཅིག་གང་བྱུང་མང་བྱུང་ག་དུས་ལ། ཅིག་དཔེ་ཆ་གང་མང་པོ་མང་པོ་བྱས། དེ་ལྟར་དེ་ཚོ་གཞན་དག་ཡོད་པ་དེ་ཧྲབ་ཧྲབ་བརྙེད་པ་དེ་འདྲས་བྱས་པ་ལས་མང་ཆེ་བ་་སྟོངས་ཚར་ཡོད།
- སྐུ་ཞབས་ལགསདེ་ནི་དེའི་ཡི་གེ་དེ་ཚོ་ནི་གཙོ་ཆེ་ཁོ་འདྲས་ཅིག་བོད་ཡིག་རྐྱང་རེད། བོད་ཡིག་དང་དེ་ནི་ཨོང་ཝ་ཏུ་ལན་ཙ་ཨོའོ་དེ་འདྲས་ཡོའོ་རེད། དེ་ནི་བྲི་ཟེར་མཁན་དེ་དེ་འདྲས་ཁོ་འདྲས་ཤིང་ཏ་ལེ་ཟེར་མཁན་འདེའི་ནང་ལ་ཡོད་ད་ཅིག་གང་ཟེར། སྔ་མ། ང་ཚོས་སྔ་མ་བྱ་རིས་ཟེར་གྱི་ཡོད་པ། བྱ་འཕུར་ཡས་དེ་དུས་ཚོད་གོ་ནས་སྟག་ཟེའི་ཤུགས་འབྲས་ཅིག་ཡོད་པཱ་ཤིང་དེ།
- སྐུ་ཞབས་ལགསདེ་ནི་ཁོ་ནས་ད་དེ་ལ་ཁོ་ནས་ད་ཅིག་དེ་ནི་གཙོ་ཆེ་དེའི་ནང་དོན་ནི། ཡི་གེ་མ་བྲིས་སྒོ་ནས་ད་ཅིག་ཝ་ཏུ་དང་། ལན་ཙ་དང་དེ་ནི་བོད་ཡིག་རང་རེད། དེ་ནི་དེའི་ནང་དོན་ནི་གཙོ་བོ་ཁོ་འདྲས་སྔགས། གསང་སྔགས་ཅིག་རྒྱུད་ཀྱི་བཞེད་པ་རེད། བླ་མ་ཚོས་གཟིགས་པའི་སྒྲ་དང་། དེ་འདྲས་རེད།
- རྒྱལ་པོདེ་ནི་ས་སྐྱ་པཎྜི་ཏའི་ཕྱག་བྲིས་ཕྱག་བསྟར་མ་ཡོའོ་རེད་པས།
- སྐུ་ཞབས་ལགསཕྱག་བྲིས་ཕྱག་བསྟར་མ་རང་ཡོད་ཀྱི་མ་རེད།
- སྐུ་ཞབས་ལགསདེ་དེ་ནས་སྔ་མ་སྒོ་ནས་འདི་འཇའ་ས་གོང་མ་ཚོས་གནང་བའི་ཡི་གེ་ཡོའོ་རེད། དེ་ཚོ་སྒང་ག་མར་པེ་ཅིང་ལ་བཀྲམ་སྟོན་ལ་འཁྱེར་ཡར་སླེབས་ཡོའོ་མ་རེད། ཤོག་སྒྲིལ་ལ་ཡོའོ་རེད། དེ་ནི་རྒྱ་ནག་གི་བཀའ་འགྱུར་ཤོག་སྒྲིལ་ལ་ཡོའོ་རེད།
- སྐུ་ཞབས་གཉིས་པདཔེ་ཆའི་ནང་ལ། ནང་ལ་དེ་འདྲས་མང་པོ་འདུག་གང་། དཔེ་ཆ་རྙིང་པའི་ལོ་རྒྱུས་མང་པོ་དེ་འདྲས། ད་ལྟ་ས་སྐྱ་པཎྜི་ཏ་རང་གི་ཕྱག་བྲིས་ཡིན་ཟེར་ཡས་དེ་འདྲས་ད་ལྟ་གསལ་བ་དེ་འདྲས་གཅིག་ཡའི་མི་འདུག
- སྐུ་ཞབས་ལགསགོང་མ་ཐམ་ཀ་ཡོའོ་རེད། ཐམ་ཀ་གང་ལ་ཐེ་ཙེ་སྒང་ག་མ་ཁྱེར་པ་རེད། དེ་ཡར་སླེབས་ཡོའོ་མ་རེད།
- རྒྱལ་པོདེ་ནི་ད་ལྟ་འདུ་ཁང་གི་རྒྱབ་ལོགས་དེར་དཔེ་ཆའི་གྱང་ཅིག་ཡོའོ་རེད་པཱ།
- སྐུ་ཞབས་ལགསཨོའོ་རེད། དེའི་སྒོ་ནས་ཆོས་བརྩིག
- རྒྱལ་པོལགས། ཆོས་བརྩིག་བྲག་རི། ལགས།
- སྐུ་ཞབས་གཉིས་པཆོས་ཀྱི་བརྩིག་པ་བྲག་རི་ནང་བཞིན་བརྩིགས་་ཡོད་ཟེར་ཡས་ལ་ཆ་བཞག།
- སྐུ་ཞབས་ལགསབཤད་ཡས་ལ་ཕྱི་ཡི་བརྩིག་པ་བཤིག་ན། ནང་གི་ཆོས་ཞིག་གི་མེད་ཟེར། དེ་ནི་བཤིག་ནས་ཆོ་ག་རེ་ཡོའོ་རེད། དེ་ནི་དེའི་རྒྱུད་ལ་པར་མ་གཅིག་ཡའི་ཡོའོ་མ་རེད། སྒང་ག་བྲིས་མ་རྐྱང་རེད། དེ་རེ་འགའ་སྣག་ཆས་བྲིས་ཡོའོ་རེད། རེ་འགའ་དངུལ་གྱི་དེ་འདྲས་དཀར་པོ་དཀར་པོ་དེ་འདྲས་བྲིས། རེ་འགའ་གསེར་ཆུ་ཡའི་ཡོའོ་རེད། རིས་ཡིག་དེ་འདྲས།
- རྒྱལ་པོགསེར་ཆུ་ཡའི་ཡོའོ་རེད་པཱ་ལགས།
- སྐུ་ཞབས་ལགསལགས།
- རྒྱལ་པོགསེར་གྱི་གསེར་ཆུས་བྲིས་པ།
- སྐུ་ཞབས་ལགསགསེར་ཆུ་ཡའི་ཡོའོ་རེད།
- སྐུ་ཞབས་གཉིས་པད་ལྟ་ཕྱི་ཁོ་རང་ལ་ནག་པོ་དེ་འདྲས་འདུག་གང་། དེ་ཚོ་ལ་ཚང་མ་གསེར་གྱི་བྲིས། ཁག་ཅིག་ལ་དངུལ་གྱི་དེ་འདྲས་བྲིས་འདུག་གང་།
- རྒྱལ་པོམཐིང་ཤོག་ལ་རེད་པཱ།
- སྐུ་ཞབས་ལགསཨོང་རེད། དེ་ནི་ཆེ་བ་ལ་བརྩིས་ན་གང་ཟེར་དྲེལ་རྒྱབ་མ་དང་མཛོ་རྒྱབ་མ་ཟེར་མཁན་ཡོའོ་རེད།
- རྒྱལ་པོལགས།
- སྐུ་ཞབས་ལགསདྲེལ་བརྒྱབ་ལ་ཁུར་ནའི་རྒྱབ་གཅིག
- སྐུ་ཞབས་གཉིས་པད་ཁག་ཅིག་ལ་དྲེལ་རྒྱབ་མ་དང་མཛོ་རྒྱབ་མ་དང་རྟ་རྒྱབ་མ་ཟེར་། ཟེར་དགོས་ཡས་རྒྱུ་མཚན་གང་རེད་ཟེར་ན། དྲེལ་གྱི་འཁུར་ན་བརྒྱབ་གཅིག་འཁྱོག་ས་ཡོད་ཟེར། རྟ་ཡིས་འཁུར་ན་བརྒྱབ་ཅིག་འཁྱོག་ས་ཡོད་ཟེར།
- སྐུ་ཞབས་ལགསཔོ་ཏི་ཆེན་པོ་དེ་འདྲས་ཡོད་ཟེར།
- རྒྱལ་པོདེ་གས་ཀྱི་ནང་དོན་ག་རེ་ཡིན་ནམ།
- སྐུ་ཞབས་ལགསནང་དོན་ད་བཀའ་འགྱུར་དང་། བཀའ་འགྱུར་དང་བསྟན་འགྱུར་རྒྱུད།
- རྒྱལ་པོཨོང་བཀའ་བསྟན།
- སྐུ་ཞབས་གཉིས་པཨ་ནི་ས་སྐྱ་གོང་མའི་རྣམས་ལྔའི་གསུང་འབུམ་ཡོད་ནམ་དེ་གས་ལ།
- སྐུ་ཞབས་ལགསགསུང་འབུམ་ཡོད་ད་ཡོད། དེ་འདྲས་ཆེན་པོ་དེའི་ནང་གསུང་འབུམ་ཡོའོ་མ་རེད། ད་གསུང་བུམ་ཡོད་ས་སྒང་ག་ད་ཆུ་བྱང་གི་སྔ་མ་དཔེ་མཛོད་གོང་མ་རྣམས་ཀྱི་དཔེ་མཛོད་ཡོའོ་རེད། ད་སྒང་ག་མེད་པ་བཟོས་ནས་ཡོའོ་མ་རེད།
- རྒྱལ་པོཨོང་འོང་། ཆོས་བརྩིག་བྲག་རི་མ་ཚང་མ་ཆ་ཚང་བཀའ་འགྱུར་བསྟན་འགྱུར་རྐྱང་རྐྱང་རེད་པས།
- སྐུ་ཞབས་གཉིས་པཨོའོ་རེད། ད་ད་ལྟ་བཤད་ཡས་ལ་ཟེར་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་ཡས་ཅིག་ཡིའོ་རེད། མདོར་བསྡུས་ན་མར་བཀའ་འགྱུར་བསྟན་འགྱུར་གྱི་ནང་དུ་མ་བསྡུས་པ་ཅིག་ཡོའོ་མ་རེད། བཀའ་འགྱུར་བསྟན་འགྱུར།
- རྒྱལ་པོལགས་སོ།
- སྐུ་ཞབས་ལགསད་དེ་ཕོན་ཆེན་ཡོའོ་རེད། ད་དེའི་གོང་ནས་འཕགས་པ་རིན་པོ་ཆེས་དགོན་པ་རེ་རེ་བརྒྱབ། དེ་ནི་ཁྲི་སྐོར་བཅུ་གཉིས་དབང་བསྒྱུར། བོད་ཀྱི་ཡི་གེ་ཤེས་མཁན་སྒང་ག་ཁོ་ལ་བཀུགས་ནས་དེ་འདྲས་བྲིས་པ་རེད་ཟེར་གྱི་ཡོའོ་རེད།
- རྒྱལ་པོལགས་སོ། བོད་ནས་ཡི་གེ་ཤེས་མཁན་ཚང་མ་བཀུགས་བྱས།
- སྐུ་ཞབས་ལགསཨོང་། བྲིས་སྒང་ག་དེ་ནི་དག་པོ་ཡོའོ་རེད། དེ་ནི་བརྡ་རྙིང་པོ་མང་པོ་ཡོའོ་རེད།
- སྐུ་ཞབས་གཉིས་པདེའི་ནང་ལ། ད་དེ་བཀའ་འགྱུར་བསྟན་འགྱུར་རེད་གསུང་ཡས་དེ། གཙོ་ཆེ་བ་ང་རང་རང་གིས་བལྟས་བ་དེ་འདྲས་མ་རེད། ད་ལྟ་ཕ་ནས་ཆུ་བྱང་བ་ཕ་ནས་དབུ་རྩེ་རྙིང་མ་ཟེར་མཁན་དེ་དཔེ་ཆ་དེ་འདྲས་ཡོད་པ་འདྲ་བ་དེ་འདྲས་མང་པོ་ཐོན་གྱི་འདུག་ག དེ་ཚོར་ཕར་བརྟག་དཔྱད་བྱས་ཡོང་པཱ། དེ་བཀའ་འགྱུར་བསྟན་འགྱུར་རེད། ད་དེ་ལ་བརྟག་དཔྱད་བྱས་ནས་དེ་ནི་ཕལ་ཆེར་མི་འགྲོ་མི་འགྲོ་བསམ་བྱས། གཞན་ཡར་ནས་མར་ཐོད་དེ་ནས། མར་ཕབ་དེ་བྱེད་ཀྱི་ཡོའོ་མ་རེད།
- རྒྱལ་པོཆུ་བྱང་དབུ་རྩེ་མར་ལ།
- སྐུ་ཞབས་གཉིས་པདབུ་རྩེ་རྙིང་མ། དབུ་རྩེ་རྙིང་མ།
- སྐུ་ཞབས་ལགསདེ་ནི་འཇམ་དབྱངས་རི་ཐབ་མེ་གའི་དེའི་བཞུགས་ས།
- སྐུ་ཞབས་གཉིས་པདེ་ཡིན་ན་རིག་གནས་གསར་རྗེ་ལ་ཕར་གཏོར་ནས། དེ་ནས་དེ་ལ་ཕར་གསར་བཞེང་བྱས་ནས། ས་འོག་ནས་དཔེ་ཆ་རྙིང་པ་དེ་འདྲས་མང་པོ་ཐོན་པ་རེད། དེ་ནང་གི་དཔེ་ཆ་དེ་ཚོར་བལྟ་ཡོང་དུས། དེ་ནི་བཀའ་འགྱུར་བསྟན་འགྱུར་བརྒྱད་སྟོང་པ་དེ་འདྲས་མང་པོ་འདུག་གང་། ད་དེ་ཚོ་ལ་དཔག་ནས་ད་ལྟ་མར་གིའི།
- རྒྱལ་པོད་དེ་ཕ་གིའི་ཐོན་ཀྱོག་དེ་བྲིས་མ་རེད་པས།
- སྐུ་ཞབས་གཉིས་པབྲིས་མ་རེད།
- སྐུ་ཞབས་ལགསརེད་རེད། སྒང་ག་རེད།
- ཌབི༹དས་སྐྱ་ཡི་དཔེ་མཛོད་ནང་ལོགས་དེ་བཀའ་འགྱུར་བསྟན་འགྱུར་མ་གཏོགས་ཀྱི་ཨོང་ས་སྐྱ་ཡི་མཁས་པ།
- སྐུ་ཞབས་གཉིས་པད་ཁ་ཁག་རེད། དཔེ་མཛོད་གཉིས་ཡོའོ་རེད། ད་ལྟ་པོ་ཏི་ལྕང་ལུང་མ་ཟེར་བ་ད་ལྷ་ཁོང་ཚོའི་སྐུའི་བརྒྱབ་ལ་ཕར་བྲིས་མ་ཅིག། འདི་བཀའ་འགྱུར་བསྟན་འགྱུར་མང་ཆེ་རེད། ད་དཔེ་མཛོད་ལྷ་ཁང་ཡང་ད་ལོགས་ཀར་བྱས་ནས། ད་དེའི་ནང་ལ་བཀའ་འབུམ་ཡོངས་སུ་རྫོགས་པ་ཡོའོ་རེད། ས་སྐྱ་བཀའ་འབུམ་ཡོའོ་རེད། དེ་ནི་ད་ལྟ་དགེ་ལུགས་ཀྱི་དཔེ་ཆ་མང་པོ་ཡོའོ་རེད། གྲུབ་མཐའ་མང་པོ་ཁོ་རང་ཡོའོ་རེད། ད་སྔགས་དང་དེ་ཚོ། ས་སྐྱ། རྙིང་མ། མདོར་ན་པོ་ཏི་ཁོ་རང་ཉི་སྟོང་ལྷག་ཙམ་ཅིག་ཡོའོ་རེད།
- ཌབི༹དའདིའི་ནང་ལ་དཀར་ཆག་ཡོའོ་རེད་པས།
- སྐུ་ཞབས་གཉིས་པཨོང་དཀར་ཆག་ཡོའོ་རེད།
- སྐུ་ཞབས་ལགསད་ལྟ་འདི་ད་ལྟའི་འདི་ལ་ཡར་འཁྱེར་ཡོའོ་རེད། དེའི་སྔོན་ལ་མར་འཁྱེར་པ་རེད། དྲུག་ཅུ་རེ་གཉིས་ལ་པོ་ཏི་དེ་འདྲས་མོ་ཌ་མ་ཟད། ཁོ་འདྲས་དོ་འཁྱེར་བ་རེད། ཏུང་ཕུང་༼རྒྱ་སྐད་ཀྱི་སྒྲ་༽དེ་འདྲས་དོ། དེ་དུས་པོ་ཏི་དཔེ་ཆ་གཉིས་ཡོད་ན། གཅིག་དེའི་ནང་ལ་བཞག་གཅིག་མར་འཁུར། གཅིག་ལའི་མེད་ཀྱོག་དེ་མར་འཁྱེར་རེད།
- སྐུ་ཞབས་གཉིས་པདེ་ལྷག་མ་བཟོ་འདྲ་རེད། བརྒྱད་སྟོང་ལ་སོགས་པ། མང་ཆེ་བ་ཡིན་ན་དེ་སྔོན་མ་དེ་གུ་རུམ་དཔེ་མཛོད་ཁང་ཟེར་མཁན་ཅིག དཔེ་མཛོད་ལྷ་ཁང་ཟེར་ས་སྐྱ་ལ་དཔེ་མཛོད་ལྷ་ཁང་སྐད་གྲགས་ཅིག་ཡོའོ་རེད་། དེ་ཡིན་ན་ཆུ་བྱང་ཕ་རུ་གུ་རུམ་དཔེ་མཛོད་ལྷ་ཁང་ཟེར་འདི་ཡོའོ་རེད། ད་འདི་མང་ཆེ་བ་རྩ་མེད་སོང་རེད།
- སྐུ་ཞབས་གཉིས་པདེ་ཚོ་ཚང་མ་མཇུག་གུ་ཨ་ནི་ད་ལྟ་སྒྲོལ་མ་ཡི་སྒོ་ནས་གདན་འདྲེན་ཞུས་པ་ཨེ་འདྲས་རེད། སྒྲོལ་མ་མར་གདན་འདྲེན་བཞུས་བ་དེ་ནང་བཞིན། གང་ལྟར་ཚང་མ་མང་ཆེ་བ་དེ་བྲིས་མ་རྐྱང་རྐྱང་རེད་དོ། ཁ་ཅིག་གསེར་གྱི་བྲིས་པ་དེ་འདྲས་ཡོའོ་རེད། མང་ཆེ་བ་དེ་ད་ཡིན་ན་ང་ཚོ་ག་རེ་ཟེར་དགོས་རེད། ཡི་གེ་ནག་པོ་བྲིས་པ་དེ་འདྲས་རེད། དེ་འདྲས་ཅིག་རེད།
- སྐུ་ཞབས་ལགསགོང་མ་རྣམས་ཀྱི་བཀའ་འབུམ་གསེར་ཡིག་ཡོའོ་རེད་དེ་ནི། ཨོང་། དེ་ཕྱི་ཡིས་ཕྱི་ལ་གཏུམ་བརྒྱབ།
- སྐུ་ཞབས་ལགསད་ང་རང་ཚོས་བརྟག་དཔྱད་གཏང་ཤེས་ཀྱི་རེད་མ་རེད། གཞན་ནི་གཅིག་བྱེད་ཡས་འདྲ་ཡིན་ན། གོང་མ་ལྔ་ཁོང་རྣམས་ཚོའི་ཕྱག་རིས་ངོ་མ་དེ་འདྲས་ཡོད་མེད། སྤྱིར་གཏང་གི་ཧ་གོ་ས་མ་རེད། བརྟག་དཔྱད་གཏང་ནས། ད་དེ་འདྲ། དེས་འདུག་བཟོ་དངོས་སུ་བྲིས་པ་ཡིན་གསུངས་ཡས་དེ་འདྲས་འདུག འདུག་ཡོད་རྒྱུ། རྗེས་སུ་ཁོ་རང་གི་དངོས་སུ་བརྩམས་ནས། ཡང་སྐབས་འགའ་ཞིག་ལ་བརྩམས་ནས་བྲིས་ཟེར་མཁན་དེ་འདྲས་ཤོད་ཀྱི་འདུག་ག དེ་ཡིན་དང་དངོས་སུ་ཁོ་རང་རང་གི་ལག། ཕྱག་བསྟར་མས་བྲིས་ཡོད་མེད་དེ་ཧ་གོ་གི་མི་འདུག
- སྐུ་ཞབས་ལགསའདི་ནི་སྔོན་མ་དབུ་རྩེ་ཟེར་མཁན་དེ་ལ། དེ་ནི་དེའི་སྟེང་དེ་ནས་པོ་ཏི། ད་ལྟ་ཐོན་་མིའི་ཕྱག་བྲིས་རེད། ཟེར། པོ་ཏི་བཅུ་གཉིས་ཡོའོ་རེད། ད་ཁོ་ཐོན་མི་རང་ཡིན་ནམ། སམ་བྷོ་ཌ་ད་ལྟ་ཟེར་ཡས་དེ་ག་ཟེར་གྱིས། དེ་ནི་ཐོན་མིའི་ཕྱག་བསྟར་རང་ཟེར། པོ་ཏི་བཅུ་གཉིས་ཡོའོ་རེད།
- སྐུ་ཞབས་གཉིས་པད་དེ་ཚོ་ཚང་མ་ཡོའོ་མ་རེད་པཱ།
- སྐུ་ཞབས་ལགསམི་འདུག་གཅིག་རྐྱང་།
- རྒྱལ་པོདཔེ་མཛོད་ཁང་ནང་ལོགས་ལ་ད་ལྟ། དཔེ་ཆ་གཉིས་ཡོད་པ་གཅིག་འཁྱེར། གཅིག་བཞག་པ་རེད་པཱ། གཅིག་ཡོད་ཀྱོག་དེ་འཁྱེར་ཕྱིན་པ་རེད་བཞག་པ་རེད།
- སྐུ་ཞབས་ལགསམར་འཁྱེར་རེད།
- སྐུ་ཞབས་ལགསགཉིས་ཡོད་ན་གཅིག་འདི་ལ་བཞག གཅིག་མར་འཁྱེར། གཅིག་ལའི་མེད་ན་གཅིག་གུ་དེ་མར་འཁྱེར་རེད། དེ་ནས་གཞུག་ལ་ལྷག་ཙམ་བྱུང་ཡོའོ་རེད། ད་ཁོ་རང་ཆ་ཚང་པོ་ཡོའོ་མ་རེད། གཞན་ས་སྐྱའི་པོ་ཏི་གཅིག་གི་ནང་ལ་ཁོ་ནས་གྲུབ་མཐའ་་སྒང་ག་དཔེ་ཆ་གཅིག་ཡོའོ་རེད།
- སྐུ་ཞབས་གཉིས་པད་ལྟ་པོ་ཏི་གཅིག་ཡོའོ་རེད་པཱ། པོ་ཏི་གཅིག་གི་ནང་ལོགས་ལ་ཆོས་ཚན་ཁོ་འདྲ་མི་འདྲ་བ་ལྔ་བཅུ་ལྷག་དྲུག་བཅུ་ཙམ་ཞིག་འདྲ་མི་འདྲ་དེ་འདྲས།
- ཌབི༹དད་ལྟ་དེའི་ནང་དེ་བླ་མ་དམ་པ་གི་གསུང་པ་ཡོའོ་རེད་པས།
- སྐུ་ཞབས་གཉིས་པབླ་མ་དམ་པ་ཡི་གསུང་འབུམ་ཁོ་ར་ད་ཕྱོགས་བསྒྲིགས་བྱེད་ཐུབ་ཡོའོ་མ་རེད་མ་གཞི། གཞན་མང་པོ་དེ་འདྲས་ཡོའོ་རེད་དང་། ད་ལྟ་ཚང་མ་ཕར་གང་ཟེར་དེ། སོ་སོ་སོ་སོ་འདུག་དེ་ཕར་བཀའ་འབུམ་བཟོ་ཐུབ་ཡོའོ་མ་རེད། ཚང་མ་མཉམ་དུ་བསྡམ་ནས། ད་ཁོ་ལ་དཀར་ཆག་གི་པོ་ཏི་ཡོའོ་རེད་པཱ། པོ་ཏི་སོ་སོར་དཀར་ཆག་བཟོས་པ།
- རྒྱལ་པོཔོ་ཏི་སོ་སོར་བཀར་ཆག་ག་དུས་བཟོས་གནང་པ་རེད།
- སྐུ་ཞབས་གཉིས་པདཀར་ཆག་ནི་སྔོན་མ་སྤྱི་ཚོགས་ཚན་རིག་ཁང་གི་བསྟན་པའི་སྒྲོན་མ་ལགས་ཁོང་ཚོ།
- རྒྱལ་པོབསྟན་པའི་སྒྲོན་མ་ལགས་དང་མ་བཅོས་ལགས་དང་།
- སྐུ་ཞབས་གཉིས་པདེ་ཚོ་ཡང་གསལ་པོ་རང་མི་འདུག་གང་། དེའི་མཇུག་གུ་ཡང་དཀར་ཆག་ཅིག་བཟོས་རེད། ད་དེང་སང་ཉེ་དུས་དཀར་ཆག་གཅིག་བཟོས་ནས། དེ་ནི་པོ་ཏི་གཅིག་ནང་ལ་ག་ཚོད་ཡོད་མེད། དེ་ལ་གྲངས་ཀ་ག་ཚོད་ཡོད་མེད། ཆ་ཚང་གཅིག་གསར་པ་བཟོས་ཡོའོ་རེད།
- སྐུ་ཞབས་ལགསཡུམ་པོ་ཏི། པོ་ཏི་གཞུང་ཆེ་གཅིག་ཁ་ཤས་ནས་དེའི་མིང་དེ་བཟོས།
- སྐུ་ཞབས་གཉིས་པཨ་ནི་མགོ་ཡི་ནང་དོན་མགོ་གི་ཡེ་ནས་མར་གཅིག་བསྐྱོན་འདུག་གང་། མ་གཏོགས་པའི་འདི་ཏག་ཏག་བསྡད་ཀྱི་མི་འདུག།
- རྒྱལ་པོལགས་སོ། ད་ད་ལྟ་གཞུག་གུ་བཟོས་ཀྱོག་དེ།
- སྐུ་ཞབས་གཉིས་པད་གཞུག་གུ་བཟོས་ཀྱོག་དེ།
- རྒྱལ་པོཔོད་རྙིང་དཔེ་ཁྲིད་ཁང་གི་གཅིག་ལས་འགན་གཅིག་འདུག
- སྐུ་ཞབས་གཉིས་པགཅིག་གི་གཅིག་ཡང་ལས་འགན་ཅིག་འདུག་གང་། དེ་འདྲས་བྱས་པ་གཅིག་འདུག་གང་། ཨོའོ་ཡ་འདི་ལས་འགན་བྱས། དེ་ནི་ཨོའོ་རེའུ་མིག་ཅིག་འདུག་གང་། དེ་ང་རང་ཚོའི་དེའི་ས་སྐྱ་དགོན་པ་རང་ལ་ཕན་ཡས་ཀྱི་ཆེད་དུ་དེ་ནི་བརྒྱབ་ལོགས་དེ་ནས་མང་པོ་བརྒྱང་ཡས་འདུག་གང་། དེ་ཚོ་ཚང་མ་རྩོམ་པ་པོ་དང་ཆ་ཚང་ཁོ་རང་གི་མིང་བཀོད་ནས། དེ་ནི་ང་རང་ཚོའི་དེའི་ཡང་གཅིག་ཁག་ཁག་ཅིག་བཟོས་ཡོའོ་རེད།
- རྒྱལ་པོཨ་ལས།
- སྐུ་ཞབས་གཉིས་པབཞག་ཡས།
- སྐུ་ཞབས་གཉིས་པད་མཇུག་གུ་ཡིན་ན། དཔེ་ཆ་པོ་ཏི་གཅིག་ནང་ལོགས་ལ་བལྟས་བ་ཡིན་ན། པོ་ཏི་གཅིག་ལ་ཨང་གྲངས་ཡོའོ་རེད་པཱ། ཨང་གྲངས་གཅིག་ནས་སྟོང་ཕྲག་གཉིས་ལྷག་ཙམ་ཡོའོ་རེད། ཨང་གྲངས་དཔེར་ན་གཅིག་གི་ནང་ལ་ག་ཚོད་ཡོད་མེད་དེ་ཆ་ཚང་ཁོ་རང་། དེའི་ནང་ལ་བལྟས་ན་ཏག་ཏག་ཧ་གོ་གི་རེད། དེའི་ནང་ལ་བྲིས་མ་ཡིན་ནའི་གང་ཡིན་ནའི་ཆ་ཚང་ཧ་གོ་གི་རེད།
- སྐུ་ཞབས་ལགསམང་ཆེ་བ་བྲིས་མ་རེད། དཔར་མ་ཟེར་ཉུང་ཉུང་རེད་དཔེ་མཛོད་ཁང་ནང་ལ། ད་ཁོ་འདྲས་སྔོན་གྱི་བཀའ་འབུམ་དེ་ཚོ་གཅིག་རེད། དཔར་མ་རེད། གཞན་དེ་མིན་སྒང་ག་མ་རྐྱང་རེད།
- ཌབི༹དད་ལྟ་དཔེ་མཛོད་ཁང་དེའི་ནང་གི་དཔེ་བྲིས་ཀྱི་བཞག་ས་དང་དེ་སྒང་ག་བདག་པོ་ཡོའོ་རེད། ཡང་ན་དེ་ལ་དེ་འདྲས་ཉམས་གསོ་གནང་གིན་ནང་བཞིན།
- སྐུ་ཞབས་གཉིས་པད་ད་ལྟ་ཁོ་ཡོའོ་རེད། དཔེ་མཛོད་ཁང་ཁག་ཁག་གཅིག་བཟོས་ནས་དེ་ལ་གང་བྱུང་མང་བྱུང་གཏོང་གི་ཡོའོ་མ་རེད། གཏོང་གི་ཡོའོ་མ་རེད།
- ཌབི༹དངས་ཧ་གོ ཧ་གོ་སོང་ཡིན་ནའི་དེ་དཔེ་ཆ་རྙིང་པ་དེ་འདྲས་ལ་སྲུང་སྐྱོབ་ཡིན་གཅིག་མིན་གཅིག་བྱེད་དགོས་ཀྱི་རེད་པཱ། དེ་ནི་དེ་སྲུང་སྐྱོབ་བྱེད་ཡས་ལ་དེ་ཚོའི་བཅུག་ས་སྒམ། ཨང་ཀི་དང་པོ་འདྲ་པོ་བྲིས་དགོས་ཀྱི་རད། ད་ལྟ་དེ་འདྲས།
- སྐུ་ཞབས་གཉིས་པད་ལྟ་དཔེ་མཛོད་ཁང་ཟེར་དཔེ་རབ་དཔེ་ཆ་ཕར་བླུགས་ས་ཡི་ཀུན་དགའ་ར་བ་ཡོའོ་རེད་པཱ། དེ་འདྲས་ཀྱི་ནང་ལ་ཚང་མ་ཕར་སོ་སོར་སོ་སོར་བྱས་ནས་ཕར་བླུགས་ཡོའོ་རེད་མ་གཏོགས། དམིགས་བསལ་གྱི་ད་ཤེལ་གྱི་སྒྲོམ་ཅིག་ཡག་པོ་དེ་འདྲས་བཟོས་ཡོའོ་མ་རེད། ད་མཇུག་གུ་ད་དགོན་པ་འདི་ཕར་ཉམས་གསོ་བཟོས་བྱས་ད་ཉམས་གསོ་བྱེད་ཀྱི་ཡིན་ཟེར་གྱི་ཡོའོ་རེད་པཱ། དེའི་ནང་ལ་ད་དཔེ་ཆ་ཡག་པོ་ཟེར་འཇོག་ས་བཟོས་ཡོད་ཟེར་གྱི་ཡོའོ་རེད།
- རྒྱལ་པོདེ་ནི་འདི་ལྷོ་བྱང་གཉིས་ཡོའོ་རེད་པཱ། དེ་གཉིས་བར་ཁྱད་པར་ག་རེ་ཡོད་ནམ།
- སྐུ་ཞབས་ལགསད་ལྷོ་བྱང་གཉིས་ཟེར་མཁན་དེ་སྔ་མ་སྒོ་ནས་གཅིག་ནི་མདོ་རེད། གཅིག་ནི་སྔགས་རེད། མདོ་སྔགས། མདོ་སྔགས་ཀྱི་ཆོས་སྡེ་ཉི་ཟླ་བཟུང་འབྲེལ། ང་ཚོའི་ངོས་ནས་མགོན་པ་ལྷོ་དེ་གཙོ་བོ་མདོ་རེད། དེ་ལ་སྔགས་ཡོའ་རེད། ཡིན་ནའང་ཆོས་བྱང་ལ་བསྡོད་མཁན་སྔགས་པ་ཟེར་ད་དེ་ནས་བཀྲ་ཤིས་ལྷུན་པོའི་ཡ་རུ་སྔགས། དེ་སྔགས་པ་དེ་རུ་དེ་ནི་སྔགས་ཆེན། དེ་ནས་རྒྱུད་སྟོད་སྨད་ཟེར་ཡས་དེ་འདྲས་འདུག་གང་། མར་ནས་མར། ལྷ་ས་ཁུལ་ལ། ཨོའོ་དེ་ནང་བཞིན་རྒྱུད་སྟོད་སྨད་ཟེར་མཁན་དེ་ནི་ད་བྱང་པ་སྒང་ག་སྔགས་པ་རེད་པཱ། ཨོའོ་ད་གྲྭ་ས་གཞན་དག་ངོས་ནས་གཅིག་དེ་ནང་བཞིན་གྱི་ས་སྐྱ་ལ་མདོ་སྔགས་གཉིས་མདོ་དེ་གཙོ་བོ་ད་དགོན་པ་ལྷོ་དེ་རེད།
- སྐུ་ཞབས་གཉིས་པདེའི་ནང་ནས་མདོ་དེ་གཙོ་ཆེ་ཡས་ད་ལྟ་གང་ཟེར་ན། གཞི་གསུམ་གཙོ་བོ་ཆེ་བར་བྱས་ནས་གནང་གི་ཡོའོ་རེད་ཟེར། ད་རྒྱུད་སྡེ་བཞི་གྲུབ་ཆོས་དེ་གཙོ་ཆེ་བ་དེ་ཆོས་བྱང་ལ་ཡོའོ་རེད་ཟེར། ད་སྔགས་དང་མདོ་གཉིས་ཡོའོ་རེད་པཱ། གཙོ་ཆེ་བ་དེ་ད་སྔགས་ལ་འགྲོ་ཐུབ་པ་བྱེད་པ་དེ་རེད། འདི་དེ་གཉིས་ཀྱི་ཁྱད་པར་ཡོའོ་རེད་གསུང་པ་རེད།
- སྐུ་ཞབས་ལགསམདོ་སྔགས་ཟུང་འབྲེལ། བསྟན་པའི་སྒོ་ནས་ཅིག
- རྒྱལ་པོཨ་ནི་ལོ་རྒྱུས་ཐོག་ལ་བྱས་ན། ལྷོ་དེ་སྔོན་ལ་ཆགས་ཡོད་དམ། བྱང་དེ་སྔོན་ལ་ཆགས་ཡོད་དམ།
- སྐུ་ཞབས་ལགསཨོ་ད་བྱང་ངོས་་ལ་ཆགས་པ་རེད། གོང་མ་རྣམས་བསྡད་ས་ཕ་གིར་ཆགས་པ་རེད།
- སྐུ་ཞབས་གཉིས་པཕ་གི་ཆགས་ནས་ལོ་དགུ་བརྒྱ་ལྷག་ཙམ་རེད། དགུ་བརྒྱ་ད་ལྟ་འཁོན་ཀུན་མཆོག་རྒྱལ་པོ། ས་ཆེན་ཀུན་དགའ་རྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱན་མཚན། ས་སྐྱ་པཎྜི་ཏ་ཚང་མ་ཕ་རུ་བྱོན་འདུག་གང་། འདི་རུ་བྱོན་ཡོའོ་མ་རེད།
- སྐུ་ཞབས་གཉིས་པདེ་དུས་གཅིག་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་ཆེས་བཞེངས་པ་དེ་འདྲས་རེད་པཱ། དེ་བྱེད་དུས་ད་ལྟ་ལོ་བདུན་བརྒྱ་ལྷག་ཙམ་འགྲོ་གི་འདུག་གང་། དགོན་པ་ས་སྐྱ་ཟེར་མཁན་དེ་ཆགས་ས་ཁོ་རང་ཕར་ལ་ཆུ་བྱང་ཕར་ལ་བརྟེན་ནས་ཆགས་ཡོད་ས་རེད།
- སྐུ་ཞབས་གཉིས་པདགེ་ལེགས་ཡོན་ཏན་གཟིགས་པའི་དཔལ། སྡིག་པའི་དྲི་མ་སྤངས་བྱས་སྐྱ་ཟེར་མཁན་དེ་ད་ལྟ་ས་དཀར་པོ་དཀར་ནག་ལ་ཕྱིན་ན་གསུང་གི་འདུག་གང་།
- རྒྱལ་པོརེད་རེད་རེད། དེ་ནས་ས་སྐྱའི་འབག་མོ་ཟེར་ཡས་དེ་གང་འདྲས་ཡིན་ནམ། ས་སྐྱའི་འབག་མོ་ཟེར་ཡས་དེ་ལ་ཆ་བཞག་ན།
- སྐུ་ཞབས་ལགསས་སྐྱའི་འབའ་མོ་ས་སྐྱའི་སྲུང་མ་རེད། སྲུང་མ་ལ་ཅིག་འཇིག་རྟེན་ལས་འདས་པའི་སྲུང་མ་ཡོའོ་རེད། འཇིག་རྟེན་པའི་སྲུང་མ་ཡོའོ་རེད། འཇིག་རྟེན་ལས་འདས་པའི་སྲུང་མ་ནི་ཁོར་ཡུག་ཀུན་གྱི་ཁོ་འདྲས་ཟུང་འབྲེལ་ཡོའོ་རེད།
- སྐུ་ཞབས་ལགསགཅིག་ནས་གཅིག་ཏུ་འདྲེན་པ། དེ་དུས་སྒོ་ནས་འབའ་མོ་ཅིག་ཡོའོ་རེད། དེ་ནི་འཇིག་རྟེན་གྱི་འདས་པའི་སྲུང་མ། དེ་ནི་ཕྱིས་སུ་ཁོ་འདྲས་ཡང་ཅིག་མི་ཤི་ཅིག་བརྩིས་ཡས་བྱུང་བ་དེ་འདྲས་ཡོའོ་རེད།
- སྐུ་ཞབས་ལགསསྲུང་མ། དེ་དུས་སྒོ་ནས་དེ་ཅིག་འཇིག་རྟེན་པའི་དེ་ནི་དེ་ཇི་བཞིན་བླ་མ་མང་པོའི་སྒོ་ནས་བཀའ་བཀོད་དམ་བཅའ། ཁོང་ཚོར་དེ་ནི་གསེར་སྐྱེམས་ཕུལ་བྱས་དེ་ནི་ས་སྐྱའི་བསྟན་པ་རུ། སྤྱིར་བསྟན་པ་ཅིག་དང་དེ་ས་སྐྱའི་བསྟན་པ་རུང་བ་དེ་ནི་དེ་དུས་སྒོ་ནས་ད་གཙོ་ཆེ་ཅིག་གཞན་ལ་གནོད་པར་མི་བྱེད་པ། སངས་རྒྱས་བསྟན་པ་ལ་ཅིག་གི་སྲུང་སྐྱོབ་བྱེད་དགོས་ཡས་བཀའ་བཀོད་དམ་བཞག་བྱས་ནས་དེ་ནི་དེ་འདྲས་ཅིག་ཡོའོ་རེད།
- རྒྱལ་པོལགས་སོ།
- སྐུ་ཞབས་གཉིས་པའབག་མོ་ད་ལྟ་འབག་མོ་སྲིད་་སྐྱེས་ཞང་ཞུང་རྡོ་རྗེ་བུ་ཁྲིད་བརྩིས་ཟེར་ཡས་དེ་འཇིག་རྟེན་པ་ཡིན་གསུང་གི་ཡོའོ་རེད། འཇིག་རྟེན་པ་ཡིན། ང་རང་ཚོ་དཔེར་ན་མི་གཅིག་ཤི་པ་ཡིན་ན་འདྲེ་རུ་སྐྱེས་ཀྱི་འདུག་ཟེར་ཡས་ཅིག་ཡོད་པ། ཨོའོ་ད་དེ་འདྲས་ཨོང་འདྲས་ཡིན་ཟེར་།
- སྐུ་ཞབས་གཉིས་པདེ་འདྲས་འོག་ལ་གོང་མ་ཁོང་ཚོ་ནུས་པ་ཆེན་པོ་ཡོད་དུས་ཙམ་ནས། དེ་ནི་ཁོ་རང་ལ་ཕར་ཁོ་བཀའ་བཀོད་གནང་ནས་དམ་ལ་བཏགས་ནས། དེ་ནི་ཁོ་ན་ལ་ཏོག་ཙམ་ནུས་པ་ཡོའོ་རེད་པཱ། ཁོ་ལ་གང་ཡོད་ཟེར་ན། ཕར་གནོད་པ་གཏོང་ཡས་ནུས་པ་ཡོའོ་རེད། དེ་ཁོ་དམ་ལ་བཏགས་ནས་སེམས་ཅན་ལ་འཚེ་བ་བྱེད་མི་ཆོག་ཟེར། བསྟན་པ་གསུང་དགོས་ཟེར།
- སྐུ་ཞབས་གཉིས་པགལ་སྲིད་སེམས་ཅན་ལ་འཚེ་བར་བྱས་བསྟན་པ་མ་བསྲུང་ན། ཁྱེད་རང་སྨྱོ་བར་འགྲོ་གི་རེད་ཟེར། དེ་ནི་འདིས་གང་ཟེར། ལ་རྒྱ་རིང་ལ་གང་བྱས་ཟེར་ན། ང་རང་ཚོ་བསྐང་གསོ་གནང་ཡས་ཅིག་འདུག་གང་། ད་ཁོ་ཁོ་རང་གི་བཟས་ལ་འགྲོ་ཡི་ཡོའོ་རེད་ད། དེ་ཡིན་ཟེར་གྱི་ཡོའོ་རེད།
- རྒྱལ་པོདེ་ག་དུས་ནས་འགོ་བཙུགས་བྱུང་པ་རེད།
- སྐུ་ཞབས་ལགསདེའི་སྒང་ལ་སྔ་ཕྱི་ཡོའོ་མ་རེད། ད་ལྟའི་ཡིན་ཡས་བྱས་ན་ཞང་ཞུང་རྡོ་ཇེས་ཕྱིས་སུ་ཕྱིས་སུ་གི་ས་སྐྱའི་གོང་མ།
- སྐུ་ཞབས་གཉིས་པདེ་གང་ལྟར་གོང་མ་ལྔའི་བཞུགས་ཡུན་ལ་ཡོད་ས་མ་རེད། དེའི་ཕྱིས་སུ་གང་བཞིན་བྱུང་བ་དེ་འདྲས་ཡིན་ས་རེད།
- སྐུ་ཞབས་ལགསསྔ་མོ་སྔ་མོ་ཡོད་ད་དེ་འདྲས་ཅིག་དེ་དུས་ལ་འཇིག་རྟེན་ལས་འདས་པའི་ཁོ་ནས་ད་མི་གོང་མ་རྩ་ཆེ་བ་དེ་འདྲས་ཅིག་གང་ཟེར། སྲིད་སྐྱེས་ཟེར་ཅིག དེ་བུད་མེད་ནང་གི་འབར་པ་དམ་པ་བརྒྱ་ཟེར་མཁན་ཞིག་དེ་ཁོང་གི་སྤྲུལ་པ་རེད། དེ་ནི་ཁོང་འཇིག་རྟེན་གྱི་མི་མ་རེད།
- སྐུ་ཞབས་གཉིས་པད་ཡིན་ནའི་གོང་མ་ལྔ་བཞུགས་པའི་ཁ་གཏུག་ལ་གང་ཟེར་ན། འཇིག་རྟེན་ལས་འདས་པའི་སྲུང་མ་དེ་འདྲས་ཡོའོ་རེད་ཟེར། དེ་ད་ལྟ་མགོན་པོ་གུར་གྱི་མགོན་པོ་ཡོའོ་རེད་པཱ། དེ་ཡི་འཁོར་བུད་མེད་རྣམས་དོར་བར་བརྟེན་བ་བརྒྱ་ཟེར་མཁན་ཅིག་ཡོའོ་རེད་པཱ། ཨོའོ་དེ་ཚོ་ཙམ་ནི་ད་ལྟ་གོང་མ་ལྔ་ས་ཆེན་ཀུན་དགའ་རྙིང་པོ་བཞུགས་དུས་ཙམ་ཅིག་ནས་ཡོའོ་རེད།
- སྐུ་ཞབས་གཉིས་པདེ་མ་ཡིན་པའི་འཇིག་བརྟེན་པ་ཡི་ད་ལྟ་སྲིད་སྐྱེས་གཤང་ཤུང་རྡོ་རྗེ་བུ་ཁྲིད་ཟེར་མཁན་ད་འདྲ་མང་པོ་ཅིག། མི་འདྲ་མང་པོ་ཅིག་ཡོའོ་རེད་པཱ། དེ་ཚོ་ཚང་མ་དུས་རྗེས་སུ།
- སྐུ་ཞབས་ལགསཕྱིས་སུ་བླ་མ་ཅིག་སྒོམ་ནས་ད་ག་ལེ་ག་ལེ་ཚུར་ཡོང་གི་རེད་པཱ། ག་ལེ་ག་ལེ་བླ་མ་དེའི་ཁོ་ནས་བཀའ་བཀོད་དམ་བཅའ་གནང་ཡོའོ་རེད།
- རྒྱལ་པོལགས་སོ།
- ཌབི༹དད་ལྟ་དེ་འདྲས་སྲིད་པ་གོང་མཐོར་མ་ཟེར་དེ་བརྗོད་པ་མ་རེད་པས། སྲིད་པ་གོང་མཐོར་མ། འབག་མོ་བྲིས། འབག་མ།
- སྐུ་ཞབས་གཉིས་པཞང་ཞུང་རྡོ་རྗེ་བུ་ཁྲིད། སྲིད་སྐྱེས་ནམ་མཁའ་སྒྲོལ་མ། གཙོ་བོ་གསུམ་པོ་དེ་རེད། དེ་ནི་ད་རུང་གཡོག་པོ་བཟོ་འདྲ་དེ་འདྲས་འདྲ་མི་འདྲ་མང་པོ་ཡོའོ་རེད།
- རྒྱལ་པོའཁོར་དེ་འདྲས་མང་པོ་ཡོའོ་རེད་པཱ།
- སྐུ་ཞབས་གཉིས་པའོང་འཁོར་དེ་འདྲས་མང་པོ་ཡོའོ་རེད། ད་གཙོ་བོ་ཡི་ནང་ནས་གསུམ་པོ་ད་ལྟ་སྲིད་སྐྱེས་དང་ཞང་ཞུང་རྡོ་རྗེ་བུ་ཕྲིད་ནམ་མཁའ་སྒྲོལ་མ་ཟེར་གསུམ་ཡོའོ་རེད།
- རྒྱལ་པོརེད། ལགས་རེད། དེ་ནི་བཤད་སྒྲུབ་དེ་འདི་བྱེད་དུས། ཨོང་། གསང་ཕུ། གསང་ཕུ་དང་འབྲེལ་བ་ཡོའོ་རེད། རེད་པཱ་ལགས།
- སྐུ་ཞབས་ལགསགསང་ཕུ། ཨོའོ་རེད་རེད་རེད། གསང་ཕུ་མི་ད་བཀའ་གདམས་པའི་ཁོ་འདྲས་དགེ་བཤེས་མང་པོ་ཐོན་ས་དེ་་གསང་ཕུ་མི་དེ་ལ་བློ་ལྡན་ཤེས་རབ། རྔོག་བློ་ལྡན་ཤེས་རབ།
- སྐུ་ཞབས་གཉིས་པདེ་མར་ཡིན་ན་གསང་ཕུ་མར་རུ། ས་སྐྱའི་ཁོ་འདྲས་སྨོན་ལམ་ཆེན་མོའི་བཟོ་འདྲ་ཨེ་འདྲས་རྒྱ་ཆེན་པོ་ཅིག་བཙུགས་ནས་མར་རུ་མཁས་པ་པཎྜི་ཏ་མང་པོ་ཅིག་བྱོན་གནང་མར་རུ། བྱས་ནའི་ད་ད་ལྟ་བཤད་སྒྲུབ་་ཀྱི་ཉམས་ལེན་དེ་འདྲས་ཅིག་མང་པོ་ཅིག་གནང་གི་ཡོད་ས་རེད།
- སྐུ་ཞབས་ལགསས་པཎ་རྒྱ་ནག་མར་ནས་ཡར་ཕེབས་ནས། ཐོག་མ་མ་གང་ཟེར། རྗེ་ཆོས་མིག་ཆོས་སྐོར་ཆེན་མོ་ཟེར་དེ། སྣར་ཐང་གི་འཁྲིས་ལ་རེད།
- སྐུ་ཞབས་གཉིས་པསྣར་ཐང་ད་ལྟ་དེ་རེད། ངོར་དགོན་པ་ཟེར་མཁན་དེ་ཡར། ངོར་དགོན་པ་དེའི་འཁྲིས་དེ་ཡོའོ་རེད། ད་ད་ལྟ་ཁྲི་སྐོར་བཅུ་གསུམ་གྱི་ནང་ནས་ཆུ་མིག་ཁྲི་སྐོར་ཟེར་མཁན་དེ། དེའི་འཁྲིས་དེ་ན་ཆུ་མིག་ཆོས་སྐོར་ཟེར་མཁན་དེ་ཡོའོ་རེད། གཙང་ཆུང་གི་རིམ་པོ་ཟེར་ཨོའོ་འདི་ཟེར་གྱི་ཡོའོ་རེད།
- སྐུ་ཞབས་ལགསདེ་དུས་འཕགས་པ་རིན་པོ་ཆེས་ཕེབས་ནས་གྲྭ་པ་རེ་རེར་གསེར་ཀྲམ་རེ་རེ་འགྱེད་བརྒྱབ་བྱས། དེ་ནས་གནས་བསྟན་བཅུ་དྲུག་དངོས་སུ་བྱོན་པ་ཟེར་གྱི་ཡོའོ་རེད།
- སྐུ་ཞབས་གཉིས་པདགེ་འདུན་འབུམ་འདུས། གནས་བསྟན་བཅུ་དྲུག་དངོས་སུ་བྱོན། འགྲོ་མགོན་ཆོས་རྒྱལ་འཕགས་པས་སྐུ་ཞབས་རེ་རེ་ལ་གསེར་ཀྲམ་ཀ་རེ་རེ་འགྱེད་བསྐྱོན། གང་མིན་ཚད་ཀྱི་སྐལ་པ་བཟང་པོ་དེ་འདྲས་བྱུང་བའི་ད་གནས་ཞིག་བསྟན་ཡོད་གསུང་ཡོའོ་རེད་ཡང་།
- སྐུ་ཞབས་ལགསཆོས་མིག་ཆོས་སྐོར་ཆེན་མོ་ཟེར་དེ་འདྲས་བྱས། དེ་འདྲས་སྒོ་ནས་འདི་བྱས་ནས་ད་སྐབས་བྱུང་ཡོའོ་མ་རེད།
- སྐུ་ཞབས་གཉིས་པད་དགེ་འདུན་ཕལ་ཆེར་བོད་ཀྱི་ནང་ལོགས་འདུས་ཆེ་བ་དེ་མ་གཏོགས་བྱུང་ཡོའོ་མ་རེད་གསུང་གི་ཡོའོ་རེད།
- རྒྱལ་པོག་པར་ཡིན་ནམ།
- སྐུ་ཞབས་གཉིས་པདེ་འདྲས་ཁོ་འདྲ་ད་ལྟ་གཞིས་ཀ་རྩེ་ཡར་ཙམ་ཐོད་༼སྟེང་༽དེ་གའི་ཡོའོ་རེད། ཕར་ངོར་རོ་དགོན་པར་འགྲོ་ཁ་ལ་ཡར་འཁྲིས་དེ་ནས་ཅིག་ལ།
- སྐུ་ཞབས་ལགསགནས་བསྟན་གྱི་དེ་ནས་ལྷོ་དེ་ནས་ཡར།
- སྐུ་ཞབས་གཉིས་པད་དེ་ནས་འགྲོ་མགོན་འཕགས་པའི་བཞུགས་ཁྲི་གཅིག་ཡོའོ་རེད།
- རྒྱལ་པོདེ་ནི་ས་ཆ་དེའི་མིང་ལ་ག་རེ་ཟེར་གྱི་ཡོད་ནམ།
- སྐུ་ཞབས་གཉིས་པཨོང་ད་ཆུ་མིག་ཆུས་ཟེར། ཆུས་དེ་ལ་ཆུ་མིག་ཆུས་ཟེར་གྱི་ཡོའོ་རེད། ཨོའོ་དེ་ན་ཡོའོ་རེད། ཆུ་མིག་ཆུས་དེ་རང་རང་ལ། ཆུ་མིག་ཆོས་སྐོར་ཟེར། ད་དགོན་པ་སྟོངས་ཚར་རེད། ཡོའོ་མ་རེད། དེང་སང་ཡིན་ན་ཉམས་གསོ་སྒྲིག་དགོས་ཟེར་གྱི་ཡོད་དོགས་མེད། དེ་ལ་ད་ལྟ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཞུགས་ཁྲི་ཅིག་ཡོའོ་རེད་པཱ། ཁོ་ཉམས་གསོ་གང་ཟེར། ཉམས་གསོ་སྒྲིག་དགོས་ཞུས་ནས།
- རྒྱལ་པོདེ་ནས་བཀའ་འདྲི་ཞུ་ཡས་ཅིག་ལ། ས་ངོར་ཚར་གསུམ་ཡོའོ་རེད་པ། དེའི་བར་ལ་དབྱེ་བ་གང་འདྲས་ཡིན་ནམ།
- སྐུ་ཞབས་ལགསསྔོན་མ་ད་བླ་མ་སོ་སོའི་ཁོ་ནས་མ་ས་སྐྱའི་བསྟན་པ་གཅིག་རེད། གསུང་ངག་ལམ་འབྲས་ཨོ་ནས་སྔགས་རྒོལ་རྐྱང་རེད། ཡིན་ནའི་ད་སོ་སོ་སོ་སོའི་ཆོ་ག་ཆོག་ལེན་ཡོང་གི་རེད་པཱ།
- སྐུ་ཞབས་ལགསརོལ་མོ་བཀྲོལ་སྟངས། དབྱངས་བརྡུང་སྟངས། ཡང་སོ་སོས་བླ་མ་ཚོས་་སྙིང་བཅུད་བྱེད་མཁན། སོ་སོར་ཡོན་པ་གང་བཞག་ཟེར། བཀོད་པ་གང་བཞག་ཟེར། དེ་འདྲས་དེ་ནི་སོ་སོའི་སྒོ་ནས་དཔེར་ན་ཅིག་ངོར་ལ་ཡིན་ན། བཅུད་བརྒྱ་དང་ཉམས་ལེན། ཉམས་ལེན་བྱེད་དུས་རྒྱུད་སྡེ་བདུན་བཅུ་བདུན་གཉིས། རྒྱུད་སྡེ་སྣེ་གཉིས་ངོས་སུ་བཟུང་། དེ་ནས་དེ་ནི་དེ་་ཤེས་པར་གང་འདྲས་ཟེར་བྱེད་དགོས་ཀྱི་འདུག་གས། སོ་སོ་སོའི་སྒོ་ནས་ད་སྒྲིག་ལམ་ཟེར་ནའི་བསྟན་གྱི་ཡོའོ་རེད་པཱ། བསྟན་པའི་བླ་མའི་ཕྱག་ལེན། ཕྱག་རོལ། ཅིག་ཨོང་།
- སྐུ་ཞབས་གཉིས་པཁོ་གཅིག་གི་མ་གཞི། གཞི་ཁྱད་པར་ཡོའོ་མ་རེད། ད་གཙོ་བོས་ཁོ་གང་ཡིན་ཟེར་ན་ད་ཨའ་ད་་སྔགས་ཀྱི་སྐོར་ལ་བྱས་ན། གསུང་སྔགས་ལམ་འབྲས། བཞི་བཤད་རེད།
- སྐུ་ཞབས་གཉིས་པམདོ་ཡི་སྒོ་ནས་བྱས་པ་ཡིན་ཟེར་ན། ད་ལྟ་གཞུང་ཆེན་པོ་པོ་ཏི། གཞུང་ཆེན་བཀའ་པོད་ང་རང་ཚོ་ས་སྐྱ་བ་ཡིན་ན། གྲགས་ཆེན་བཅུ་བརྒྱད། གྲགས་ཆེན་བཅུ་བརྒྱད་ཟེར་གྱི་ཡོའོ་རེད་པཱ། དེ་བཞིར་བཞག་རེད། དེ་ནི་བཞིར་བཞག་རེད།
- སྐུ་ཞབས་གཉིས་པཡིན་ན་ཡང་བླ་མ་ཁོ་རང་གི་ད་སོ་སོ་སོ་སོའི་གི་ཉམས་ལེན་ཨེ་འདྲས་ཡོང་གི་རེད་པཱ། ཁོའི་གི་གནང་སྟངས་ཨེ་འདྲས་ཁོ་ཁྲིད་ཀྱི་ཏོག་ཙམ་གནང་སྟངས་ཁོ་ཏིག་ཙམ་ཁྱད་པར། ད་ས་ངོར་ཚར་གསུམ་དེ་འདྲས་བྱུང་པ་རེད།
- སྐུ་ཞབས་ལགསདཔེར་ན་མཁར་རྔ་བརྡུངས་དང་དབྱངས་བརྡུངས་དང་། དེ་འདྲས་ཀྱི་ཆོ་ག་ཕྱག་ལེན་ཟེར་ཡས་དེ་འདྲས་ཡོའོ་རེད།
- རྒྱལ་པོརེད་རེད།
- སྐུ་ཞབས་ལགསདེ་སྒོ་ནས་གར་ཐིགས་དབྱངས་གསུམ་ཟེར་གྱི་ཡོའོ་རེད།
- སྐུ་ཞབས་གཉིས་པདོན་ངོ་མ་ཁོ་རང་གཅིག་པ་རེད། ས་སྐྱའི་ཁོངས་སུ་ཡར་གཏོགས་པ་རེད། ཡིན་ནའང་ད་ལྟ་ས་སྐྱའི་ལམ་འབྲས་དེ་བཤད་པ་གནང་སྐབས་ད་ཁོ་བཤད་པ་གནང་མཁན་གྱི་སྐབས་སུ། ད་ཁོ་རང་རང་གི་ཐུན་མོང་མ་ཡིན་པའི་གནང་སྟངས་དེ་འདྲས་ཡོང་གི་རེད་པཱ། གྲུབ་པའི་གནང་བའི་སྐབས་སུ་ཁོ་རང་གི་ཐུན་མོང་མ་ཡིན་པའི་ཡིན་ན། ཉམས་མྱོང་ཨོའོ་ད་དེ་འདྲས་ཅིག་གི་ཐོག་ནས་ས་ངོར་ཚར་གསུམ་ཟེར་མར་བྱུང་བ་རེད་མ་གཏོགས།
- སྐུ་ཞབས་ལགསལམ་འབྲས་གསུམ་ནང་ཚོགས་བཤད་ཟེར་བྱས་བྱས་ཡང་ཚོགས་ཡོང་ལ། ཡང་སློབ་བཤད་ཟེར་བྱས་ནས་ཁོའི་ནང་གི་ཡང་ཉུང་ཉུང་ཁོ་འདྲས་ད་ཅིག་ཉམས་སུ་ལེན་ཐུབ་མཁན་བྱས་ཧྲབ་ཏོ་ཧྲབ་ཏོ་བྱས་ནས་དེ་འདྲས་ད་སློབ་བཤད་ཟེར། དེ་འདྲས་རེད་མ་བཞིན་ད་ད་དེའི་རྗེས་ཕར་ཅིག་སྐོང་ཚུར་ཅིག་ཚོགས།
- རྒྱལ་པོས་སྐྱའི་ནང་ལོགས་ལ་གྲུབ་མཐའ་ཁག་གསུམ་བརྩིས་ན་འགྲིག་གི་མ་རེད་པཱ།
- སྐུ་ཞབས་གཉིས་པམ་རེད་མ་རེད་མ་རེད། འདི་ས་སྐྱའི་གྲུབ་མཐའ་གཅིག་ཡིན་པ་ལས་གྲུབ་མཐའ་ཁག་གསུམ་བརྩི་རྒྱུ་ཡོའོ་མ་རེད། ད་ཕྱག་ལེན་མི་འདྲ་བའི་ཙམ་གྱི་ཁྱད་པར་མ་གཏོགས། གྲུབ་མཐའ་ས་སྐྱ་གཅིག་རང་རེད།
- སྐུ་ཞབས་གཉིས་པཡར་ནས་མར་དཔེར་ན། ད་ལྟ་བཀའ་རྒྱུད་དེ་ཚོ་ལ་ཆེ་བཞི་ཆུང་བརྒྱད་ཟེར་གྲུབ་མཐའ་མང་པོ་ཅིག་བརྩིས་ཀྱི་འདུག་གང་། དེ་འདྲས་བརྩི་རྒྱུ་ཡོའོ་མ་རེད། ང་རང་ཚོའི་གྲུབ་མཐའི་དེ་གང་ཡིན་ཟེར་ན། སྔགས་ཀྱི་སྒོ་ནས་བཞེད་པ་ཡིན་ན་དེ་ཡིན་ཟེར།
- སྐུ་ཞབས་གཉིས་པམཐའ་གཅིག་ཏུ་དེ་འདྲས་རྗེ་བཙུན་གོང་མ་རྣམ་ལྔ་ཡིས་འགྲེལ་པའི་ལམ་འབྲས། སློབ་བཤད་དང་ཚོགས་བཤད་གཉིས་མདོ་ཡི་སྒོ་ནས་བཤད་པ་ཡིན་ན། གྲགས་ཆེན་བཅོ་བརྒྱད། ཨོའོ་དེ་དེ་གཉིས་ལས་འགྲོ་ས་ཡོའོ་མ་རེད།
- སྐུ་ཞབས་གཉིས་པཚར་པ་ཡིན་ག་ཚོད། ཚར་པ་ག་ཚོད་ཀྱི་རྒྱས་པ་ཡོད་ནའི་དེ་ལས་ལྷག་ཡོའོ་མ་རེད། ངོར་པ་ག་ཚོད་ཀྱི་ལྷག་ཡོད་ནའི་དེ་ལས་ལྷག་ལས་ཡོའོ་མ་རེད།
- རྒྱལ་པོའདི། རིམ་པ་དེའི་དཀྱིལ་ནས་བྱས་ན། ས་། ས་དེ་སྔོན་ལ་བྱས།
- སྐུ་ཞབས་གཉིས་པའང་། འདི་མཇུག་གུ་བྱུང་བ་རེད། ངོར་དང་ཚར། ངོར་དང་ད་ད་ལྟ་ཚར་པ་རྣམ་པ་གཉིས་ད་ལྟ་མཇུག་གུ་མཇུག་བྱུང་བ་རེད།
- སྐུ་ཞབས་གཉིས་པདེ་བླ་མ་དམ་པ་ཡི་་སློབ་མ་གིས། ཕལ་ཆེར་ད་ལྟ་མཇུག་ཏུ་བླ་མ་དམ་པ་ཡོའོ་རེད་པཱ། གོང་མ་ལྔ་ཡི་མཇུག་ཏུ་བླ་མ་དམ་པ་བྱུང་བ་རེད།
- རྒྱལ་པོཨོའོ་རེད་པཱ།
- སྐུ་ཞབས་གཉིས་པབླ་མ་དམ་པ་ཡི་སློབ་མ་ཡི་ཕར་རྒྱས་ནས་དེ་ནི་ས་སྐྱ་དང་ངོར་པ་ཟེར་མཁན་དེ་བྱུང་འདུག་གང་།
- སྐུ་ཞབས་ལགསབླ་མ་ཁོ་འདྲས་འཕྲིན་ལས་རྒྱལ་པོ་བྱུང་། འཕྲིན་ལས་རྒྱལ་པོ་བྱུང་ནས་དེ་ཁོང་ཚོས་གྲུབ་ན་གྲུབ་མཐའ་ནང་བཞིན་ཆགས་པ་རེད། གཞན་དེ་འདྲས་མ་རེད། ཁོ་ནས་གཅིག་ཏུ་ས་སྐྱ་རང་ལ་ཡོད།
- རྒྱལ་པོཨོང་། སྟོད་དེ་བར་ངོར་པའི་དེ་རེད་དགོན་ལག་མང་པོ་འདུག་ག ཁོང་ཚོས་ང་ཚོ་ས་སྐྱ་མ་རེད། ང་ཚོ་ངོར་པ་རེད།
- སྐུ་ཞབས་གཉིས་པད་ལྟ་ཁོང་ཚོས་གྲུབ་མཐའ་ཧ་གོ་གི་ཡོའོ་མ་རེད། ག་གི་ཧ་གོ་གི་ཡོའོ་མ་རེད། ད་དཔེ་ཆ་ཡའི་དོན་དག་མ་ཤེས་པ་གང་ཡིན་ཟེར་ན། ཏོག་ཙམ་ཆོ་ག་ཆོག་ལེན་བརྡུངས་ཡས་དེ་ཚོ་ལ་ཆོས་རེད་སྣང་བ་རེ་ཤར་ནས། དེ་ཏིག་ཙམ་མི་འདྲ་བ་བྱུང་ན་ཁག་ཁག་ལོགས་གར་བརྩིས་མཁན། ད་མང་ཆེ་གི་འདི་ཤེས་ས་རེད།
- སྐུ་ཞབས་གཉིས་པད་ལྟ་བཀའ་རྒྱུད་ཆེ་གཞི་ཆུང་བརྒྱད་ཟེར་མཁན་དེའི་འཛིན་ས་དེའི་ཏོག་ཙམ་མི་འདྲ་བ་ཁྱད་པར་རང་བཞིན། སོ་སོ་སོ་སོ་ཡི་་གྲུབ་མཐའ་རེ་འཛིན། དེ་ཁོ་ལ་མིང་གཅིག་བཏགས་ནས་དེ་དགྱེས་བ་ཨོའོ་དེ་འདྲས་ཅིག་རེད་འདུག་གང་།
- ཌབི༹དཨོང་། ངོར། ངོར་པ་དང་ཚལ་པ་དེ་ཚོ་གཉིས་ཀྱི་ནང་ལ་འདི་ཨོང་གུ་རུ་པད་མ་འབྱུང་གནས་ཁས་ལེན་མ་ལེན་གྱི་ཁྱད་པར་ཐད་ཅི་ཡོའོ་མ་རེད་པས།
- སྐུ་ཞབས་གཉིས་པཡོའོ་མ་རེད། དེ་ནི་ད་སྔོན་མ་སྔོན་མ་ད་གང་ཟེར། བླ་མ་སོ་སོ་ཡི་གནས་སྐབས་ལ་ཉམ་བསམ་བློའི་ཁྱད་པར་མ་གཏོགས། སྤྱིར་བཏང་ཁོ་རང་རང་གི་བླ་མ་མཚན་ཉིད་་པ་ཅིག ངོར་ཆེན་ཀུན་དགའ་བཟང་པོ་དང་རྫོགས་ཆེན་ཁོང་ཚོ་ཡིན་ན་ཁས་ལེན་མི་ལེན་ཁྱད་པར་གང་ཡོད་ཀྱི་རེད།
- སྐུ་ཞབས་གཉིས་པགུ་རུ་རིན་པོ་ཆེ་དངོས་སུ་རྩལ་ཧ་ཧ་་་་་་་་། ད་དེའི་རྗེས་སུ་བླ་མ་ཨེ་འདྲས་ཀྱི་ད་སོ་སོ་སོ་སོ་ཡི་བསམ་བློ་འཁྱེར་བྱས། ཕྱོགས་རེས་ཞེ་སྡང་གི་དབང་དུ་བྱས་ནས་དེ་འདྲས་འགྲོ་མཁན་དེ་འདྲས་ད་ཡོད་མེད་ཟེར་ན་ཧ་གོ་གི་མ་རེད།
- སྐུ་ཞབས་ལགསབཀྲ་ཤིས་ལྷུན་པོའི་ནང་ལ་དེ་འདྲས་རང་། དྲེག་པོ་དྲེག་པོའི་ཁས་ལེན་གྱི་མ་རེད་དའི། ཡིན་ནའང་དེ་ཚོའི་དཀྱིལ་ནས་མཁའ་འགྲོ་དེ་ཚོ་ཁས་ལེན་གྱི་མ་རེད་ཟེར། ཧ་ཧ་་་་་་་།
- རྒྱལ་པོདེ་ནས་ས་སྐྱ་ལ་བླ་མ་ཅིག་ཆགས་དགོས་ན་གང་། ག་རེ་ག་རེ་བྱས། ལོ་ག་ཚོད་ནས་བླ་མ་ཆགས་ཀྱི་ཡོའོ་རེད།
- སྐུ་ཞབས་ལགསདེ་འདྲས་ལོ་བརྩིས་ཡས་ཡོའོ་མ་རེད། བླ་མ་ཟེར་མཁན་དེ་བླ་མའི་མཚན་ཉིད་དགོས་རེད་པཱ། བླ་མའི་མཚན་ཉིད་ཁོ་འདྲས་གཅིག སྤྱོད་མཐུན་ཞེས་པའི་མཚན་ཉིད་དགོས་ཀྱི་རེད་པཱ།
- སྐུ་ཞབས་ལགསདཀྱིལ་འཁོར་བྲིས་ཤེས་པ། རང་གི་སྒོམ་ནས་ཉམས་རྟོགས་ལ་སྐྱེས་པ། བླ་མ་ཡར་ནས་མར་གྱི་རྒྱུད་པ་མ་ཆད་པ། དེ་འདྲས་ཀྱི་སྒོ་ནས་ད་བླ་མའི་བཀའ་ཆོས་ཁོ་ནས་དེ་བྱས་ནས། བཀའ་ཆོས་ཐོབ་ནས་གཞན་དོན་བྱེད་པ། བཀའ་ཆོས་མ་ཐོན་བར་དུ་རང་གི་སྒོམ་དགོས་ཡས། ད་དེ་རིགས་མཚན་ཉིད་དེ་འདྲས་ཡོའོ་རེད།
- སྐུ་ཞབས་གཉིས་པད་གསང་སྔགས་དེ་ད་ལྟ་མདོའི། མདོ་ཡི་གནས་སྐབས་སུ། མདོ་ཡི་གནས་སྐབས་སུ། གཙང་ཞིང་མཁས་ལ་ཕན་པར་འགྱུར་ཟེར། དེ་ད་ལྟ་ས་པཎ་གྱིས་གསུངས་ཀྱི་འདུག་གང་།
- སྐུ་ཞབས་གཉིས་པགཙང་བ་ལ་ཚུལ་ཁྲིམས་གཙང་བ་དང་གཅིག དཔེ་ཆར་མཁས་བ་དང་གཉིས། གཞན་ལ་དཔེ་ཆ་ཤོད་པར་ནུས་པ་སོགས་ཕན་ཟེར་དེ་་ཀུན་ལ་མར་དཔེ་ཆ་བཤད་པ། དེ་གསུམ་ཡིན་གཅིག་མིན་གཅིག་དགོས་ཀྱི་འདུག་ག
- སྐུ་ཞབས་གཉིས་པད་གསང་སྔགས་རྡོ་རྗེ་ཐེག་པའི་ནུས་པ་སོགས་དེ་ཁོ་ན་ཉིད་བཅུ་ཤེས་པ་ཟེར། ཨ་ནི་གང་ཟེར་འདི། ད་ཚུལ་ཁྲིམས་གཙང་བ་དེ་བཞི་བཤད་བྱས། དེའི་ཡིན་ན་ད་ལྟ་ཁོ་ཁོ་རེ་བྱང་ཆུབ་མཆོག་དུ་སེམས་ངེས་པ།
- སྐུ་ཞབས་གཉིས་པདེ་ཡི་སྟེང་དུ་དེ་ནི་གང་ཡིན་ཟེར་ན། བླ་མ་མཚན་ཉིད་དང་ལྡན་པའི་སྐུ་མདུན་ནས་དབང་གཞི་ཐོབ། དབང་གཞི་ཐོབ་པ་ཙམ་དུ་མ་ཟད་པའི་དེ་ཡི་ངོས་ནས་ཐོབ་པའི་དམ་ཚིག་ཡིན་ན། གཙང་མ་སྲུང་། དེས་མ་ཟད་རང་གི་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་ཐོན་གྱི། ད་དེ་འདྲས་ཅིག་ལ་ད་ལྟ་རྡོ་རྗེ་སློབ་དཔོན་ཟེར་གྱི་འདུག་ག
- རྒྱལ་པོཨ་ལས། རྡོ་རྗེ་སློབ་དཔོན།
- སྐུ་ཞབས་ལགསདེ་ནི་མཁན་པོ་ལ་ཡིན་ན་བརྟེན་མཁས་ཡོའོ་རེད་པཱ། བརྟེན་མཁས། བརྟེན་མཁས་ཡོན་ཏན་ཨོ་གཙང་མཁས་བཞི་ལ་ད་མཁས་པ། བརྟེན་པ། བརྟེན་པ་ཁོ་འདྲས་དེ་བཙུན་པ་བརྟེན་པའི་ཡོན་ཏན། འདུལ་ཕྱོགས་ཀྱི་སྒོ་ནས་ཅིག་ཚུལ་ཁྲིམས་མ་ཉམས་པ་ཁོ་ན་ཁོ་འདྲས་བརྟེན་པ། དེ་ནི་བརྟེན་པར་ཁོ་འདྲས་ཅིག་འདུལ་བའི་ཁོ་འདྲས་མདོ་ཞེས་པ་རབ་དེ་འདྲས་ཡོའོ་རེད་པཱ། ད་དེ་ཚོ་མཁན་པོའི་དེ། ཨོའོ་དེ་འདྲས་གསུང་གི་ཡོའོ་རེད་ད།
- སྐུ་ཞབས་གཉིས་པད་དེ་བྱེད་དུས་སྤྱིར་བཏང་གི་ང་རང་ཚོ་ཡིན་ནའི་དེ་འདྲས་ཀྱི་མཚན་ཉིད་གཅིག་ཚང་སོང་ཟེར་ན། དེ་ནི་བླ་མའི་གོ་ས་སླེབས་ཀྱི་ཡོའོ་རེད།
- སྐུ་ཞབས་གཉིས་པད་ཡིན་ནའི་དེ་ཡི་བརྒྱུད་རིམ་ལྟ་བུ་ལ་སྔོན་མ་ཡིན་ན། མར་ནས་ཡར་རིག་ཆུང་རིག་ཆེན་ཟེར་ད་རིམ་པ་བཞིན་ཏུ་བརྒྱུད་ནས། ད་དེང་སང་ཡིན་ན་ང་རང་ཚོའི་རྒྱ་མིས་ཡིན་ན། ཐ་སྙད་བཏགས་ཀྱི་སློབ་གྲྭ་ཆེན་མོ། མར་ནས་ཡར་རིམ་པ་བཞིན་སློབ་གྲྭ་ཆུང་ཆུང་ཟེར་ཡས་འདུག་ག ད་དེ་འདྲས་ཀྱི་ཐ་སྙད་དེ་སྔོན་མ་ང་རང་ཚོ་ལའི་ཡོའོ་རེད།
- སྐུ་ཞབས་གཉིས་པང་རང་ཚོ་ཡོའོ་རེད་དེའི་ཡིན་ནའི་དེའི་ནང་ལ་ཐ་སྙད་བཏགས་སྟངས་གང་ཟེར་གྱི་ཡོའོ་རེད་ཟེར་ན།
- སྐུ་ཞབས་གཉིས་པདང་པོ་མར་ནས་ཡར་གྲྭ་པ་བཞུགས་ཡིན་ན་རུ་ཁང་ཆང་ཟེར་མཁན་ཅིག་ཡོའོ་མ་རེད་པས།
- སྐུ་ཞབས་གཉིས་པདང་པོ་ནས་གྲྭ་པ་བཞུགས་ན། དང་པོ་ཚོགས་པ་བཞི། དེ་ནི་རིག་ཆུང་། རིག་འབྲིང་། རིག་ཆེན། ད་དེ་ཡིན་ན་དཔེ་རྐྱང་པ་ལ་ཟེར་གྱི་རེད།
- སྐུ་ཞབས་གཉིས་པདེ་ནས་བཀའ་བཅུ་པ། དེ་ནས་གྲོལ་བ་རབ་འབྱམས་པ་ཟེར། ད་རབ་འབྱམས་པ་ཟེར་ན། དེང་སང་དབང་དུ་བྱས་ན། ད་ལྟ་ཁོ་ཟེར་གྱི་འདུག་གམ། སློབ་གྲྭ་ཆེན་པོའི་ནང་ལ། སློབ་གྲྭ་ཆེན་མོ་ཡར་ཐོན་ནས་གང་ཟེར་གྱི་འདུག
- རྒྱལ་པོཞིབ་འཇུག་སློབ་མ།
- སྐུ་ཞབས་ལགསཞིབ་འཇུག་སློབ་མ་མིན་པ་དེ།
- རྒྱལ་པོཔོའོ་ཧྲེ་༼རྒྱ་སྐད་ཀྱི་སྒྲ་༽ཟེར་མཁན་དེ།
- སྐུ་ཞབས་གཉིས་པཔོའོ་ཧྲེ་༼རྒྱ་སྐད་ཀྱི་སྒྲ་༽ཨོང་། དེ་འདྲས་ཅིག་ལ་རབ་འབྱམས་པ་ཟེར་གྱི་ཡོའོ་རེད། དེ་ནས་ཡང་རབ་འབྱམས་པ་ཆེན་པོ་ཟེར་གྱི་འདུག་གང་། ཨ་ནི་དེ་འདྲས་ཀྱི། ཐ་སྙད་དེ་ང་རང་ཚོའི་ཨ་ད་ཆོས་འདི་ལ་ཏག་ཏག་ཡོའོ་རེད་ད།
- རྒྱལ་པོལགས་སོ། ལགས་སོ། དེ་ནས་ལོ་གསུམ་ཟླ་གསུམ་ཞག་གསུམ་སྒོམ་ལ་བཞུགས་དགོས་རེད་། རེད་པཱ་ལགས།
- སྐུ་ཞབས་གཉིས་པཨོའོ་དེ་ནི་དེ་ཆ་ཚང་ཕར་སོང་ནས་དེ་ནི་ཉམས་ལེན་ལ་འགྲོ་དགོས་རེད། དེ་གསང་སྔགས་གི་ཉམས་ལེན་ཆ་ཚང་།
- རྒྱལ་པོཉམས་ལེན། གལ་སྲིད་ཉམས་ལེན་མ་བྱས་ན་བླ་མ་་་་་་་བླ་མ་བྱེད་ཡས་ཡོའོ་མ་རེད་པཱ།
- སྐུ་ཞབས་གཉིས་པད་བླ་མ་དེ་ཉིད་ལ་གཉིས་ཡོའོ་རེད། མདོའི་གནས་སྐབས་ཀྱི་བླ་མ་གཅིག་ཆགས་ཐུབ་པ། ཡིན་ནའི་གསང་སྔགས་ཉམས་ལེན་གྱི་བླ་མ་དེ་ད་རུང་ཆགས་ཐུབ་ཀྱི་ཡོའོ་མ་རེད།
- སྐུ་ཞབས་གཉིས་པདེ་ངས་ད་གིན་ཞུས་ཤོད་རེད། གང་ཡིན་ཞེས་ན་དབང་བཞི་ལེགས་པར་ཐོབ། སྒོམ། སྒོམ་ནས་ཉམས་རྟོགས་སྐྱེས་ནས་དེ་བླ་མ་ཆགས་ཀྱི་རེད།
- རྒྱལ་པོརེད་རེད་རེད། འདི་བཀའ་རྒྱུད་པ་དང་འདྲ་པོ་རེད་རེད་པཱ།
- སྐུ་ཞབས་ལགསགཅིག་པ་རེད།
- སྐུ་ཞབས་གཉིས་པསྤྱིར་བཏང་གི་མང་ཆེ། གྲུབ་མཐའ་མང་ཆེ་གཅིག་པ་ལོགས་འགྲོ་ཡི་རེད། གང་ཡིན་ཟེར་ན། དང་པོ་འདུལ་བ་དེ་ལ་ཉམས་ལེན་བྱས་ནས། དེ་ནི་གསང་སྔགས་ཀྱི་རིམ་པ་བཞིན་ལ་བཞུགས་པ་མ་གཏོགས། གསང་སྔགས་ལ་དང་པོ་བཞུགས་ནས་འདུལ་བ་ལ་ཕར་བཞུགས་པ་ཟེར་བ་ཡོའོ་མ་རེད་པཱ།
- རྒྱལ་པོརེད་རེད་རེད། དེ་ས་སྐྱའི་ལམ་འབྲས་དེ་དམིགས་བསལ་གྱི་དེ་གྲུབ་མཐའ་གཞན་དང་མི་འདྲ་བའི་ཁྱད་ཆོས་ག་རེ་ཡོད་ནམ།
- སྐུ་ཞབས་ལགསལམ་འབྲས། མི་འདྲ་བ་གང་ཡོའོ་མ་རེད། དངོས་སྒྲུབ་དེ། ལམ་འབྲས་་ལ་དངོས་སྒྲུབ་སྒོ་ནས་གནང་བའི་གསུམ། དངོས་གཞིའི་རྒྱུད་གསུམ་ཟེར་དེ་ལ། དངོས་སྒྲུབ་གནང་ལ། ཕལ་ཆེར་ད་ལམ་སྒང་ག་ཚུད་ཀྱི་ཡོའོ་རེད།ད་གང་འདྲས་ཅིག་ཡིན་ན།
- སྐུ་ཞབས་གཉིས་པསྤྱིར་བཏང་གི་ཨ་ད་སོ་སོས་སོ་སོར་དཔེར་ན། རྙིང་མ་ལ་ཡིན་ན་གང་ཟེར། ཐེག་པ་རིམ་པ་དགུ་ཟེར་གྱི་འདུག་ག དགེ་ལུགས་བ་ཡིན་ན་སྔགས་རིམ་ཟེར་གྱི་འདུག་ག ད་དེ་དང་འདྲ་བའི། འདྲ་བའི་སོ་སོ་སོ་སོར་ཐ་སྙད་དེ་མི་འདྲ་བ་ཡོའོ་རེད། ང་རང་ཚོའི་ས་སྐྱ་ཡིན་ན་ཐ་སྙད་བཏགས་སྟངས་དེ་ག་རེ་ཟེར་ན། ལམ་འབྲས་བུ་ཟེར་གྱི་ཡོའོ་རེད།
- སྐུ་ཞབས་གཉིས་པཨོང་། ད་ཡིན་རྒྱུ་ཁོ་གང་རེད་ཟེར་ན། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཡིན་པ་འདྲ་འདྲ་རེད། ཡིན་ནའང་སོ་སོ་སོ་སོ་ཐ་སྙད་མི་འདྲ་བ་ལ་ཡ། དེ་བྱེད་དུས་ཕར་ཚུར་དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དེ་བརྒྱུད་པའི་གནས་སྐབས་སུ། བླ་མ་མཚན་ཉིད་དང་ལྡན་པ་གཅིག་བརྒྱུད་དགོས་རེད་པཱ།
- སྐུ་ཞབས་གཉིས་པདེ་བརྒྱུད་སྟངས་དེར་ད་གྱིན་མཁན་རིན་པོ་ཆེས་བཀའ་གནང་བ་རིང་རྒྱུད་དང་ཉེ་རྒྱུད་ཟེར། རིང་པོ་དེ་གང་ནས་བརྒྱུད་པ་རེད་ཟེར་ན། ཨ་ད་གྲུབ་ཆེན་ཀ་ཡ་ཏ་། རྒྱ་གར་གྱི་གྲུབ་ཆེན་ཀ་ཡ་ཏ་ནས་རིམ་པ་བཞིན་དུ་འབྲོག་མི་ལོ་ཙཱ་བ། ད་འབྲོག་མི་ལོ་ཙཱ་བ་ནས་ས་ཆེན་ཀུན་དཀའ་སྙིང་པོར་བརྒྱུད་བ། རིང་རྒྱུད།
- སྐུ་ཞབས་གཉིས་པཉེ་རྒྱུད་དེ་གང་ཡིན་ཟེར་ན། རྒྱ་གར་གྱི་སློབ་དཔོན་འབི་བ་པ་དངོས་སུ་ས་སྐྱར་བྱོན་ནས་ཟེར། ཕར་རུ་ད་ལྟ་ས་དཀར་པོ་རྒྱ་ཡུལ་གྱི་ཚུལ་དུ་མཛད་ནས་ཟེར། ཡིན་ན་ས་འབིར་་ས་འབིར་ཟེར་གྱི་ཡོའོ་རེད། ད་དེང་སང་གང་ཞིག། ཡར་རུ་དངོས་སུ་བྱོན་ནས་དེ་ནི་ད་ཉེ་རྒྱུད་དེ་གསུང་བ་ཡིན་ཟེར། ད་དེ་ལ་ཉེ་རྒྱུད་ཟེར་བ་རེད།
- སྐུ་ཞབས་གཉིས་པཨ་ནི་ཤིན་ཏུ་ཉི་རྒྱུད་གསུང་གི་ཡོའོ་རེད། ཨ་ནི་རྗེ་བཙུན་རིན་པོ་ཆེ་ལ་དངོས་སུ་ཡང་གང་ཟེར། ས་ཆེན་ཀུན་དགའ་སྙིང་པོ་དངོས་སུ་ཞལ་གཟིགས་ནས། ད་ད་ལྟ་རྡོ་དཀར་པོ་ཀ་ལེབ་གཅིག་བཙུགས་བྱས་ནས་བསྟན་པ་རྣམས་ལ་ཉེ་རྒྱུད་ཟེར། ད་མདོར་ན་རིང་རྒྱུད་ཉེ་རྒྱུད་ཤིན་ཏུ་ཉེ་རྒྱུད་གསུམ་གྱི་སྒོ་ནས་ས་སྐྱའི་ལམ་འབྲས་དེ་མར་དར་བ་རེད།
- སྐུ་ཞབས་གཉིས་པདེ་བྱེད་དུས་ད་སོ་སོ་སོ་རང་རང་ལ་གསང་སྔགས་གྱི་ལམ་རེ་དང་། ད་མདོའི་ལམ་རེ་ཡོའོ་རེད། ཡིན་ནའི་ས་སྐྱའི་ཐ་སྙད་དེ་བཏགས་སྟངས་དེ་གང་ལ་བཏགས་ཟེར་ན། ལམ་འབྲས་ཟེར་ཕར་ཐ་སྙད་དེ་རེད་ཟེར།
- སྐུ་ཞབས་ལགསགཞི་ནི་གཞི་འམ་འབྲས་གསུམ་གསུམ་ག་རེད། གཞི་ལམ་འབྲས་གསུམ།
- རྒྱལ་པོཨའ་ལས། ལགས་སོ་ལགས་སོ། དེ་ནས་གཞན་བསྟན་པ་ཕྱི་དར་སྐབས་ལ་སྡོམ་པ་སྟོད་རྒྱུད་དང་སྨད་རྒྱུད་ཟེར་ཡས་ཅིག་ཡོའོ་རེད་པཱ། དེ་གཉིས་ཤུགས་ཆེ་འདྲ་ཅིག་ག་གི་དར་ཡོད་ན། ས་སྐྱ་ལ།
- སྐུ་ཞབས་ལགསས་སྐྱ་ལ་ཁ་ཆེ་པཎ་ཆེན་བྱོན་པ་ནས་ཕར་ནས་ཚུར་རྒྱ་གར་ནས་ཕྱིས་སུ་ཕེབས་པ་རེད་པཱ། ད་ཅིག་ཁ་ཆེ་པཎ་ཆེན། གཞན་དེ་ནས་ངོར་གྱི་སྒོ་ནས་ད་སྔ་མ་གོ་ནས་ཨོང་། བསམ་ཡས་གང་ཟགས་། མ་རེད་མ་རེད།་་་་་་་་་་་་་་་་་་་་་་བདེ་མཆོག་པ་དང་། བྱང་ཆུབ་པ་དང་དེ་སྔ་མ་གོ་ནས་་་་་་་་།
- སྐུ་ཞབས་གཉིས་པང་རང་ཚོའི་ད་ལྟ་་སྡོམ་པའི་སྡོམ་རྒྱུད་འདྲ་ཅིག་ཡོའོ་རེད་པཱ། སྡོམ་རྒྱུད་ནི་གང་འདྲས་ཡོའོ་རེད་ཟེར་ན། ཁ་ཆེ་པཎ་ཆེན་མན་ངག་རྒྱུད་། ཁ་ཆེ་པཎ་ཆེན་མན་ངག་རྒྱུད་ནས། ཁ་ཆེ་པཎ་ཆེན་དངོས་སུ་ཨ་ད་བོད་ལ་ཕེབས། ས་སྐྱ་པཎྜི་ཏ་མཇལ། ས་སྐྱ་པཎྜི་ཏ་མཇལ་ནས། ས་སྐྱ་པཎྜི་ཏ་ལ་ཚད་མའི་སྐོར་ཡོངས་སུ་རྫོགས་པ་ཅིག་གསུང་། དེ་ནི་དེ་མ་ཡིན་པའི་ཆོས་མང་པོ་ཅིག་གསུང་ནས། དེ་ནི་རབ་བྱུང་གི་སྡོམ་པ་དེའི་དེ་ནས་མར་དར་འདུག་ག
- སྐུ་ཞབས་གཉིས་པཁ་ཆེ་པཎ་ཆེན་ནས་ས་སྐྱ་པཎྜི་ཏ་བརྒྱུད། དེ་ནི་རིམ་པ་བཞིན་དུ་ད་ལྟ་བར་དུ། ད་དེ་ནས་མར་བྱས་ནས། དེ་ནི་དར་སྟངས་འདྲ་དེ།
- སྐུ་ཞབས་ལགསདེ་ནས་མར་བྱས། ད་ཁ་ཆེ་པཎ་ཆེན་ལ་ཐུགས་པ་རེད།
- སྐུ་ཞབས་གཉིས་པཨོང་། རྒྱ་གར་གྱི། ད་ང་རང་ཚོའི་ད་ས་སྐྱ་གོང་མ་ལ་ཚུར་གནང་མཁན་ཅིག་ཡོའོ་རེད་པཱ། ཁོས་ག་རེ་ཐུགས་ཀྱི་ཡོའོ་རེད་ཟེར་ན། ཁ་ཆེད་པཎ་ཆེན་ལ་ཐུགས་ཡོའོ་རེད་ཟེར་གསུང་འདུག
- རྒྱལ་པོདེ་ས་སྐྱའི་ལུགས་དང་བུ་ལུགས་བར་ལ་ཁྱད་པར་གང་ཡོད་ན། བུ་སྟོན་གྱི་ལུགས་ཅིག་ཡོའོ་རེད་པཱ།
- སྐུ་ཞབས་ལགསབུ་ལུགས། བུ་སྟོན་གྱི་ལམ་དེ་མ་ས་སྐྱས་དང་འབྲེལ་ཆེན་པོ་ཡོད་རེད། འབྲེལ་ཆེན་པོ་ཡོའོ་རེད།
- སྐུ་ཞབས་གཉིས་པད་ལྟ་བ་དེ་འདྲས་ཅིག་ལ་བུ་ལུགས་དང་གང་ཟེར་དེ་གཅིག་པ་མ་རེད། གང་ཟེར། ཇོ་ནང་པ་དང་བུ་སྟོན་གཉིས་ཁག་ཁག་ཡིན་པ་ཡོད།
- སྐུ་ཞབས་ལགསཁག་ཁག་རེད། ཇོ་རྣམ་པ་ཟེར་མཁན་དེ། ཇོ་ནང་པ་མི་གཞན་སྟོང་པ་མ་ཟད་བོད་ལ་དར་བའི་དབུ་མ་ཡིན་ཟེར་རེད་པཱ། བོད་ལ་དར་བའི་དབུ་མ་ཞིག་ཟེར། དེ་སྔ་མ་མེད་ཟེར།
- སྐུ་ཞབས་གཉིས་པབུ་སྟོན་དེ་འོང་། ས་སྐྱ་བའི་ལུགས་སྲོལ་འདྲ་ཅིག་འདུག་དེའི། ཡིན་ནའང་དེང་སང་ཁས་ལེན་ཡས་དེ་འདྲས་ལ་ཡང་ཁོ་རེ་ཁོ་རེ་ཡང་ཁག་ཁག་དེ་འདྲས་ཅིག་ཁས་ལེན་མཁན་འདྲ་ཅིག་བྱེད་ཀྱི་འདུག སྤྱིར་བཏང་གི་ད་བུ་སྟོན་གྱི་གང་ཟེར། ལུགས་ཁོ་རང་ལ་ད་གཙོ་ཆེ་བ། ཐུན་མོང་མ་ཡིན་པ་འདྲ་ཅིག་ད་ལྟ་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་རྣམ་གཞག ཐུན་མོང་མ་ཡིན་པར་དགོས་ཀྱི་རེད་པཱ། ཁོ་འདྲས་གང་འདྲས་ཡིན་མིན་ད་ལྟ་ཧ་གོ་མ་སོང།
- སྐུ་ཞབས་ལགསདེའི་གསང་སྔགས་ཀྱི་སྒོ་ནས་གཅིག་བྱས། བླ་མ་རྩ་བའི་སྒོ་ནས་ཚད་མའི་སྒོ་ནས་ཚང་མ་ཁས་ལེན་གྱི་ཡོད་ཅིང་། བུ་སྟོན་ཆོས་འབྱུང་དང་དེ་འདྲས།
- རྒྱལ་པོད་ས་སྐྱའི་དམིགས་བསལ་གྱི་ཁྱད་པར་དེ་ཚད་མ་དེ་དམིགས་བསལ་ཅིག་རེད་རེད་པཱ། ཚད་མ་དེ། ཚད་མ་རིག་པ་དེ།
- སྐུ་ཞབས་གཉིས་པཚད་མ་རིག་པ་དེ་ཡིན་ན་ད་ཆ་པ་ཆོས་ཀྱི་སེང་གེའི། དེ་ཡང་མང་ཆེ་ཅིག་ཡིན་ན་ང་རང་ཚོའི་ས་སྐྱས་ཁས་ལེན་གྱི་རེད། ཡིན་ནའི་དེའི་ནང་ནས་བོད་སྔ་རབས་ཀྱི་ཡང་བརྩི་སྲོལ་ཁག་ཡོའོ་རེད།
- སྐུ་ཞབས་གཉིས་པམདོག་པ་ཤ་སྨུག་གཟུགས་བཞིན་འདོད་ཡས་དེ་འདྲས། འདྲ་མི་འདྲ་དེ་ཚོ་ཐམས་ཅད་ཕར་བཀག་ནས་དེ་ནི་ཨ་ད་རིག་གཏེར་དེ་ཨ་ད་སྡེ་བདུན་མདོ་དང་བཅས་པའི་དགོངས་པ་དེ་ཚུར་ཐུན་མོང་མ་ཡིན་པའི་སྒོ་ནས་ཚུར་འབྲེལ་བ་དེ་ས་སྐྱ་ལ་མ་གཏོགས་ཡོའོ་མ་རེད།
- སྐུ་ཞབས་གཉིས་པད་ད་ལྟ་དགེ་ལུགས་པས་ཟེར་རྒྱུ་མང་ཆེས་ཚད་མ་དེ་ག་ལ་བཞག་གི་རེད་ཟེར་ན། ཁུངས་གཏུགས་ས་དེ་ཆ་པ་ཆོས་ཀྱི་སེང་གེ་དང་གཙང་ནག་བ་ཨོའོ་ཁོང་ཚོའི་གི་གཞི་བྱས་ནས་ཡིག་ཆ་དེར་བཞག་གི་རེད།
- སྐུ་ཞབས་གཉིས་པཨོང་། བོད་རང་གི་ཨོང་། དུས་ཕྱིས། ད་དུས་ཕྱིས་སུ་ད་ས་སྐྱ་པཎྜི་ཏ་བྱོན་ནས་དེའི་ལོགས་སུ་ས་སྐྱ་པཎྜི་ཏ། ད་ཁ་ཆེ་པཎ་ཆེན་མ་ཕེབས་གོང་ལ་དེ་ས་སྐྱ་པཎྜིཏས་གང་ལ་བཞེད་ཀྱི་ཡོའོ་རེད་ཟེར་ན། བོད་ཁོ་རང་གི་ཡིག་ཆ་ལ་གཟིགས་ཡོའོ་རེད། ཡིན་ནའང་ཁོ་རང་ལ་རིག་པ་ཐུན་མོང་མ་ཡིན་པ་ཅིག་ཡོད་པའི་རྒྱུ་མཚན་གྱི་སྒོ་ནས། ཨོའོ་ད་བོད་པའི་རིག་པ་དེ་ཚོ་ནི་ཡག་པོ་མི་འདུག་དགོངས་ནས།
- སྐུ་ཞབས་གཉིས་པདེ་ནི་དུས་ཕྱིས་སུ། ཁ་ཆེ་པཎ་ཆེན་ཕེབས་པའི་གནས་སྐབས་སུ་དེ་ནི་དེ་འདྲས་རེད་མ་རེད་ཞུས་གནང་བ་སོགས། ཨོའོ་ད་དེ་འདྲས་མ་རེད་ཟེར། དངོས་སུ་བྱས་ནས། དེ་ནི་ཐུན་མོང་མ་ཡིན་པའི་རིག་པ་དེ་སོ་སོ་གི་རིག་པ་དེ་རྩལ་དང་གང་བརྩམས་པ་གནང་བ་རེད་ཟེར་ན། དེ་ནི་ཚད་མ་རིག་གཏེར་དེ་བརྩམ་གནང་པ་རེད་ཟེར།
- སྐུ་ཞབས་ལགསཁ་ཆེ་བས་བོད་དེར་བརྩམ་རྩལ་མང་པོ་བརྩམ་རྩལ་མང་པོ་ངས་མི་ཤེས་ཟེར། དོན་ལ་གོ་ནས།
- སྐུ་ཞབས་གཉིས་པཨ་ད་དོག་པ་ཙམ་དེང་སང་བཀའ་ཆེན་མར་རྒྱུད་ནས་སྐབས་སུ་དོག་པ་ཤ་སྨུག་གྱི་གཟུགས་ཀྱི་ཡོད་ཟེར། དཔེར་ན། སྔོན་པོ་མ་ཡིན་པ་ལས་ལྡོག་པའི་སྔོ་ཙམ་ཟེར། དེ་འདྲས་མང་པོ་ཟེར་རྒྱུ་ཡོའོ་རེད།
- སྐུ་ཞབས་གཉིས་པཨ་ནི་ཁ་ཆེ་པཎ་ཆེན་མར་ཕེབས་གནང་བའི་་སྐབས་སུ་ས་པཎ་གྱིས་བཞུས་ནས། དེ་ནི་ངས་བོད་ནང་ལ་སྔོན་པོ་མ་ཡིན་པ་ལས་ལྡོག་པའི་སྔོ་ཙམ་ཅིག་ཡོད་ལབ་པས། སློབ་དཔོན་གྱི་ཞལ་རས་རེད་མ་རེད་ཟེར་ཕར་འདྲི་བ་རེད།
- སྐུ་ཞབས་གཉིས་པབརྩམས་ད་མང་པོ་ངས་མི་ཤེས། སྔོན་པོ་ད་ག་ཡོད་ཟེར། ད་དེའི་གོ་ནས་གང་ཡིན་ཟེར་ན། ཁོ་རང་གི་ཐུགས་རྒྱུད་ལ་གང་ཡོད་ཟེར་ན། གང་ཟེར། དོག་པ་ཡིན་མཁན་དངོས་པོ་ཡིན་མཁན། དེ་འདྲས་གཏན་ནས་མེད་པ་དེ་དེ་ནས་ཧ་གོ་གི་རེད་ཟེར།
- སྐུ་ཞབས་གཉིས་པད་དེ་འདྲས་ཀྱི་ད་ཁོ་རང་ལ་ས་སྐྱ་པཎྜི་ཏ་ཡིན་དུས། ད་རིག་པ་ཐུན་མོང་མ་ཡིན་པ་ཅིག་མང་པོ་ཅིག་ཡོའོ་རེད་པཱ། བོད་ལ་མངའ་འོག་འཁོར་གསུམ་ལ་མ་ཡིན་པའི་ཁོ་རང་ལ་རིག་པ་ཐུན་མོང་མ་ཡིན་པ་མང་པོ་ཅིག་ཡོད་པའི་ཐོག་ནས། དེ་ཡིན་དུས་ཙམ་པ་དེ་ནི་ཚད་མ་རིག་གཏེར་དེ་མར་བརྩམས་པ་ཡིན་གསུང་བ་རེད།
- སྐུ་ཞབས་ལགསད་ལྟ་དགེ་ལུགས་ཚོས་དེའི་སྒོ་ནས་དེ། དེ་ཡིས་དགོངས་པ་འཁྱེར་དེ་འགྲེལ་བཤད་མིན་པ་ཅིག ས་སྐྱ་པཎ་ཆེན་ལུགས་ཟེར་སྲོལ་གཅིག་བྱས། དེ་ཡོའོ་མ་རེད། དེའི་དགོངས་པ་དེ་རེད་པཱ། དགོངས་པ་དེ་ཡང་གསུང་བྱས་དེ་ས་སྐྱ་པཎ་ཆེན་ལུགས་ཟེར།
- རྒྱལ་པོལགས་རེད། ས་ལུགས་ས་སྐྱ་པཎ་ཆེན་གྱི་ལུགས་ཟེར་ཡས་འདི།
- སྐུ་ཞབས་གཉིས་པཨའོ་རེད། ཡང་སྤྱིར་བཏང་གི་ཨ་ད་དགེ་ལུགས་ནི་བསྡུས་གྲྭ་དང་རིག་ལམ་འཕྲུལ་ལྡེ་འདི་ཚོ་ཁག་གཅིག་ལ་ས་སྐྱ་པཎྜི་ཏའི་ལུང་མང་པོ་ཞིག་དྲངས་འདུག
- སྐུ་ཞབས་གཉིས་པཡིན་ནའི་ཁག་གཅིག་ལུང་འདི་ཀྱོག་ནས་དྲངས་འདུག ཚིག་ཇི་མ་ཇི་བཞིན་དྲངས་མི་འདུག དཔེར་ན། རང་རིག་གཉིས་དང་དོན་རིག་དང་རྗེས་སུ་རྟོགས་པ་གཞན་གྱིས་ངེས་ཟེར་དེ་འདྲས་གསུང་བ་རེད། ཁོ་རང་ཚོས་གང་འདྲས། རང་རིག་གཉིས་དང་དོན་རིག་གཉིས་ཟེར། རེད་པཱ། ད་དེ་འདྲས་ཟེར་མཛད་འདུག་ག