Video Overview
གླུ་དབྱངས་འདིའི་ཤོ་ལོ་ཀ་རེ་རེར་རང་གི་བསྟན་དོན་ཁ་ཚང་རེ་ཡོད་ལ།དེ་དག་ནི་གྲྭ་བ་དང་སྟག་ཤར། ན་ཆུང ་བུ་མོ་གསུམ་གྱི་གནས་ཚུལ་བརྗོད་པ་ཞིག་རེད།།
གླུ་དབྱངས་འདི་ནི་དཔེ་དོན་མཉམ་སྦྱོར་གྱི་ལམ་ནས་ཞིབ་བརྗོད་བྱས་པ་ཞིག་མིན་པར་ཤོ་ལོ་ཀ་རེ་རེས་བརྗོད་དོན་ ཁ་ཚང་སྟོན་པའི་གླུ་དབྱངས་ཤིག་རེད། ཤོ་ལོ་ཀ་དང་པོའི་བསྟན་དོན་ནི་དབུས་མཇལ་དུ་འགྲོ་བའི་གྲྭ་བ་ཞིག་ལ་མཚོན་ན་བཞོན་པར་དྲེལ་བུ་ཞིག་ཡོད་པ་ནི་སེམས་ཀྱི་རྟེན་གཞི་ཡིན་པ་དང་། ལང་ཚོ་དར་བའི་སྟག་ཤར་ཞིག་ལ་ཕྱི་ཡི་དགྲ་དང་ནང་གི་ངོ་སོ་སྲུང་ཆེད་ཁྲ་རིང་བོའུ་ཞིག་མེད་ཐབས་མེད་ལ།དེ་མིན་གྱི་ཁྱིམ་ལས་དང་གོ་ཁའི་བར་སྟོང་ན་བྲེལ་བའི་སྨན་ཤར་བུ་མོ་ཞིག་ལ་མཚོན་ན་ཁྱིམ་གྱི་དཀར་གསུམ་གྱི་འབྱུང་ཡུལ་དུ་གྱུར་བའི་འབྲི་མོ་ནི་སེམས་ཀྱི་རྟེན་ས་དང་རེ་བའི་ཉན་ས་ཡིན་པ་བརྗོད་འདུག གླུ་དབྱངས་འདིས་བོད་ཀྱི་སྔ་རབས་ཀྱི་སྤྱི་ཚོགས་གནས་ཚུལ་མང་པོ་ཞིག་གསོན་ཉམས་ལྡན་པས་མངོན་པར་མཚོན་འདག།
Every four lines of this song appeals speak on one theme, and includes the subjects of a monk, a young boy and a young girl.
这首民歌的每四行都完整地表达了一个主题的含义。歌曲的主题包括一位和尚、一个年轻的男孩和女孩。
这首歌没有使用比喻的手法, 而每一节都表达了一个主题的完整意义。第一部分主要讲述了对一个前往卫藏朝圣的僧人而言拥有一匹骡是他精神上的支柱。
第二部分主要阐述了一把枪对一个年轻人的重要性,对外它可以战胜敌人,对内它可以保护自己的尊严。最后一部分而叙述了一头母牦牛对一个年轻忙碌的女人来说是她精神上的依赖和对生活的希望,因为母牦牛是一个家庭所有需求的来源,比如:酥油、奶酪和牛奶。
- Ü
- Central Tibet
- བྱང་སྐྱབས།ལྷ་མོའི་དར་ལུང་གོང་མ་ན།།
- དྲེལ་སྨུག་ཆུང་གསེར་གྱི་གདོང་མཐུལ་ཅན།།
- བན་སེར་མོ་སྐྱིད་ཀི་སྐྱིད་གྲོགས་རེད།།
- དབུས་ཇོ་བོར་མཇལ་གི་སེམས་རྟེན་རེད།།
- ལྷ་མོའི་དར་ལུང་བར་མ་ན།།
- བོའུ་ཁྲ་རིང་དངུལ་གྱི་དཀྲིས་མ་ཅན།།
- སྟག་ཤར་ལུ་སྐྱིད་ཀི་སྐྱིད་གྲོགས་རེད།།
- དགྲ་ནག་པོ་རིག་གི་སེམས་རྟེན་རེད།།
- ལྷ་མོའི་དར་ལུང་ཞོལ་མ་ན།།
- འབྲི་ཐུལ་མ་གསེར་གྱི་རྭ་ཐུར་ཅན།།
- མ་ཨ་སེར་སྐྱིད་ཀི་སྐྱིད་གྲོགས་རེད།།
- སྦྲ་མཐིང་སྨུག་ཕུག་གི་སེམས་རྟེན་རེད།།