19 Mar 2016
2 min 4 sec
- སྟོད་ལྷ་སའི་ཇོ་ཁང་ཐོ་ཡོག་ན།
- བན་སེར་མོ་བརྒྱ་འཚོགས་སྟོང་འདུས་རེད།
- མགོའི་ཞྭ་མོ་གྱོན་ནོ་འདྲ་འདྲ་རེད།
- ཆོས་དྲི་མེད་གསུང་ཚུལ་ཁ་ཁ་རེད།
- སྟོད་ལྷ་སའི་ལབ་ཙེ་གོང་འོག་ན།
- སྟག་ཤ་ར་བརྒྱ་འཚོགས་སྟོང་འདུས་རེད།
- བོའུ་ཁྱ་རིང་ཁུར་ནོ་འདྲ་འདྲ་རེད།
- བུ་ཇག་ལ་འགྲོ་ཚུལ་ཁ་ཁ་རེད།
- ཁྱིམ་གཡང་ཁང་གྲུ་བཞིའི་ཐོང་འོག་ན།
- སྨན་བུ་མོ་བརྒྱ་འཚོགས་སྟོང་འདུས་རེད།
- གོས་ཚ་རུ་གྱོན་ནོ་འདྲ་འདྲ་རེད།
- སྨན་གནས་ལ་འགྲོ་ཚུལ་ཁ་ཁ་རེད།
- གོས་ཚ་རུ་གྱོན་ནོ་འདྲ་འདྲ་རེད།
- སྨན་གནས་ལ་འགྲོ་ཚུལ་ཁ་ཁ་རེད།