Video Overview
An interview with a monk at Samyé Monastery.
- Ü
- Samyé Gön
- བུ་ཆུངསྐུ་ཞབས་ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་༿ཡི་༾ཡོད་༿དམ་༾ནམ།
- སྐུ་ཞབསངའི་མིང་ལ་ཐུབ་བརྟན་རབ་གསལ་ཞུ་གི་༿ཡི་༾ཡོད།
- བུ་ཆུངལགས་སོའོ། ཨ་ནི་་་་།ད་ལོ་དགུང་ལོ་ག་ཚོད་ཕེབས་ཡོད་༿དམ་༾ནམ།
- སྐུ་ཞབསད་ལོ་ལོའོ་སུམ་ཅུ་ཐམ་པཱ་སླེབས་ཡོད།
- བུ་ཆུངསུམ་ཅུ་ཐམ་པ།
- སྐུ་ཞབསའོ་ཨོ།༿རེད།༾
- བུ་ཆུངཨ་ནི་་་་་ཐོག་མར་དགོན་པར་ཕེབས་དུས་དགུང་ལོ་ག་ཚོད་ཡིན་ནམ།
- སྐུ་ཞབསདང་ཐོག་སོ་སོ་རང་གི་དཱ་དགོན་པའི་ནང་ལ་གྲལ་ཚབ་ཞུ་དུས་༿གྲྭ་ཚབ་བཞུགས་དུས་༾ལོ་བཅོ་བརྒྱད་ནས་བསྡད་པ་ཡིན།
- བུ་ཆུངབཅོ་བརྒྱད་ནས།
- སྐུ་ཞབསའོ་ཨོ།༿རེད།༾
- བུ་ཆུངལགས་སོའོ། ཨ་ནི་་་།ཨོའོ་་་་།ཁྱེད་རང་འཁྲུངས་ཡུལ་ག་ནས་རེད། ལགས།
- སྐུ་ཞབསའཁྲུངས་ཡུལ་གོང་དཀར་ཤན་༼རྗོང་༽ལྕེ་བདེ་ཞོལ།
- བུ་ཆུངལྕེ་བདེ་ཞོལ་ནས།
- སྐུ་ཞབསའོ་ཨོ།༿རེད།༾
- བུ་ཆུངལགས་སོ། འདིར་དགོན་པར་ཕེབས་དུས་ལོ་བཅོ་བརྒྱད་བརྩིས་བྱས་སླེབས་ཀྱི་ཡོའོ་༿ཡོད་༾རེད།རེད་པཱ་ལགས།
- སྐུ་ཞབསཨོའོ།ང་རང་གི་ཕ་ཡུལ་ལྕེ་བདེ་ཞོལ་བྱས་དགོན་པ་རང་རྡོ་ཕུད་ཆོས་འཁོར་ཟེར།
- བུ་ཆུངརྡོ་ཕུད་ཆོས་འཁོར།
- སྐུ་ཞབསརྡོ་ཕུད་ཆོས་འཁོར་དགོན་པ་རང་སྒྲིག་འཛུགས་ལ།སྒྲིག་འཛུགས་ལ་བསྡད་བསྡད་ཀྱི་ཡོད་པཱ།
- བུ་ཆུངཨ་ལས།
- སྐུ་ཞབསབསམ་ཡས་རང་ལ་མར་སླེབས་དུས་ལོ་དཱ་ཉི་ཤུ་དེར་སླེབས། ཉི་ཤུ་རྩ་ལྔ་ལ།
- བུ་ཆུངཉི་ཤུ་རྩ་ལྔ་ལ།
- སྐུ་ཞབསའོ་ཨོའོ།༿རེད།རེད།༾
- བུ་ཆུངགདན་ས་མ་གའི་༿གིར་༾ཕེབས་པ་རེད་པཱ།
- སྐུ་ཞབསའོ་ཨོ།༿རེད།༾
- བུ་ཆུངལགས་སོའོ། ཨ་ནི་་་་་བསམ་ཡས་ལ་ཕེབས་ནས་དཱ་ལྟ་བར་དུ་དཱ་ཨོའོ་་་་་སྔོན་ནས་ཕ་གའི་༿གིར་༾ཕར་བཞུགས་ཀྱི་ཡོའོ་༿ཡོད་༾རེད། དཱ་འདིའི་བཤད་གྲྭ་གླིང་འདིར་ག་ཚོད་ལ་ཕེབས་པ་རེད།
- སྐུ་ཞབསཨོའོ། བཤད་གྲྭ་གླིང་ལ་དཱ་འདིའི།འདིའི།བཤད་གྲྭ་རང་ལ་དཱ་འདི་གསར་པ་གཅིག་བཙུགས་ནས་ཨོའ་ཨོ། བཤད་གྲྭར་སླེབས་ནས་ད་ལོས་ལོ་དཱ་ལྔ་འགྲོ་གྲབས་ཡོའོ་༿ཡོད་༾རེད་ལགས།
- བུ་ཆུངལོ་ལྔ་འགྲོ་གྲབས་ཡོའོ་༿ཡོད་༾རེད་པས། ལས་ལགས་སོ། ཨ་ནི་་་་་འདི་ཐོག་མར་ཡཱ་༿ལ་༾བཤད་གྲྭ་གླིང་ཟེར་གྱི་རེད།ག་རེ་ཟེར་གྱི་རེད། འདིར་ཡཱ།
- སྐུ་ཞབསཨོའོ་་་་་ད་ཁོ་རང་།ཨོའོ་་་་་ཁོ་རའི་མིང་ལ་བྱས་ན་བཤད་གྲྭ་གླིང་ཟེར་དཱ། ང་ཚོའི་བྱས་ན་དཱ་ནང་བསྟན་སློབ་གྲྭ་རེད་པཱ་ལགས།
- བུ་ཆུངཨ་ལས།
- སྐུ་ཞབསནང་བསྟན་སློབ་གྲྭ་ཟེར། ཨ་ནི་་་།བཤད་གྲྭ་གླིང་ཟེར་ཡས་ཁོ་རང་གང་ཡིན་བྱས་ན། དཱ་ཆོས་ཕར་ཚུར་བཤད་ཉན་བྱེད་སའི་གྲྭ་ཟེར་དུས་དཱ་ཁོ་རང་ཚོགས་པ་འདི་འདྲས་ལ་ཡ་གོ་ཡས་རེད་པཱ།
- སྐུ་ཞབསསློབ་གྲྭ་ཟེར་དུས་སློབ་སྦྱོང་བྱེད་སའི་གྲྭ་ཟེར། ཚོགས་པ་ལ་ཟེར་གྱི་རེད་པཱ།
- བུ་ཆུངལགས་སོ།
- སྐུ་ཞབསསྒྲུབ་གྲྭ་གང་ཡིན་ཟེར།ཟེར་ཡིན་བྱས་པ་ཡིན་ན། དཱ།སྒྲུབ་པ་རྒྱག་སའི་ཚོགས་པ་འདི་འདྲས་ལ་ཟེར་གྱི་རེད་པཱ།
- བུ་ཆུངསྒྲུབ་པ་རྒྱག་སའི་ཚོགས་པ།
- སྐུ་ཞབསཨོང་།བཤད་གྲྭ་ཁང་ཟེར་དུས་ད་ཁོ་ཆོས་བཤད་ཉན་བྱེད་སའི་གྲྭའམ་ཚོགས་པ་འདི་འདྲས་གཅིག་ལ་བཤད་གྲྭ་ཁང་ཟེར་གྱི་རེད། གཞན་ནི་ཐོག་མའི་བྱས་ན་དཱ་ནང་བསྟན་སློབ་གྲྭ་བཟོ་འདྲའི་ཅིག་རེད།
- བུ་ཆུངའོང་་་། ནང་པའི་སློབ་གྲྭ། ལགས་སོ།
- བུ་ཆུངཨ་ནི་་་་།འདི་གཞན་དག་གི་འདི་འདི་འདྲས་ཡོའོ་༿ཡོད་༾རེད་པས་ལགས། དཔེ་ཆ་བཞག་ན་དགོན་པའི་ནང་ལ་ཡ་བཤད་གྲྭ་གླིང་མིན་པའི་གྱི་༿ཡོ་༾སློབ་སྦྱོང་བྱེད་ས་འདི་འདྲས་ཡོའོ་༿ཡོད་༾རེད་པས་ལགས།
- སྐུ་ཞབསདཱ་འདི་དགོན་པ་གཞུང་རང་ལ་དཱ་འདིའི་ཆེད་དུ་དཱ་དགོན་པ་རང་གིས་ཡ་ནས་མར་འགྲོ་སོང་གནང་།འདི་འདྲས་ཨན་་་་་ཁ་ལག་དང་འདི་འདྲས་དུས་ཐོག་དུས་ཐོག་གནང་ཏེ་དཱ་འདིར་ཆེད་མངགས་སློབ་གྲྭ་ཚུགས་འདི་འདྲས་བྱས་པ་རེད།
- སྐུ་ཞབསགཞན་དགོན་པ་རང་ལ་ཨོའོ། དཱ་འདི་ཨོའོ། ཁོ་རང་ཚོ་ནམ་རྒྱུན་ད་ཚོགས་དང་འདི་འདྲས་ལ་ཕེབས་དགོས་རེད་པཱ།
- བུ་ཆུངའོ།རེད་པཱ་ལགས།
- སྐུ་ཞབསདེ་ནི་ཞར་དང་ཞོར་ལ་ཡང་རིག་གནས་ཀྱི་དགེ་རྒན་འདི་འདྲས་གདན་འདྲེན་ཞུས་བྱས། ཨོའོ་་་་།སུམ་ཅུ་པ་དང་སྙན་ངག་ཟེར་མཁན་འདི་འདྲས། དེ་ནི་རྩིས། སྐར་མ་ཟེར་མཁན་འདི་འདྲས།འདི་འདྲས་ཡང་འཁྲིད་ཀྱི་ཡོའོ་༿ཡོད་༾རེད།ཞར་དང་ཞོར་ལ་ཡང་།
- བུ་ཆུངའཁྲིད་ཀྱི་ཡོའོ་༿ཡོད་༾རེད་པས།དགོན་པ་ཡར། ལགས་སོ།འདིར་ཡང་འཁྲིད་ཀྱི་རེད་པས།
- སྐུ་ཞབསའོང་། འདི་ལ་ཡང་འཁྲིད་ཀྱི་རེད།
- བུ་ཆུངའདི་ལ་ཡང་འཁྲིད།དགོན་པ་ཁོ་རང་ཚོ་ལའི་འཁྲིད།
- སྐུ་ཞབསའོང་། དཱ་འདིར་ཆེད་མངགས་ཨོའོ་་་་།དགོན་པ་རང་གི་འགྲོ་སོང་བཏང་བྱས་ཡང་ཁོ་རང་ཚོགས་པ་གཅིག་བཙུགས་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངལགས་སོ།
- སྐུ་ཞབསདཱ།ཡ་གའི་ཁོ་རང་ཚོ་ཡང་ལས་ཀ་དང་། དེ་ནི་ཚོགས་དང་འདི་འདྲས་ཀྱི་ཞོར་ལ་བཟོ་འདྲའི་གཅིག་རེད་ལགས།
- བུ་ཆུངལགས་སོ།
- སྐུ་ཞབསཆེད་མངགས་ཡང་ཁོ་འགྲོ་སོང་དང་འདི་འདྲས་ཟེར་ཡོའོ་༿ཡོད་༾མ་རེད་ལགས།
- བུ་ཆུངཡོའོ་༿ཡོད་༾མ་རེད་པཱ་ལགས།
- སྐུ་ཞབསའོང་། ལགས།
- བུ་ཆུངལགས་སོ། ཨ་ནི་་་་་འདི་ང་རྣམས་ཚོའི་འདི་ག་དུས་བཙུགས་པ་རེད་པས་ལགས།
- སྐུ་ཞབསཨོའོ།འདིའི་ཆིག་སྟོང་དགུ་བརྒྱ་ད་དགུ་བཅུ་དགུ་བརྒྱད་༿༡༩༩༨༾ཀྱི་བོད་ཟླ་དང་པོའི་ཚེས་པ་བཅུ་བདུན་ལ་ཨོའོ།བཤད་གྲྭ་འདི་དངོས་སུ།དངོས་སུ། དཱ།
- བུ་ཆུངདངོས་སུ་མགོ་བཙུགས་པ་རེད།རེད་པཱ། ཨོའོ་འོ།
- སྐུ་ཞབསདེ་དུས་ཨཱ་དཱ་འདི་བཤད་གྲྭའི་ཚུགས་སྟངས་ལ་རྟེན་འབྲེལ་དང་འདི་འདྲས་ལ་བྱེད་དགོས་རེད་པཱ་ལགས།
- བུ་ཆུངཨོའོ་རེད།
- སྐུ་ཞབསདེ་དུས་སྐབས་ལ། དེ་ནི་སྨན་རྩིས་ཁང་གི་མཁས་དབང་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱལ་མཚན་གདན་འདྲེན་ཞུས།
- བུ་ཆུངརང་སྐྱོང་ལྗོངས་སྨན་རྩིས་ཁང་གི།
- སྐུ་ཞབསཨོའོ།༿རེད།༾
- བུ་ཆུངཨ་ལས་ལས།ལགས་སོ།
- སྐུ་ཞབསམཁས་དབང་ཚུལ་ཁྲིམས་རྒྱལ་མཚན།
- བུ་ཆུངའདིར་ཕེབས་པ་རེད་པས།
- སྐུ་ཞབསའོ་ཨོ།༿རེད།༾
- བུ་ཆུངལགས་སོ།
- སྐུ་ཞབསའདིར་གདན་འདྲེན་ཞུས། ཨ་ནི་་་་་ཁོང་གིས་ད་ལྟའི་ཆོས་གྲྭ་ཐོག་མར་འཛུགས་དུས་ཀྱི་དེ་ནི་འདི་ལ་སློབ་མ་རྣམས་ལ་མར་ཆོས་འདི་གསུངས།
- བུ་ཆུངལགས་སོ།
- སྐུ་ཞབསདེ་ནི་ཁོ་རང་གིས་དབུ་རྩ་འཛུགས་ཡས་ཀྱི་རྟེན་འབྲེལ་དེའི་མཛད་སྒོར་ཕེབས་པ་རེད།
- བུ་ཆུངཨ་ལས།ལགས་སོ།ལགས་སོ། ཨ་ནི་་་་།འདིར་ཨོའོ་་་་་ང་རྣམས་ཚོའི་འདིའི་བཤད་གྲྭ་འདིའི་ཡ་འདི་ཡོའོ་༿ཡོད་༾རེད་པས་ལགས། ཨོའོ་་་་།སྐུ་ཞབས་ག་ཚོད་ཙམ་ཅིག་ཡོའོ་༿ཡོད་༾རེད། ད་ལྟ།
- སྐུ་ཞབསསྐུ་ཞབས་དཱ་ལྟ་བསྡོམས་པའི་གྱི་དཱ་བདུན་ཅུ་བདུན་བཞི་ཙམ་ཅིག་སླེབས་ཀྱི་ཡོའོ་༿ཡོད་༾རེད།
- བུ་ཆུངལགས་སོ། ཨ་ནི་་་་་འདི་གྱད་ཚང་མ་དེའི་བསམ་ཡས་དགོན་པའི་རེད།
- སྐུ་ཞབསམ་རེད་ལགས།
- བུ་ཆུངལགས་སོ།
- སྐུ་ཞབསདཱ་འདིའི་བསམ་ཡས་དགོན་པ་རང་གི་སུམ་ཅུ་ཙམ་ཅིག་སླེབས་ཀྱི་འདུག་གཱ་ལགས།
- བུ་ཆུངལགས་སོ།
- སྐུ་ཞབསདེ་ནི་ཁམས་ནས་ཡར་ཕེབས་པའི་དཱ་ཉི་ཤུ་རྩ་ལྔ་ཙམ་གཅིག་བྱས།
- བུ་ཆུངལགས་སོ།
- སྐུ་ཞབསཨ་ནི་་་་།དེ་ནས་ཡང་དགོན་པ་ད་ནི། དཱ་ང་ཚོའི་ལྷོ་རྒྱུད་དང་འདི་འདྲས་ལ་དགོན་པ་གཅིག་ཡོའོ་༿ཡོད་༾རེད་པཱ། དཱ།
- བུ་ཆུངལགས་སོ།
- སྐུ་ཞབསཨོའོ་་་་།དཱ་འདི། གོང་དཀར་ཤན་༼རྒྱ་སྐད་ཀྱི་སྒྲ་བོད་སྐད་རང་ལ་གོང་དཀར་རྫོང་༽ནས་གནའ་རབ་དྭགས་པོ་གྲྭ་ཚང་ཟེར་མཁན། རྡོ་ཕུད་ཆོས་འཁོར་ཟེར་མཁན་འདི་འདྲས། རྭ་སྨད་དགོན་པ་ཟེར་མཁན་འདི་འདྲས། ཨ་ནི་་་་་འདི་འདྲས་ནས་ཕྱོགས་ཁག་ཚང་མ་ནས་ཨཱ་དཱ་གདན་འདྲེན་ཞུས་བྱས་བུ་སློབ་སུམ་ཅུ་ཙམ་ཅིག་འོ་་་་འདི་འདྲས་ཅིག་ཡོའོ་༿ཡོད་༾རེད།
- བུ་ཆུངཨ་ལས།ལགས་སོ། ཨ་ནི་་་་འདི་ལ་ཕེབས་པ་འདི་འདིར་ང་རྣམས་ཚོ་གཙོ་བོ་དཔེ་ཆ་ག་རེ་ག་རེ་སྦྱངས་གནང་དགོས་རེད།
- སྐུ་ཞབསདཱ་གཙོ་བོ་ཆེ་ཤོས་དཱ་འདིའི་ས་སྐྱ་དཱ་འདིའི་བཤད་གྲྭ་རང་བྱས་ན་ད་ཁོ། ཨཱ་མཁན་རིན་པོ་ཆེ་དཱ་འདིའི་རྫོང་གསར་་ནས་ཡར་ཕེབས་པ་འདི་འདྲས་རེད་པཱ། རྫོང་གསར་སློབ་གྲྭ་ཟེར་མཁན་འདི་ནས་རེད་འདུག ཁམས་ཀྱི་རྫོང་གསར་སློབ་གྲྭ་ཟེར་མཁན་འདི་ནས།
- སྐུ་ཞབསཨ་ནི།ཨོང་་་་་ཁོ་རང་དཱ་གྲུབ་མཐའ་རང་བྱས་ན་དཱ་ས་སྐྱའི་གྲུབ་མཐའི་བཟོ་འདྲའི་གཅིག་རེད་པཱ།
- བུ་ཆུངཨ་ལས། ས་སྐྱའི་གྲུབ་མཐའ།
- སྐུ་ཞབསདེ་ནི་མ་གའི་ཨོང་། འདི་གའི་བཤད་གྲྭའི་དཱ་འདིའི་སྒྲིག་འཛུགས་དང་འདི་འདྲས་སྐོར་ལའི་གཙོ་བོ་ཆེ་ཤོས་དཱ་འདིའི་རྫོང་གསར་་སློབ་གྲྭའི་དཱ་སྒྲིག་འཛུགས་གཞིར་བཞག་གི་བཟོ་འདྲའི་རེད།
- བུ་ཆུངལགས་སོ།
- སྐུ་ཞབསདེ་ནི་འདི་གིའི་གཙོ་བོ་ཆེ་ཤོས་དཔེ་ཆ་འཁྲིད་ཡས་ལ་ཆ་བཞག་ན་ལའི་དཱ་ཁོ་རང་ཨཱ་་་་་དགེ་ལུགས་པ་ཡིན་ན། དེ་ནི་དཱ་གཞུང་བཀའ་པོད་ལྔ་ཟེར་མཁན་འདི་འདྲས་ཟེར་གྱི་རེད་པཱ།
- བུ་ཆུངགཞུང་བཀའ་པོད་ལྔ། འོ་་་་རེད།
- སྐུ་ཞབསསྤྱིར་གཞུང་བཀའ་པོད་ལྔ་དཱ་གྲུབ་མཐའ་ཐམས་ཅད་ཀྱི་སློབ་སྦྱོང་བྱེད་ཀྱི་རེད་དའི་ཡང་གཙོ་བོ་སོ་སོ་སོའི་གྲུབ་མཐའི་ཡང་མིང་འབོད་ཚུལ་ཁག་ཁག་འདི་འདྲས་ནི་ཡོང་གི་རེད་པཱ།
- བུ་ཆུངའོ་་་་་རེད་པཱ་ལགས། ང་རྣམས་ཚོའི་དགོན།
- སྐུ་ཞབསཡང་ཁོ་ར་ཁག་ཅིག་གི་ཡིན་ན་གཞུང་ཆེན་བཅུ་གསུམ་འདི་འདྲས་ཟེར་གྱི་རེད་པཱ། དཱ་ང་ཚོའི་ས་སྐྱ་རང་ལ་བྱས་ན་གཞུང་གྲགས་ཆེན་བཅོ་བརྒྱད་ཟེར་གྱི་རེད།
- བུ་ཆུངགཞུང་གྲགས་ཆེན་བཅོ་བརྒྱད།
- སྐུ་ཞབསའོང་། དཱ་བརྗོད་བྱ་ནང་ནས་ཚུར་བསྡུས་པ་ཡིན་ན། ཕར་ཚད་འདུལ་མངོན་དབུ་མ་མདོ་གསུམ་ཟེར་བྱས་པོད་ཆེན་དྲུག་ཟེར་བྱས།
- བུ་ཆུངཕར་ཚད་འདུན་མངོན་དབུ་མ་མདོ་གསུམ་ཟེར་བྱས། འོང་།
- སྐུ་ཞབསདཱ་ཁོ་ཕར་རྒྱས་པར་ཕྱེ་ན་དེ་ནི་པོད་ཆེན་དྲུག་འདི་ཕར་རྒྱས་པར་ཕྱེ་ནས། དེ་ནི་གཞུང་གྲགས་ཆེན་བཅོ་བརྒྱད་ཟེར་གྱི་འདུག་གཱ
- བུ་ཆུངཨ་ལས།
- སྐུ་ཞབསདེ་ནི་གཙོ་བོ་ཆེ་ཤོས་ད་གིན་འདིར་ཐོས་བསམ་བྱེད་ཡས་བཟོ་འདྲའི་གཅིག་རེད།
- བུ་ཆུངལགས་སོ།
- སྐུ་ཞབསདཱ་ན་ནིང་ད་ལྟ་ཨོ་་་་་ཐོས་བསམ་བྱས་པའི་ནང་ལ་ད་ལྟ་གཞུང་གྲགས་ཆེན་བཅོ་བརྒྱད་ཆ་ཚང་ཕྱིན་ཡོའོ་༿ཡོད་༾མ་རེད།
- བུ་ཆུངཕྱིན་ཡོའོ་༿ཡོད་༾མ་རེད་པས།
- སྐུ་ཞབསའོང་་་་་ལགས།
- བུ་ཆུངདཱ་འདི་ལོ་ཚད་ག་ཚོད་ཡིན་ནམ། ང་རྣམས་ཚོའི་འདི། འདི་བཤད་གྲྭ་གླིང་འདི།
- སྐུ་ཞབསདཱ་འདི་ཁོ་རང་རང་གི་དཱ་འདི་ཐོག་མའི་དབུ་བཙུགས་ནས་བྱས་དཱ་ལོ་དྲུག་གི་འཆར་གཞིའི་ནང་ལ་དེ་ནི་ཚང་མ་དཱ། གཞུང་གྲགས་ཆེན་བཅོ་བརྒྱད་ཆ་ཚང་གཅིག་ཕྱིན་བྱས། དེ་ནི་ཕར་ཐོན་ཐུབ་ཡས་ཀྱི་དཱ་འདིའི་ཐོག་མའི་འཆར་གཞི་ར་ཅིག་གཅིག་བྱས་ན་འདི་འདྲས་གཅིག་བཞག་གནང་ཡོའོ་༿ཡོད་༾རེད།
- བུ་ཆུངལགས་སོ། ཨ་ནི་་་་།ག་རེ་ཟེར། འདིའི་ལོ་དྲུག་འདི་འདིའི་ཐོན་ནས་ཨ་ནི་་་་་ང་རྣམས་ཚོ་གང་འདྲས་རེད་ལགས། དགོན་པར་ཡར་ཕེབས་ཀྱི་ཡོའོ་༿ཡོད་༾རེད། སོ་སོ་སོའི་དགོན་པར་ཕེབས་ཀྱི་རེད། ཡང་མིན་ན་གང་འདྲས་བཀོད་སྒྲིག་གནང་གི་ཡོའོ་༿ཡོད་༾རེད།
- སྐུ་ཞབསཨོའོ་་་་་ད་ལོ་དྲུག་ནས་ད་ཁོ་རང་གི་ཆུ་ཚད་བཟོ་འདྲས་འདི་ལ་ཏོག་ཙམ་བལྟ་ཡི་རེད་པཱ་ལགས།
- བུ་ཆུངཨ་ལས།ལགས་སོ།
- སྐུ་ཞབསདེ་ནི་ཁོང་དཔེ་ཆ་དེ་ནི་ཡག་པོ་འདི་འདྲས་ཡང་མཁས་པ་ཆེན་པོ་འདི་འདྲས་ཤར་༿ཆགས་༾ན། དཱ་ཁོ་དགོན་པ་ཁག་གི་འདི་འདྲས་ཡང་མཁན་པོ་དང་འདི་འདྲས་ལ་བཏང་ཡས་ཀྱི་དམིགས་ཡུལ་བཟོ་འདྲའི་གཅིག དཱ་ཁ་ཅིག་ཡང་སོ་སོ་སོའི་དགོན་པས་ཡང་སོ་སོའི་དགོན་པར་ཡར་ལོག་ཡོང་དགོས་ཡོད། འདི་འདྲས་བཟོ་འདྲའི་འདི་འདྲས་ཟེར་གྱི་རེད་པཱ་ལགས།
- བུ་ཆུངལགས་སོ།
- སྐུ་ཞབསའོ་་་་་འདི་འདྲས་བྱས། ཨ་ནི་་་་།ཡང་ཁ་ཅིག་ཡང་སླར་ཡང་དཱ་ལོ་དྲུག་ནས་ཡང་བཤད་གྲྭ་ཡང་སློབ་མ་གསར་པ་སླེབས་བྱས་འདིར་ཅིག་བསྡུ་ཀྱི་༿ཡི་༾རེད་པཱ།
- བུ་ཆུངཡང་བསྐྱར་ཚུར་སླེབས།
- སྐུ་ཞབསཨ་ནི་་་་་དེ་དུས་ནས་ཡང་སོ་སོའི་རེ་བ་ཞུས་བྱས་བཤད་གྲྭ་ཁང་ལ་བསྡད་མཁན་འདི་འདྲས་ཡོད་ན། ཡང་བསྡད་ཆོག་པའི་འདི་འདྲས་འདི་འདྲས་རེད་འདུག
- བུ་ཆུངལགས་སོ་ལགས་སོ། ཨ་ནི་་་་།དེའི་ཡ་ད་ལྟ་འདི་འདིའི་ང་རྣམས་ཚོའི་འདི་ལ། ཨ་་་་་སློབ་ཚན་འཁྲིད་གནང་དུས་དཱ་གཙོ་་བོ་སུས་འཁྲིད་གནང་གི་ཡོད་༿དམ་༾ནམ།
- སྐུ་ཞབསགཙོ་བོ་འདི་དཱ་ཁམས་ནས་ཕེབས་པའི་མཁན་རིན་པོ་ཆེ་ཨ་དཀར་རྡོ་རྗེ་ཞེས་ཞུ་མཁན་གཅིག་ཡོའོ་༿ཡོད་༾རེད། ཁོང་གི་མཚན་ལའི་ཨ་དཀར་རྡོ་རྗེ་ཞུ་གི་༿ཡི་༾རེད།
- བུ་ཆུངཨ་དཀར་རྡོ་རྗེ། ཁོང་གི་མཚན་ལ་ཨ་དཀར་རྡོ་རྗེ།
- སྐུ་ཞབསའོང་།
- བུ་ཆུངལགས་སོ།
- སྐུ་ཞབསཁོང་ད་ལྟའི།ད་ལྟའི་འཇོམ་མདའ་ཤན་གྱི་ཁོངས་ནས་རེད།
- བུ་ཆུངལགས་སོ།
- སྐུ་ཞབསཨཱ་་་་་མདོ་སྨད་ཁྲི་གཙུག་དགོན་ཟེར་མཁན་འདིའི།
- བུ་ཆུངཁྲི་གཙུག་དགོན།
- སྐུ་ཞབསའོང་།
- བུ་ཆུངལགས་སོ།
- སྐུ་ཞབསདེ་ནི་ཁོང་བཤད་གྲྭ་ཁོ་རང་སློབ་གྲྭ་ཐོན་ཡས་འདི་ད་ལྟའི་ཁམས་ཀྱི་རྫོང་གསར་སློབ་གྲྭ་ཟེར་མཁན་འདི་ནས།
- བུ་ཆུངརྫོང་གསར་བསླབ་༿སློབ་༾གྲྭ་ནས།
- སྐུ་ཞབསའོང་། ཨ་ནི་་་་་ཁོང་གི་འདི་ལ་གཙོ་བོ་བྱས་བྱས་དཱ་ཨོའོ། སློབ་ཚན་འཁྲིད་གནང་།
- བུ་ཆུངལགས་སོ།
- སྐུ་ཞབསཡང་ཁོ་རང་ང་ཚོའི་འདི་བར་ཡང་སྙན་ངག་སུམ་རྟགས་དང་འདི་འདྲས་རྩིས་དཀར་ནག་འདི་འདྲས་འཁྲིད་ཀྱི་རེད་པཱ།
- བུ་ཆུངལགས་སོ།
- སྐུ་ཞབསདེ་དུས་སྐབས་ནི་ཡང་ནི་རིག་གནས་ཀྱི་དགེ་རྒན་འདི་འདྲས་ཡང་ཟུར་དུ་གདན་འདྲེན་ཞུ་གི་༿ཡི་༾ཡོའོ་༿ཡོད་༾རེད། ཞུས་བྱས་ཡང་འཁྲིད་ཀྱི་རེད།
- བུ་ཆུངཨ་ལས་གཟའ་སྐར་རེ་རེ་ཙམ་དཱ་ཡིན་ནའི་སྐར་རྩིས་དང་འདི་ཚོ་འགང་ག་༿ཚང་མ་༾ཟུར་དུ་ཡང་གདན་འདྲེན་ཞུ་ཡི་ཡོའོ་༿ཡོད་༾རེད་པས། ག་ནས་ཞུ་གི་༿ཡི་༾རེད་གདན་འདྲེན།
- སྐུ་ཞབསཨཱ་་་་་འདི་ད་ལྟའི། ད་ལྟའི་ལྷ་སའི་ད་ལྟ་སྨན་རྩིས་ཁང་གི་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་ཟེར་མཁན་ཞུ་མཁན་གཅིག་ཡོའོ་༿ཡོད་༾རེད་པཱ། ཁོ་རང་གི་སློབ་མ་དཱ་འདིའི་རྒན། ཨཱ་་་་་རྣམ་ཐར་གྱི་དགེ་བཤེས་ཟླ་བ་ལགས་ཟེར་མཁན་གཅིག་ཡོའོ་༿ཡོད་༾རེད།
- བུ་ཆུངཨ་ལས་ལས།
- སྐུ་ཞབསཨ་ནི་་་་་འདི་ཁོ་རང་ཡང་རིག་གནས་དང་འདི་འདྲས་ལ་མཁས་པ་ཆེན་པོ་རེད། ཨ་ནི་་་་་ཁོ་རང་གདན་འདྲེན་ཞུས། ཡང་རིག་གནས་འཁྲིད་འདི་འདྲས་བྱེད་ཀྱི་ཡོའོ་༿ཡོད་༾རེད།
- བུ་ཆུངཨ་ལས།
- སྐུ་ཞབསགཙོ་བོ་ཆེ་ཤོས་གཞན་འདིའི་རིག་གནས་དང་འདི་འདྲས་ལ་ཡང་ཨོའོ་་་་།གཙོ་བོ་ཆེ་ཤོས་བྱེད་ཀྱི་མ་རེད།
- བུ་ཆུངལགས་སོ།
- སྐུ་ཞབསནང་པའི་རང་གི། ཨཱ་་་་་འདིའི་ནང་ཆོས་གཅིག་ཡོའོ་༿ཡོད་༾རེད་པཱ། དེབ་འདི་རང་གིས་འཁྲིད་མ་གཞི། ཡང་རིག་གནས་ལ་གཙོ་བོ་ཆེ་ཤོས་བྱེད་ཀྱི་མ་རེད།
- བུ་ཆུངཨ་ལས།ལགས་སོ།
- སྐུ་ཞབསདཱ་སྐབས་རེ་ཡང་མཁན་པོ་སྐུ་སྙུང་པའི་བཟོ་འདྲ་དང་། འདི་འདྲས་བྱས་པ་ཡིན་ནའི་ལའི་བཤད་གྲྭ་ཕར་ཨཱ་སློབ་ཚན་མེད་པ་བྱས་ནི་བཞག་ཀྱི་མ་རེད།
- བུ་ཆུངལགས་སོ། ཚོགས་ཀྱི་ཡོའོ་༿ཡོད་༾རེད་པས།
- སྐུ་ཞབསཡང་རིག་གནས་དགེ་རྒན་གདན་འདྲེན་ཞུས་བྱས་ཡང་ཚོགས་ཀྱི་ཡོའོ་༿ཡོད་༾རེད་ལགས།
- བུ་ཆུངལགས་སོ། ཨ་ནི་་་་་འདིའི་ང་རང་ཚོའི་དེའི་བཤད་གྲྭ་གླིང་དེའི་ནང་ལ་ཡ་ཨ་ནི་་་་་སྒྲིག་གཞི་བཟོ་འདྲ་འདི་གང་འདྲས་ཡིན་ནམ། ལགས།
- སྐུ་ཞབསསྒྲིག་འཛུགས་ཡིན་ན་དཱ་བཤད་གྲྭ་ཁག་སོ་སོ་དཱ་ཡིན་ཡས་སྒྲིག་འཛུགས་མི་འདྲ་བ་འདི་འདྲས་ཡིན་གྱི་རེད་པཱ་ལགས། ད་འདིའི་སྒྲིག་འཛུགས་འདི་རྫོང་གསར་གྱི་ད་ལྟ་མཁན་རིན་པོ་ཆེ་ཁོ་རང་དཱ་རྫོང་གསར་སློབ་གྲྭ་ནས་ཡར་ཕེབས་པ་རེད་པཱ་ལགས།
- བུ་ཆུངའོ་ལགས་སོ།
- སྐུ་ཞབསདེ་ནི་སྒྲིག་འཛུགས་ཚང་མ་དཱ་རྫོང་གསར་སློབ་གྲྭ་གཞིར་བཞག་བཟོ་འདྲའི་གཅིག་རེད།
- བུ་ཆུངལགས་སོའོ།
- སྐུ་ཞབསདེ་ནི་འདི་བྱས་ནས་དཱ་ཡང་དེང་དུས་ཀྱི་དཱ་སྤྱི་ཚོགས་དང་ཡང་ཕར་ཚུར་ཏིག་ཙམ་ཏིག་ཙམ་བསྟུན་དགོས་རེད་པཱ།
- བུ་ཆུངརེད་པཱ་ལགས།
- སྐུ་ཞབསདེ་ནི་ད་ལྟའི་སློབ་ཚན་ཁོ་རའི་དུས་ཚོད་བྱས་པ་ཡིན་ན། ཞོགས་ཀས་༿པ་༾ད་འདི་ཆུ་ཚོད་ལྔ་དང་ཕྱེད་ཀ་ལ་ད་ཡར་ལངས་ཡས་ཀྱི་དུས་ཚོད་རེད།
- བུ་ཆུངཞོགས་ཀས་༿པ་༾
- སྐུ་ཞབསའོང་། ཡར་ལངས་ནས་ད་འདི། དཱ་འདི་དགུན་ཁ་ཡིན་ན་ད་ཆུ་ཚོད་བཅུ་དང་ཕྱེད་ཀ་ལ་སློབ་ཚན་འདི་དངོས་སུ། དཱ་འདི་མཁན་རིན་པོ་ཆེས་ཀྱིས་སློབ་ཚན་འཁྲིད་ཀྱི་རེད་པཱ། འཁྲིད་ཡས་དེ་ཆུ་ཚོད་བཅུ་དང་ཕྱེད་ཀ་རེད།
- བུ་ཆུངབཅུ་དང་ཕྱེད་ཀ།
- སྐུ་ཞབསདབྱར་ཁ་ཉིན་མ་རིང་དུ་ཕྱིན་ནས་དེ་ནི་ཆུ་ཚོད་བཅུ་པ་ལ་ཚོགས། འདི་འདྲས་བྱེད་ཀྱི་རེད། ཚུགས་ནས་ད་ཆུ་ཚོད་བཅུ་གཉིས་ཙམ་གཅིག་སློབ་ཚན་དུས་ཚོད་རེད།
- བུ་ཆུངལགས་སོ།
- སྐུ་ཞབསདེ་ནས་མར། དཱ་སློབ་ཚན་མར་གྲོལ་ནས་དེ་ནི། དེ་ནས་ཡང་བསམ་བློའི་ངལ་གསོ་འདྲ་གཅིག་བྱས་ཏོག་ཙམ་བསྡད།
- བུ་ཆུངཨ་ལས།ལགས་སོ། ཆུ་ཚོད་གཅིག་བསྡད་ཀྱི་ཡོད་ན།
- སྐུ་ཞབསཨོའོ།ཆུ་ཚོད་ཕྱེད་ཀ་ཙམ་བསྡད་ཀྱི་རེད། ཡང་ཆུ་ཚོད་གཅིག་ཙམ་བསྡད་ཀྱི་རེད།
- བུ་ཆུངལགས་སོ།
- སྐུ་ཞབསསྐབས་རེ་སློབ་ཚན་ལ་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ་འགོར་གྱི་རེད།
- བུ་ཆུངལགས་སོ།
- སྐུ་ཞབསགཏན་འཁེལ་ཟེར་ཞེ་དྲག་ཟེར་ཡོའོ་༿ཡོད་༾མ་རེད།
- བུ་ཆུངལགས་ལགས།
- སྐུ་ཞབསཆུ་ཚོད་དང་པོ་ལ་འདི་ནས་ཁ་ལག་བཏང་གི་རེད།
- བུ་ཆུངལགས་སོ།
- སྐུ་ཞབསཁ་ལག་གཏང་ནས། དེ་ནི་ཆུ་ཚོད་དང་པོ་ལ་ཁ་ལག་བཟས་ནས། ཆུ་ཚོད་དང་པོ་ནས་གཉིས་པ་བར་དེའི་ཡང་ཁོ་རའི་ངལ་གསོའི་དུས་ཚོད་འཁྱུག་ཙམ་ཡོའོ་༿ཡོད་༾རེད།
- བུ་ཆུངལགས་སོ།
- སྐུ་ཞབསགཉིས་པ་ལ་ཡང་གཉིད་འདི་འདྲས་ཏོག་ཙམ་འདྲ་ཅིག་ཉལ།
- བུ་ཆུངཨ་ལས་ལས། ལགས་སོ།
- སྐུ་ཞབསཀླད་པའི་ངལ་གསོ་འདྲ་གཅིག་བྱས་བྱས། དེ་ནི་ཆུ་ཚོད་གཉིས་པ་ནས་ད་འདིའི་ཆུ་ཚོད་བཞི་པ། བཞི་པ་བར་དུ་སོ་སོ་སོའི་ཤག་ནང་ལ་ང་ཚོས་བྱས་ན་དཱ་ཐུན་ཚུགས་པ་ཟེར་གྱི་རེད།
- བུ་ཆུངཐུན་ཚུགས་པ།
- སྐུ་ཞབསའོང་། རང་སྦྱོང་ཚུགས་པ་རེད། སོ་སོ་ཞོགས་ཀས་མར་མཁན་པོས་དཔེ་ཆ་འཁྲིད་པ་གཅིག་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངའོང་། རེད་པཱ་ལགས།
- སྐུ་ཞབསདེ་ནི་རང་སྦྱོང་ཚུགས་ནས་དེ་ནི་ཕར་ཚུར་སྒོ་དང་ཚང་མ་བཀག་བྱས་ཕར་ཚུར་སྐད་ཕྱིན་ཆོག་ཡས་ཡོའོ་༿ཡོད་༾མ་རེད། ཆུ་ཚོད་གཉིས།
- བུ་ཆུངཨ་ལས། ཆུ་ཚོད་གཉིས་བར་དུ།
- སྐུ་ཞབསདཱ་གཉིས་པ་ནས་བཞི་པ་བར་དུ་རེད། དེ་ནི་བཞི་པ་ནས་མར་ད་ཐུན་འདི་གྲོལ་པ་རེད། གྲོལ་ནས་དཱ་འདི་ཆོས་ཁྲིམས་ཟེར་དགོས་རེད་དགེ་བསྐོས་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངའོ་རེད།
- སྐུ་ཞབསདགེ་སྐོས་ཀྱིས་མར་བརྡ་གཅིག་གཏང་ཡས་ཡོའོ་༿ཡོད་༾རེད། བརྡ་འདི་གཏང་ནས། ཨ་ནི་་་་་ཚང་མ་མར་གྲོལ་ནས་ཡང་ཚང་མ་གཉམ་དུ་ཆབ་གསང་ལ་ཕེབས་ཀྱི་རེད། གཅིན་པ་གཏང་གར་༿བར་༾ ཨ་ནི་་་་དེ་ནས་ཚུར་ཕེབས་ནས་དེ་ནི་དཱ་འདི་སྐྱོར་དཔོན་གྱི་ཡོའོ་༿ཡོད་༾རེད་པཱ།
- སྐུ་ཞབསད་སྐྱོར་དཔོན་གྱིས་ཞོགས་ཀས་མཁན་རིན་པོ་ཆེས་ཀྱིས་མར་བཀའ་ཆོས་གནང་པ་གཅིག་ཡོའོ་༿ཡོད་༾རེད་པཱ། ཨ་ནི་་་་་ཡང་བསྐྱར་ཡང་སློབ་མ་ཚོ་ལ་ཕར་འདིའི་ཚུར་དཱ་འཁྲིད། འཁྲིད་རྒྱུ་ཟེར་དགོས་རེད་པཱ། རང་སྦྱོང་བྱེད་བསྐྱོར་གཅིག་བྱས། འདི་འདྲས་འཁྲིད།
- བུ་ཆུངལགས་སོ།
- སྐུ་ཞབསདེ་ནི་དེ་ནས་འདི་འཁྲིད་ཚར་སོང་ན། ད་འདི་འདྲས་ཡང་ཁ་ཅིག་གཞན་དག་འདི་འདྲས་ཀྱིས་འདོན་པ་འདོན་རོགས་བྱེད་ཟེར་མཁན་འདི་འདྲས། ཡང་སྒྲོལ་མ་འདོན་རོགས་བྱེད་ཟེར་མཁན་འདི་འདྲས། ལྡོག་རུས་བསགས་རོགས་བྱེད་ཟེར་མཁན་འདི་འདྲས་ཡོང་གི་རེད་པཱ།
- བུ་ཆུངའོ་རེད།
- སྐུ་ཞབསཏོག་ཙམ་བདོན། ཡང་འདི་འདྲས་ལ་ཏོག་ཙམ་བདོན།
- བུ་ཆུངལགས་སོ།
- སྐུ་ཞབསཡང་དེ་ནས་ཆུ་ཚོད་དཱ་བཞི་པ་ནས་ལྔ་པ་བར་དུ་འདི་འདྲས་གཅིག་ཚོགས་ཀྱི་རེད།
- བུ་ཆུངཨ་ལས།
- སྐུ་ཞབསདེ་ནི་དེ་ནས་ལྔ་པ་ནས་མར་དཱ་འདི་ཨོའོ་་་་་སྐྱོར་དཔོན་གྱི་དཱ་རང་སྦྱོང་བྱེད་ཡས་གཅིག་ཡོའོ་༿ཡོད་༾རེད་པཱ། འདི་མར་གྲོལ་དེ་ནི་ལྔ་པ་ནས་དྲུག་པའི་བར་འདིར་རྩོད་གྲྭ་ཚུགས་ཀྱི་རེད། རྟགས་གསལ་བཏང་གི་རེད།
- བུ་ཆུངཨ་ལས།ང་ཚོ་འདིའི་ནང་ལ། འདི་གའི་ནང་ལོགས་ལ་རྩོད་གྲྭ་ཚུགས་ཀྱི་རེད་པཱ། ཨོའོ།
- སྐུ་ཞབསཨོའོ་་་་རྡོ་གཅལ་ནང་ལ་རྟགས་གསལ་གཏང་། དཱ་ཁོ་རང་འཆར་གཞི་བྱས་ན་ལྔ་པ་ནས་དྲུག་པའི་བར་དུ་རྟགས་གསལ་དུས་ཚོད་རེད།
- བུ་ཆུངལགས་སོ།
- སྐུ་ཞབསཡིན་ནའི་ཡང་ཁོ་རང་དཱ་རྟགས་གསལ་ཡང་ཁག་གཅིག་གི་རིག་པ་འདི་འདྲས་འཕྲོས་བྱས་འདི་འདྲས་བསྡད་ཀྱི་རེད་པཱ། འཕྲོས་བྱས་ཡང་འདི་འདྲས་ཚད་ཀྱི་མ་རེད་ཆུ་ཚོད་བདུན་པ་བརྒྱད་པ་ཙམ་བསྡད་ཀྱི་རེད།
- བུ་ཆུངཨ་ལས།
- སྐུ་ཞབསདེ་ནི་ཨོང་་་་་དྲུག་པ་བར་དུ་ད་ཁོ་རང་འཆར་གཞི་རང་སློབ་གྲྭའི་འཆར་གཞིར་ཆུ་ཚོད་དྲུག་པ་བར་དུ་རེད།
- བུ་ཆུངཆུ་ཚོད་དྲུག་པ་བར་དུ། ལགས་སོ།
- སྐུ་ཞབསདེ་ནི་དེ་ནས། ཨོའོ་་་་་དྲུག་པ་ནས་དཱ་མར་གྲོལ་ནས་དཱ་དྲུག་དང་ཕྱེད་ཀ་ཙམ་ལ་ཡང་དགོང་དག་ཆུ་ཁོལ་ལེན་ཡས་ཡོའོ་༿ཡོད་༾རེད། སོ་སོ་ཤག་ལ་བསྐོལ་དགོས་མ་རེད།
- བུ་ཆུངཨ་ལས།ཆེད་མངགས་དགོན་པར་ཡར་ལེན་ཁར་༿བར་༾ཕྱིན། ཨོའོ།
- སྐུ་ཞབསདེ་ནས་དེ་ནི་ཆུ་ཚོད་བདུན་པར་ཨོང་་་་་ཕྱི་དྲོའི་དཱ་འདིའི་ཁ་ལག་གཅིག་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངལགས་སོ།
- སྐུ་ཞབསདེ་དུས་ཁ་ལག་དེ་བཏང་གི་རེད།
- བུ་ཆུངལགས་སོ།
- སྐུ་ཞབསཁ་ལག་བཏང་ནས་དེ་ནི་ཆུ་ཚོད་བདུན་པར་ཁ་ལག་དེ་བཟས། ཆུ་ཚོད་བདུན་པ་ནས། དཱ་འདི་དགུན་ཁ་དང་འདི་འདྲས་ཡིན་ན་ཡང་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་ཡང་ཡར་ཚུགས་ཀྱི་རེད།
- བུ་ཆུངཡར་ཚུགས་ཀྱི་རེད་པས།
- སྐུ་ཞབསདེ་ནི་དབྱར་ཁར་དུས་ཚོད་ཡང་ཨོའོ།ཉི་མ་ཏིག་ཙམ་རིང་གི་རེད་པཱ། ཡང་།ཆུ་ཚོད་བརྒྱད་པ་ནས་ཡར་ཚུགས་ཀྱི་རེད།
- བུ་ཆུངལགས་སོ།
- སྐུ་ཞབསཨོའོ་་་་།བདུན་ནས་ཚུགས་དུས་བདུན་པ་ནས་དགུ་དང་ཕྱེད་ཀ་བར་དུ་ཡང་ཡར་གཅིག་ཚོགས་ཀྱི་རེད།
- བུ་ཆུངཨ་ལས།དགོང་དག་གི་འདི།ལགས་སོ།
- སྐུ་ཞབསབརྒྱད་པར་ཚུགས་པ་ཡིན་ན་བརྒྱད་པ་ནས་བཅུ་པ་བར་དུ་ཡང་ཆུ་ཚོད་གཅིག་ཡར་ཏག་ཏག་ཚོགས་ཀྱི་རེད། འདིས་ཀྱི་ཆུ་ཚོད་གཉིས་རེད། ཆུ་ཚོད་གཉིས་ཀྱི་དུས་ཚོད་ལ་ཡང་ཕར་ཚུར་རྒྱུ་འགྲུལ་སྐད་ངག་བྱས་ཆོག་གི་མ་རེད།
- བུ་ཆུངཨ་ལས།
- སྐུ་ཞབསསྒོ་ཚང་མ་བསྡམས། ཨ་ནི་་་་།སོ་སོའི་ཤག་ནང་ལ་བསྡད། གཅིན་པ་བྲོ་བ་ཡིན་ནའི་ལའི་དེ་གར་སོ་སོའི་ཤག་ནང་ལ་ད་སྒོའི་གཅིན་ཏོག༿ཆབ་ཏོག་གམ་གཅིན་སྣོད་༾འདི་འདྲས་ཉར་བསྡད་ཀྱི་རེད།
- བུ་ཆུངཨ་ལས།
- སྐུ་ཞབསའདི་འདྲས་ལ་བཏང་ཡས་མ་གཞི་ཕྱི་ལོགས་ལ་ཕྱིན་ཆོག་གི་ཡོའོ་༿ཡོད་༾མ་རེད།
- བུ་ཆུངཕྱི་ལོགས་ལ་འགྲོ་ཆོག་གི་མ་རེད་པཱ་ལགས། ཨོའོ་་་་།དམ་པོ་རེད་བཞག
- སྐུ་ཞབསདེ་ནི་ཨོང་་་་་ཆུ་ཚོད་དཱ་འདི་བཅུ་པ་ནས་དཱ། ཡང་མར་གཅིག་གྲོལ་གྱི་རེད། ཡང་།དགེ་སྐོས་ཀྱི་བརྡ་འདི་གཏང་གི་རེད། གཏང་ནས་ཚང་མ་མཉམ་དུ་ཡང་ཕྱི་ལོགས་ལ་ཆབ་གསང་ལ་ཕེབས་ཀྱི་རེད།
- བུ་ཆུངཨ་ལས།ལགས་སོ།
- སྐུ་ཞབསཡང་དེ་ནས་ཡང་ཡར་གཅིག་ཚོགས་ནས། དེ་ནི་སང་ཉིན་ཆུ་ཚོད་ལྔ་དང་ཕྱེད་ཀ་བར་དུ་ཕྱི་ལོགས་ལ་གཅིག་ཡའི་༿ཀྱང་༾དོན་ཆོག་གི་མ་རེད། དཱ་སོ་སོའི་ནང་ལ་བསྡད་ཀྱི་རེད།
- བུ་ཆུངརྦད་དེ་སོ་སོའི་ཤག་ལ་བསྡད་ཀྱི་རེད་པས། ཨོའོ།
- སྐུ་ཞབསདེ་ནི་སྒོམ་ཡའི་ད་འདི་ཨོའོ་སློབ་གྲྭར་དཱ་འདིའི་གློག་དང་འདི་འདྲས་ཀྱི་ཆ་རྐྱེན་ཡག་པོ་ཡོའོ་༿ཡོད་༾རེད། དེ་ནི་ཨོང་།འདི་འདྲས་ཨོའོ། སློབ་སྦྱོང་བྱེད་ཡས་ཀྱི་དུས་ཚོད་རང་སློབ་གྲྭའི་འཆར་གཞི་རང་འདི་དགོང་མོས་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་བར་དུ་རེད།
- བུ་ཆུངལགས་སོ།
- སྐུ་ཞབསབཅུ་གཉིས་དང་ཕྱེད་ཀ་ནས་དེ་ནི། ཨོའོ་་་་།ད་ལྟ་གློག་འདི་བསད་ཀྱི་རེད།
- བུ་ཆུངལགས་སོ།
- སྐུ་ཞབསཡང་།བསྡད་མཁན་ཡོད་ན་ཡང་སོ་སོ་ཨོའོ་་་།བཞུ་མར་འདི་འདྲས་སྤར་བྱས་བསྡད་ཡས་རེད། གཞན་སློབ་གྲྭའི་འཆར་གཞི་རང་དགོང་མོས་ཆུ་ཚོད་དཱ་འདིའི་བཅུ་གཉིས་དང་ཕྱེད་ཀ་ནས་གློག་བསད་ཀྱི་རེད། འདི་འདྲས་རེད།
- བུ་ཆུངལགས་སོ། དཱ་འདི་འདྲས་གནང་དུས་ཨ་ནི་་་་་ང་རྣམས་ཚོའི་འདིའི་ནང་ལ་ཡ་གཙོ་བོ་དཱ། ད་དུང་ཨོའོ།བཀོད་སྒྲིག་གནང་མཁན་ཕྱོགས་ལ་ཡ་དགེ་བསྐོས་བྱས། སྐྱོར་དཔོན་བྱས། མཁན་པོ་བྱས་འདི་གྱད་རེད་པས་ལགས།
- སྐུ་ཞབསའོང་། གཙོ་བོ་ཁོ་རང་ཚོ་བྱས་དེ་ནི་ད་འདི་ད། ལོ། ད་ལྟ་བཤད་གྲྭ་ཚུགས་ནས་ལོ་ལྔ་ཙམ་ཅིག་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངལགས་རེད།
- སྐུ་ཞབསད།ཨོང་།ཆོས་ཁྲིམས་འདི་དགེ་སྐོས་ཀྱིས་བྱེད་ཀྱི་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངའོ་རེད།
- སྐུ་ཞབསཡང་།ལོ་རེ་རེའི་ཐོག་ལ་ཡང་ཁོ་བརྗེ་དགོས་རེད།
- བུ་ཆུངལོ་རེ་རེའི་ཐོག་ལ་ཡ་དགེ་བསྐོས་རེ་རེ་བརྗེ་དགོས་རེད་པས།
- སྐུ་ཞབསད་ལོ་ཁོ་ད་ལོའི་ལོའི་བཟོ་འདྲའི་གཅིག་བྱས་ན། ད་ལོའི་ལོའི་ཆོས་ཁྲིམས་ཀྱི་དགེ་བསྐོས་གཅིག་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངའོ་རེད།
- སྐུ་ཞབསའདིས་ཀྱིས་འགན་གཙོ་བོ་དེ་འཁྱེར་དཱ་ཆོས་ཁྲིམས་རྙིང་པ་འདི་འདྲས་ཐོན་པ་འདི་འདྲས་ཡོའོ་༿ཡོད་༾རེད་པཱ། ཡང་ཁོ་རང་ཚོས་མཉམ་དུ་རོགས་བྱས་བྱས་ཡང་སྒྲིག་འཛུགས་ཐོག་ལ། ཁོ་རང་ཚོ་ད་སྒྲིག་འཛུགས་ཨོའོ་་་་ཁག་ཅིག་འཐུས་སྒོ་ཚང་དང་འདི་འདྲས་གཏོང་དགོས་ཡས་འདི་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངའོ་རེད་པཱ།
- སྐུ་ཞབསདེ་ནི་ཚང་མ་མཉམ་དུ་གྲོས་བསྡུར་བྱས་བྱས་ཡང་སྒྲིག་འཛུགས་བཟོ་ཡས་འདི་འདྲས་ཆགས་ཀྱི་རེད།
- བུ་ཆུངཨ་ལས་དཱ་དགེ་བསྐོས་ཟེར་མཁན་འདི་གཙོ་བོ་ག་རེ་གནང་མཁན་རེད། ཕྱག་ལས།
- སྐུ་ཞབསདགེ་བསྐོས་ཟེར་གཙོ་བོ་ཆེ་ཤོས་དཱ་གྲྭ་པའི་ཨ་་་་སྒྲིག་འཛུགས་དང་འདི་གྱད་དང་ཐོག་འདི་བྱེད་མཁན་རེད།དཱ།མར་འདི་བྱེད་མཁན་རེད།
- བུ་ཆུངལགས་སོ།
- སྐུ་ཞབསཆོས་ཁྲིམས་ཟེར་ཡས་དང་ཆོས་ཀྱི་ཁྲིམས་ཕར་ཚུར་བཟོ་མཁན་འདི་འདྲས་ཡིན་པའི་ཁུལ་རེད།
- བུ་ཆུངཨ་ལས།ལགས་སོ། ཨ་ནི།སྐྱོར་དཔོན།
- སྐུ་ཞབསསྐྱོར་དཔོན་ཟེར་ཡས་འདི་ད་གཙོ་བོ་ཆེ་ཤོས་ད་ཁོ་རང་མཁན་པོས་ཞོགས་ཀས་མར་ཨ་་་་དཔེ་འཁྲིད་གཅིག་གནང་པ་རེད་པཱ། དཱ་མི་རེར་འཁྲིད་དགོས་རེད་པཱ། ཡང་བསྐྱར་འཁྲིད་མཁན་འདིར་ཟེར་གྱི་རེད། ཡང་བསྐྱར་འཁྲིད་མཁན་འདིའི་ཀྱི་མིང་ལ་སྐྱོར་དཔོན་ཟེར་གྱི་རེད།དཱ།
- བུ་ཆུངཨ་ལས།
- སྐུ་ཞབསརང་སྦྱོང་བྱས་ནས་སྐྱོར་ཟེར་དུས་དཱ་བསྐྱར་ཟེར་མཁན་བཟོ་འདྲའི་གཅིག་ཕྱིན་ཡོད་པཱ། བསྐྱར་དཔོན་ཟེར་མཁན་བཟོ་འདྲའི་གཅིག།དཱ།
- བུ་ཆུངདཱ་སྐྱོར་དཔོན་ཟེར་ལབ་པ་མ་གཏོགས་བསྐྱར་དཔོན་ཟེར་འདྲའི་གཅིག་ལར་བསྐྱར་འཁྲིད་ཟེར་དཱ་བསྐྱར་དུ་འཁྲིད་པའི་རེད་པཱ།
- སྐུ་ཞབསའོ་་་།དཱ།ཁོ་རང་འོ་་་་འདི་འདྲས་བསྐྱར་དུ་འཁྲིད་མཁན་གྱི་ད་ལྟའི་སློབ་དཔོན་བཟོ་འདྲའི་གཅིག་ཟེར་དགོས་རེད་པཱ། དཱ་འདི་འདྲས་རིགས་ལ་སྐྱོར་དཔོན་ཟེར་མིང་བཏགས་པ་རེད།
- བུ་ཆུངཨ་ནི་་་་མཁན་པོ་འདི་གང་འདྲས་ཟེར་གོ་བ་ལེན་དགོས་རེད་ལགས།
- སྐུ་ཞབསམཁན་པོ་ཟེར་བྱས་དཱ་ཁོ་རང་རང་མཁན་པོ་ཟེར་བྱས་ན་ནི་ད་ཨ་་་་་བླ་མ་སློབ་མ་དང་འདི་འདྲས་ལ་ཆོས་འཆད་མཁན་གྱི། དཱ་པོ་ཟེར་དུས་ང་ཚོས་བདག་པོའི་སྒྲ་རེད་པཱ།
- བུ་ཆུངཨོ།རེད།རེད།
- སྐུ་ཞབསབྱེད་པ་པོའི་སྒྲ་རེད་ཟེར། ཆོས་འཆད་མཁན་གྱི་བྱེད་པ་པོའི་ཟེར་མཁན་བཟོ་འདྲའི་ཅིག་བཤད། འོ་་་་འདི་འདྲས་བཟོ་འདྲའི་ཅིག་ཕྱིན་པ་རེད།
- བུ་ཆུངལགས་སོ།
- སྐུ་ཞབསམཁན།མཁན།ཟེར་ཡས་འདི་ད་ཁོ་རང་ཨོའོ་་་།ཆོས་དང་འདི་འདྲས་འཆད་མཁན་མཁན་འདི་ལ་གོ་ན་འགྲིག་གི་ཡོའོ་༿ཡོད་༾རེད།
- བུ་ཆུངཨ་ལས།ལགས་སོ།
- སྐུ་ཞབསཔོ་ཟེར་ཡས་འདི་དཱ་ཁོ་རང་བདག་པོའི་སྒྲ་ལ་ཕྱིན་པ་རེད།
- བུ་ཆུངལགས་སོ་ལགས་སོ། མཁན་པོ་འདི།
- སྐུ་ཞབསའོ་ལགས།
- བུ་ཆུངལགས་སོ། ཨ་ནི་་་་འདིའི་ཨོའོ་་་་བཤད་གྲྭ་གླིང་འདི་ཐོག་མར་ཡ་དེའི་ཡ་སྔགས་པ་གླིང་ཟེར་ཡས་ཅིག་ཟེར་གྱི་རེད་པས།
- སྐུ་ཞབསའོ་་་་རེད་ལགས། དཱ་ཨཱ་་་་བསམ་ཡས་དཱ་འདིའི་ལོ་རྒྱུས་ཀྱི་བྱས་པ་ཡིན་ན། དཱ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ལ་དཱ་ཨཱ་གང་ཡིན་བྱས་ན། གླིང་བཞི་དང་གླིང་ཕྲན་བརྒྱད་ལ་དཔེ་བླངས་ནས། དེ་ནི་ཕྱོགས་བཞིའི་ལྷ་ཁང་འདི་གས་བཞེངས་བཞག་བྱས་པ་རེད་པཱ།
- སྐུ་ཞབསཨ་ནི་་་་དབུ་རྩེ་རིགས་གསུམ་དཱ་རི་རབ་ཀྱི་ཚུལ་དུ་བཞེངས་བྱས་དེ་ནི་དེ་ནས་ཤར་སྒོ་འཇམ་དཔལ་གླིང་ནས། དེ་ནས་ཤར་ལུས་འཕགས་པོ་རྣམས་དེ་འདྲས་གླིང་ཕྲན་བརྒྱད་ལ་དཔེ་བླངས་ནས་བཟོས་འདུག་གཱ་གླིང་བཞི།
- སྐུ་ཞབསཨ་ནི་་་་་འདི་བཟོ་དུས་སྐབས་ལ་ད་ལྟའི་ང་ཚོའི་བཤད་གྲྭ་ཁང་འདི་ཆགས་སའི་ས་ཆ་རང་འདི་བྱས་ན་བདེ་འདུན་སྔགས་པ་གླིང་སྟེང་དུ་ཆགས་ཡོའོ་༿ཡོད་༾རེད་ཟེར་གྱི་འདུག
- བུ་ཆུངཨ་ལས།
- སྐུ་ཞབསབདེ་མདུན་སྔགས་པ་གླིང་འདི་དཱ་ས་ཆ་གཅིག་གཅིག་ཀྱང་ཆགས་ཡོའོ་༿ཡོད་༾མ་རེད་ཟེར། བདེ་འདུན་སྔགས་པ་གླིང་འདི་ད་ལྟའི་ང་ཚོའི་གཞོགས་ཤར་དེར་ཏོག་ཙམ་ས་ཆ་དེ་བསྡད་ཡོའོ་༿ཡོད་༾རེད་ཟེར་གྱི་འདུག
- བུ་ཆུངལགས་སོ།
- སྐུ་ཞབསརྗེས་མ་བཞེངས་ཡས་བྱས་པ་ཡིན་ན་ལའི་ཡང་ཁོ་རང་ས་ཆ་གཅིག་ཡོའོ་༿ཡོད་༾རེད་ཟེར་གྱི་འདུག གཞན་སྔོན་ས་ཆ་འདི་གའི་བཟོ་འདྲའི་གཅིག་རེད། ད་ཁུངས་འདྲ་ཅིག་འདི་ས་ཆ་འདིའི་ཁུངས་ལ་སླེབས་ཀྱི་རེད། གླིང་ཕྲན་ཁུངས་ཟེར་སླེབས་ཀྱི་རེད།
- བུ་ཆུངལགས་སོ། ཨ་ནི་་་་བསམ་ཡས་ལ་གླིང་བཞི་གླིང་ཕྲན་བརྒྱད་དེ་ག་རེ་ག་རེ་ཡིན་ནམ། ལགས།
- སྐུ་ཞབསགླིང་བཞི་གླིང་ཕྲན་བརྒྱད་ཟེར། དཱ་ས་ཁོངས་ཁོ་རང་རང་ད་ཁོ་རང་ང་ཚོའི་ཆོས་ལུགས་ཀྱི་ནང་དཱ།རིའི་རྒྱལ་པོ་རི་རབ་དང་འདི་འདྲས་བརྩིས་དུས། སྤྱིའི་དཀྱིལ་ལ་རིའི་རྒྱལ་པོ་རི་རབ་རེད་པཱ།
- སྐུ་ཞབསཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན་ཟེར་དེ་ནི་ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ། ཞང་ཞུང་འདས་དང་༿གཡོ་ལྡན་དང་༾ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་ཡང་དག་ཟེར་བྱས་ལས་འབྲས་བརྒྱད་དེ་འགྲོ་དགོས་རེད་པཱ།
- བུ་ཆུངརེད།རེད།
- སྐུ་ཞབསདཱ།ང་ཚོའི་འདི་གིའི་ནང་ལ་བྱས་ན་ཤར་སྒོ་འཇམ་དཔལ་གླིང་བྱས།
- བུ་ཆུངཤར་སྒོ་འཇམ་དཔལ་གླིང་།
- སྐུ་ཞབསལྷོ་སྒོ་རྟ་མགྲིན་གླིང་།
- བུ་ཆུངལྷོ་སྒོ་རྟ་མགྲིན་གླིང་།
- སྐུ་ཞབསནུབ་སྒོ་བྱམས་པ་གླིང་། བྱང་སྒོ་སངས་རྒྱས་གླིང་ཟེར་བྱས་པ་རེད་པཱ།
- བུ་ཆུངཨ་ལས་ལགས་སོ།
- སྐུ་ཞབསདཱ།ཤར་ལ།ཤར་ལ་ཁོ་རའི་གླིང་ཕྲན་གཉིས་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངལགས་རེད།
- སྐུ་ཞབསགླིང་ཕྲན་གཅིག་གི་དཱ་འདི་འདི་རེད། ཨོའོ་་་་།རྣམ་དག་ཁྲིམས་ཁང་གླིང་རེད།
- བུ་ཆུངརྣམ་དག་ཁྲིམས་ཁང་གླིང་།
- སྐུ་ཞབསཤར་ལ། འོ་ཨོ།༿རེད།༾རྣམ་དག་ཁྲིམས་ཁང་གླིང་ཟེར་མཁན་འདི་སྔོན་མ་དཱ་འདི་མཁན་པོ་དཱ་བོ་དྷི་ས་ཏྭ་བོད་ལ་ཕེབས་པ་རེད་པཱ།
- སྐུ་ཞབསཁྲི་སྲོང་ལྡེ་བཙན་འདི་ཚོས་གདན་འདྲེན་ཞུས་ནི། ཨ་ནི་་་།དེ་དུས་སྐབས་ལ་བོད་ཀྱི་ད་སད་མི་མི་བདུན་རབ་ཏུ་བྱུང་བ་རེད་པཱ། ཨ་ནི་་་་སད་མི་ཟེར་དུས་དཱ་ཁོ་རང་ཉམས་སད་མཁན་ཚོད་ལྟའི་མི་རེད་པཱ། དཱ།
- བུ་ཆུངའོ་རེད།
- སྐུ་ཞབསཨ་ནི་་་་འདི་རབ་རབ་ཏུ་བྱུང་བའི་རྐྱེན་གྱི་བྱུང་སའི་ཁང་པ་དེ་རེད། རྣམ་དག་ཁྲིམས་ཁང་གླིང་ཟེར་འདི་ས་ཆ་དེ་རེད། དེ་ནི་འདིའི་དེ་ནས་གླིང་ཕྲན་གཅིག་ལ་བརྡ་སྦྱོར་ཚངས་པ་གླིང་རེད།
- བུ་ཆུངབརྡ་སྦྱོར་ཚངས་པ་གླིང་།
- སྐུ་ཞབསགང་ཟེར་ཁ་ཅིག་ནང་བརྡ་སྦྱོར་ཚངས་མངས་གླིང་ཟེར་གྱི་འདུག ཁ་ཅིག་གིས་བྱས་ན་བརྡ་སྦྱོར་ཚངས་པ་གླིང་ཟེར་ཕལ་ཆེར་སྔོན་མ་བོད་ཀྱི་བོད་ཕྲུག་དེ་ཚོ་ཕལ་ཆེར་རིག་གནས་དང་འདི་འདྲས་སྦྱངས་སའི་ཁང་པ་ཡིན་ས་རེད།
- སྐུ་ཞབསབོད་ཕྲུག་ དེ་ཚོ་བརྡ་སྦྱོར་ཚངས་པ་གླིང་ཟེར་བྱས་ཟེར་གྱི་འདུག་གཱ་ཁ་ཅིག་གིས། བརྡ་སྦྱོར་ཚངས་པ་གླིང་ཟེར།
- སྐུ་ཞབསདཱ།ཤར་གྱི་གླིང་ཕྲན་གཉིས་དེ་འདི་རེད་པཱ།
- བུ་ཆུངའོ་རེད།
- སྐུ་ཞབསལྷོར་དཱ་གླིང་ཕྲན་གཉིས་ཡོའོ་༿ཡོད་༾རེད་པཱ། ལྷོ་ལ་སྒོ་རྭ་དཀྱིལ་འདི་ལ་རྟ་མགྲིན་གླིང་རེད་པཱ།
- བུ་ཆུངའོ་རེད།
- སྐུ་ཞབསདེ་ནི་འདི་གའི་གཞོགས་འདིའི་ཡ་གཅིག་ལ་བདེ་འདུན་སྔགས་པ་གླིང་བྱས།
- བུ་ཆུངསྔགས་པ་གླིང་བྱས།
- སྐུ་ཞབསགཞོགས་གཅིག་ལ་སྒྲ་བསྒྱུར་རྒྱ་གར་གླིང་འདི་རེད་འདུག་གཱ
- བུ་ཆུངའོ་རེད།
- སྐུ་ཞབསབདེ་འདུན་སྔགས་པ་གླིང་ལ་སྔོན་མ་གཙོ་བོ་ཆེ་ཤོས་དཱ་ཁོ་རའི་ཨ་་་་་འདི་བྱས་པ་ཡིན་ན། ཆོ་ག་ཕྱག་ལེན་དང་འདི་འདྲས་ཨ་་་་རྒྱུན་འདི་ཡིན་ས་རེད། གྲྭ་ཚང་བཟོ་འདྲའི་འདི་ཡིན་ས་རེད།
- སྐུ་ཞབསསྒྲ་བསྒྱུར་རྒྱ་གར་གླིང་འདི་དཱ་བོད་ཀྱི་དཱ་འདིའི་རྒྱ་གར་དང་འདི་འདྲས་ཀྱི་རིག་གནས་ཚུར་བསྒྱུར་ས་དེ་སྒྲ་བསྒྱུར་རྒྱ་གླིང་འདིར་ཐོག་མ་ཚུར་བསྒྱུར་ས་དེ་རེད་པཱ། སྒྲ་བསྒྱུར་རྒྱ་གར་གླིང་།
- སྐུ་ཞབསདཱ་ནུབ་ལ་ཡང་ཁོ་དཀྱིལ་ལ་ཁོ་རང་གླིང་བྱས་ན། ནུབ་སྒོ་བྱམས་པ་གླིང་འདིར་འགྲོ་དགོས་རེད་པཱ། ནུབ་སྒོ་བྱམས་པ་གླིང་བྱས།
- སྐུ་ཞབསདེ་ནི་དེ་ལ་གླིང་གཡོག་གཉིས་ཅིག་ཡོའོ་༿ཡོད་༾རེད་པཱ། གླིང་གཡོག་གཉིས་ཡོའོ་༿ཡོད་༾རེད། གཅིག་དཔའ་བོ་བཻ་ཙ་གླིང་ཟེར་གྱི་རེད་པཱ།
- བུ་ཆུངདཔའ་བོ་བཻ་ཙྭ་གླིང་། འོ།
- སྐུ་ཞབསདཱ་འདིའི་གཞོགས་འདིར་གླིང་ཕྲན་གཅིག་ཡོའོ་༿ཡོད་༾རེད་པཱ། གཞོགས་ཨཱ་འདིའི་དཔའ་བོ་བཻ་ཙྭ་གླིང་བྱས། གཞོགས་འདི་གའི་གླིང་ཕྲན་འདིའི་མིང་ལ་འདི་ཟེར་གྱི་རེད།
- སྐུ་ཞབསཨ་་་་ད་ནི་གླིང་ཕྲན་འདིའི་མིང་ད་གའི་དྲན་ཁག་པོ་འདྲ་ཅིག་བྱས་སོང་།
- བུ་ཆུངཨ་་་་གའི་གནང་གི་མ་རེད།༿སྐྱོན་གང་ཡང་ཡོའོ་མ་རེད།༾
- སྐུ་ཞབསཨན།དཔའ་བོ། དཔའ་བོ་བཻ་ཙྭ་གླིང་དང་ད་འདི་འདྲས་གཅིག་གི་མིང་འདི་འདི་རེད།
- སྐུ་ཞབསཨ་ནུབ་འདི་རེད་པཱ། དཔའ་བོ་བ་ཙྭ། མིའུ་བསམ་གཏན་གླིང་།
- བུ་ཆུངམིའུ་བསམ་གཏན་གླིང་། ཨ་ལས།ལགས་སོ།
- སྐུ་ཞབསམིའུ་བསམ་གཏན་གླིང་། འོ་་་་འདི་འདྲས་གཉིས་རེད་པཱ། དཱ།བྱང་ལ་གླིང་ཕྲན་ཟེར། དཱ།གླིང་གཅིག་དང་གླིང་གཡོག་གཉིས་ཀྱི་བཟོ་འདྲའི་རེད་པཱ།
- སྐུ་ཞབསའོ་་་།དཀྱིལ་དེ་ལ་བྱང་སྒོ་སངས་རྒྱས་གླིང་རེད། དཀྱིལ་སངས་རྒྱས་གླིང་དེ་ལ་དེ་ནི་གཞོགས་གཅིག་ལ་ད་འདིའི་དེ་རེད་པཱ། དེ་ནི་ཨོའོ་་་་གཞོགས་འདི་དཔལ་མཁར་དཀོར་མཛོད་གླིང་རེད་པཱ།
- བུ་ཆུངལགས་སོ།
- སྐུ་ཞབསའོ་་་།དཔལ་མཁར་དཀོར་མཛོད་གླིང་དང་གཞོགས་འདི་ལ་དཱ་འདིའི་འདི་རེད་པཱ། ཨ་་་་འདི་རེད།གང་ཟེར།
- སྐུ་ཞབསངོ་མཚར་ཐུགས་རྗེ་གླིང་རེད་འདུག
- བུ་ཆུངངོ་མཚར་ཐུགས་རྗེ་གླིང་ཏག་ཏག་རེད་ཤག ལགས་སོ།
- སྐུ་ཞབསའོ་་་་འདི་འདྲས་རེད་འདུག ངོ་མཚར།ངོ་མཚར་ཐུགས་རྗེ་གླིང་། ངོ་མཚར་ཐུགས་རྗེ་གླིང་ཡིན་ས་མ་རེད།
- སྐུ་ཞབསདཱ་ལྷ་ཁང་འདིའི་མིང་ད་གའི་ཡང་བརྗེད་གྲབས་བྱེད་ཀྱི་འདུག
- བུ་ཆུངལགས་སོ། གའི་གནང་གི་མ་རེད། ཨ་ནི་་་།ཤར་ལ། ཤར་དང་འདིའི་ཡར་བྱང་ལ་ཡ།
- སྐུ་ཞབསབྱང་ལ་ཨོའོ་་་།ད་ལྟའི་འདི་རེད། བྱང་སྒོ་བྱང་སྒོ་སངས་རྒྱས་གླིང་རེད་པཱ། གཞོགས་འདིའི་ཡར་དཀོར་མཛོད་གླིང་རེད་པཱ།
- བུ་ཆུངའོ་་་་རེད།
- སྐུ་ཞབསཡར་དཀོར་མཛོད་གླིང་དང་།གཞོགས་འདིའི་ད་ལྟའི་འདི་རེད། ཨ་་་ལྷ་ལྔ་མཆོད་འཇུག་འདི། ད་ལྟ་དེང་སང་བྱས་ན་རྫོགས་ཆེན་ལྷ་ཁང་ཟེར།ཟེར་གྱི་རེད་དའི། དཱ་འདི་གླིང་ཕྲན་ཁག་ལ་མིང་གཅིག མིང་འདི་ཡོའོ་༿ཡོད་༾རེད། ང་མིང་འདི་ལམ་སེང་བརྗེད་འགྲོ་གི་༿ཡི་༾འདུག
- བུ་ཆུངཨོའོ།ལགས་སོ། གའི་༼གང་ཡང་༽གནང་གི་མ་རེད། ལགས་སོ་ལགས་སོ།
- བུ་ཆུངཨ་ནི་་་།དེ་ནས་གླིང་ཕྲན་འདི་གི།
- སྐུ་ཞབསགླིང་ཕྲན་འོ་་་་འདི། བརྒྱད་པོ་འདི་གས་དེ་རེད།
- བུ་ཆུངདེ་ནི་མཆོད་རྟེན།
- སྐུ་ཞབསམཆོད་རྟེན་བཞི་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངམཆོད་རྟེན་བཞི་ཡོའོ་༿ཡོད་༾རེད་པས།
- སྐུ་ཞབསདཱ།འོང་་་་ད་ལྟའི་མཆོད་རྟེན་དཀར་པོ་དང་། མཆོད་རྟེན་དཀར་པོ་སེང་གེ་བརྒྱད་ཀྱི་རྒྱན་ཟེར་བྱས། དཱ།ཁོ་ལ་ཕྱོགས་བཞི་ལ་སེང་གེ་བརྒྱད་བརྒྱད་ཀྱི་རྒྱན་འདུག་གཱ ཕྱོགས་རེ་རེར་སེང་གེ་གཉིས་གཉིས་བྱས་བྱས་ཕྱོགས་རེ་རེར། སེང་གེ་བརྒྱད་བརྒྱད་རྒྱན་མགོ་དང་བརྟེན་ད་ལྟའི་འདིའི་ལོགས་ལ་མཆོད་རྟེན་དམར་པོ་རེད་པཱ།
- བུ་ཆུངམཆོད་རྟེན་དམར་པོ།
- སྐུ་ཞབསམཆོད་རྟེན་དམར་པོ་མཆོད་རྟེན་སྟོང་གི་རྒྱན་ཟེར་བྱས་བྱས་ཁོ་རང་།
- བུ་ཆུངམཆོད་རྟེན་དམར་པོ་མཆོད་རྟེན་སྟོང་གི་རྒྱན།
- སྐུ་ཞབསཨཱ་ཁོ་རང་ཉིད་ལ་ཡང་མཆོད་རྟེན་སྟོང་ཕྲག་གཅིག་འདུག་གཱ
- བུ་ཆུངཨ་ལས། ལགས་སོ་ཏག་ཏག།
- སྐུ་ཞབསའོ་་་་འདི་རེད། པདྨ་སྟོང་གི་རྒྱན་རེད།
- བུ་ཆུངཔདྨ་སྟོང་གི་རྒྱན།
- སྐུ་ཞབསཨོའོ་་་་ཁོ་རང་པདྨ་མཆོད་རྟེན་རེད།
- བུ་ཆུངལགས་སོ།
- སྐུ་ཞབསཨོའོ་་་་ད་ལྟའི་འདིའི་མཆོད་རྟེན་འདི་གཅིག་ཡོའོ་༿ཡོད་༾རེད་པཱ། ནག་པོ་མཆོད་རྟེན་ནག་པོ་མཆོད་རྟེན་སྟོང་གི་རྒྱན་ཟེར་བྱས། ཁོ་འདི་རེད་འདུག། བཟོ་ལྟ་བྱས་ན་མྱང་འདས་མཆོད་རྟེན་རེད་འདུག
- བུ་ཆུངམྱང་འདས་མཆོད་རྟེན།
- སྐུ་ཞབསའོང་་་་་དེ་ནི་ཁོ་རང་ནི་ཡང་མཆོད་རྟེན་སྟོང་གི་བརྒྱན་འདུག་གཱ
- བུ་ཆུངཨ་ལས། ལགས་སོ།
- སྐུ་ཞབསའོང་་་་དེ་ནི་ཨོའོ་་་།མཆོད་རྟེན་དཱ་འདིའི་སྔོན་པོ་གཅིག་ཡོའོ་༿ཡོད་༾རེད་པཱ། མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་གི་རྒྱན་ཟེར་བྱས་ཁོ་རང་ལྷ་ཁང་བཅུ་དྲུག།
- བུ་ཆུངམཆོད་རྟེན་སྔོན་པོ་བླ་བྲང་ལས་མིང་ལྷ་ཁང་བཅུ་དྲུག་གི་རྒྱན།
- སྐུ་ཞབསའོང་།༿རེད།༾
- བུ་ཆུངཨ་ལས།ལགས་སོ་ལགས་ལགས།
- སྐུ་ཞབསཁོ་རང་ལའི་༿ལ་ཡང་༾ཡང་ལྷ་ཁང་བཅུ་དྲུག་འདུག
- བུ་ཆུངལགས་སོ། ཨ་ནི་་་་།འདི་གས་བསམ་ཡས་དགོན་པ་རང་འདི་གཙུག་ལག་ཁང་རང་འདི། ཨཱ་རྟེན་གཙོ་བོ་དང་གཅིག་ངོ་སྤྲོད་ཞིག་གནང་རོགས།
- སྐུ་ཞབསདཱ།ཁོ་རང་རང་ཨཱ་བསམ་ཡས་གཙུག་ལག་ཁང་རང་གི་རྟེན་གྱི་གཙོ་བོ་ཆེ་ཤོས་ཇོ་བོ་བྱང་ཆུབ་ཆེན་པོ་འདི་རེད་འདུག་གཱ
- བུ་ཆུངལགས་སོ།
- སྐུ་ཞབསཇོ་བོ་བྱང་ཆུབ་ཆེན་པོ་ར་འདི་སྔོན་ནས། སྔོན་མ་བྱས་ན་དཱ་བསམ་ཡས་གཙུག་ལག་ཁང་བཞེངས་ནས་ཧད་པོ་རི་ནས་རང་བྱོན་ལ་འཁྲུངས་འདུག་གཱ རྡོ་སྐུ་རང་བྱོན་རེད་འདུག
- བུ་ཆུངལགས་སོ།
- སྐུ་ཞབསརྡོ་སྐུ་རང་བྱོན་བྱས་བྱས། དཱ་འདི་ཕྱིས་སུ་དཱ་ང་ཚོའི་དཱ་བོད་དང་རྒྱ་གར་ནང་འདི་འདྲས་བཟོ་བོ་མཁས་པ་འདི་འདྲས་ཡོའོ་༿ཡོད་༾རེད་པཱ།
- བུ་ཆུངའོ་ཨོ་རེད།
- སྐུ་ཞབསཡང་ཁོ་རང་ཚོ་ཚུར་རྣམ་པ་འདི་གསལ་དུ་གཏང་པ་ཡིན་ས་རེད། ཐོག་མ་བྱས་ན་དཱ་རྡོ་སྐུ་རང་བྱོན་བྱས། དེ་ནི་རྗེས་ལ་ཚུར་རྣམ་པ་འདི་གསལ་དུ་བཏང་ནས་དེ་ནི་བསམ་ཡས་གཙུག་ལག་ཁང་འདིར་དེང་སང་ཡང་ད་ག་རང་རེད།
- བུ་ཆུངལགས་སོ།
- སྐུ་ཞབསད་སྔོན་མ་དཱ་འདིའི་དོན་འགྱུར་བྱུང་བ་རེད་པཱ། དཱ་རིག་གནས་གསར་བརྗེ་ཆེན་པོའི་འདི་འདྲས་སྐབས་ལ། དེ་ནི་ཡང་གཏོར་པ་རེད་ཟེར། འདི་བྱས།དཱ་འདིའི་དབུ་འདི་སྔོན་མ་གཏོར་པ་རེད་ཟེར་གྱི་འདུག་རིག་གནས་གསར་བརྗེའི་སྐབས་ལ།
- སྐུ་ཞབསདེང་སང་དབུ་འདི་དཱ་འདི་རེད། རིན་ཆེན་དང་འདི་འདྲས་དང་འདི་འདྲས་ཀྱི་འཇིམ་པ་སྣ་མིན་སྣ་ཚོགས་ཀྱི་བཞེངས་བཞག་པ་འདི་འདྲས་རེད་འདུག
- བུ་ཆུངགསར་པ་བཞེངས་བྱས། ལགས་སོ།
- སྐུ་ཞབསགཞན། སྐུ་གཟུགས་རང་འདི་སྔོན་མ་དཱ་ག་རང་འཇགས།རང་འཇགས་རེད་འདུག
- བུ་ཆུངལགས།ལགས།ལགས། ལགས།ཐུགས་ཆེ་གནང་། ལགས། ཐུགས་ཆེ་གནང་།