23 Mar 2016
1 min 1 sec
Audio Overview
Creators:
Nyanyang Group
A nomadic proverb from Drango, Ganzi Prefecture, Sichuan
- ཁ་དང་ཁོག་པ་དྲང་མོ་བྱོས།
- གློ་དང་རྒྱུ་མ་གཙང་མ་བྱོས།
- ཁ་ཡག་སྐམ་པོས་དོན་མི་འགྲུབ།
- ད་ར་རུལ་བའི་སྐོམ་མི་སོད།
- ཁ་སེམས་ཇ་དང་འོ་མ།
- ཁ་ཁོག་ཟྭ་དང་ལྡེའུ་མིག།
- ཁྱི་ངན་བཀག་ན་མི་ཁོག
- མི་ངན་བཟུང་ན་མི་ཐུབ།
- ཁྱོད་འུ་གཉིས་བསམ་པ་ཁ་ཁ་རེད།
- རྟ་འདོ་བའི་རྒྱུག་ལམ་སོ་སོ་རེད།
- ཁྱོད་ཤ་བོ་རྭ་ལག་མང་ན།
- ང་དགོ་རྭ་ཐེམ་པ་ལོས་ཡོད།
- ཁྲི་གདུགས་ཉི་མས་དེད་ཡོང་ན།
- སྐྱ་རེངས་མི་འཆར་ཁ་མེད་རེད།
- མཁས་པ་འཆུགས་ན་འདོམ་གང་།
- ཀླེན་པ་འཆུགས་ན་གོམ་གང་།
- སྐྱིད་པོ་ཡོད་ཚད་ཕ་ཡུལ་རེད།
- མཐུན་མོ་ཡོད་ཚད་ཕུ་ནུ་རེད།
- ས་གང་ལ་སོང་ན་ཡུལ་རེད།
- ཆུ་གང་འཐུང་ཐམས་ཅད་ཇ་རེད།
- གོ་ཁའི་རྒན་མོ་ཁ་མཁས་མ།
- ཁ་ལོས་མཁས་གོ་ཁ་དྲོ་ནི་རེད།
- གོ་བ་མེད་པའི་གླང་རྒན་ལ།
- རྒྱལ་པོའི་བཀའ་ལས་དབྱུག་པའི་བཙན།