23 Mar 2016
1 min 3 sec
Audio Overview
Creators:
Nyanyang Group
A nomadic proverb from Drango, Ganzi Prefecture, Sichuan
- སྟོབས་ཆེ་བ་གངས་རིའི་སེང་གེ་འདྲ།
- ཐབས་ཤེས་རབ་ནམ་མཁའི་གློག་ཞག་འདྲ།
- ཐང་གི་རྡོ་བླངས།
- རིམ་གི་བྲོ་ལྷུང་།
- ཐམས་ཅད་དགའ་ན་དགེ་བ་ཡིན།
- ཕ་མ་དགའ་ན་དྲིན་ལན་ཡིན།
- ཐག་རིང་ཐུང་གཉིས་ཀར་བྲོ་དགོས།
- དགྲ་ཡོད་མེད་གཉིས་ཀ་དོགས་དགོས།
- དད་པའི་ཆོས་ལ་དད་ལོག
- འཇིག་རྟེན་འཁོར་བ་ཞེན་ལོག
- བདེན་རྫིན་བར་ན་སོར་བཞི་ཡོད།
- སྐྱིད་སྡུག་བར་ན་གོམ་གང་ཡོད།
- སྡེ་མགོ་སྐྱོང་ན་ཁོག་རྒྱ་ཆེ་དགོས།
- རྒོད་པོ་འཁྲིད་ན་མཐུར་མདའ་རིང་དགོས།
- ནད་མཁྲིས་པ་ཅན་གྱི་མིག་ལམ་ན།
- དུང་དཀར་པོའི་ཁ་དོག་སེར་པོ་རེད།
- ནམ་མི་ལང་ཀ་མེད་ཉི་མས་དེད།
- ས་མི་རུབ་ཀ་མེད་གྲིབ་མས་དེད།
- དཔའ་ངར་ངར་ཁོག་ལ་མི་ཆུད།
- མཚོན་རྣོན་པོ་ཤུབས་ནས་མི་འདུག
- དཔོན་ཆེན་པོའི་ཁ་བཟང་དོན་མེད་ཡིན།
- ནམ་རིང་པོའི་རྨི་ལམ་སྟོང་བ་ཡིན།
- དཔྱད་པ་སྔོན་ནས་བཏང་ན་མཁས་པ་ཡིན།
- འགྱོད་པ་རྗེས་ནས་སྐྱེས་ན་ལྒིན་པ་ཡིན།
- དཔྱིད་ཉི་རིང་པོར་དྲོད་གྲང་གསུམ།
- མི་ཚེ་རིང་པོར་སྐྱིད་སྡུག་གསུམ།