18 Mar 2016
2 min 1 sec
- ཡང་ལ་རྫ་རི་ཡག་གི་ཁ་སྒང་གི
- ཁྱེད་ལ་བྲེ་སེར་འབྲོང་ཁྱུ་གཤར་གཤར་ཆེས།
- ན་ལ་ཡག་པོ་མེ་ཏོག་དུས་ཁུག་གི
- ང་ལ་བེའུ་ཆུང་ཁམ་པ་ངུར་ངུར་བྱེད།
- ཟོག་ལ་འདོག་སའི་སླས་ར་འུ་གཅིག་ལྟ།
- ཟོག་ལ་འདོག་སའི་སླ་ར་མ་གཅིག་ན།
- ཟོག་ལ་འཚོ་སའི་རྫ་ལོང་གཅིག་ག་འཇོག།
- ཡང་ལ་བྲག་རི་ཡག་གི་ཁ་སྒང་གི
- ཁྱོས་ལ་ཐང་དཀར་རྒོད་པོ་འཕུར་འཕུར་བྱེད།
- ཡང་ལ་ནག་རི་ཡག་གི་དོས་ཁུག་གི།
- ང་ནི་ལྷ་བྱ་ཁུ་ལོ་གྲགས་གྲགས་བྱེད།
- བྱ་ནི་གྲགས་སའི་ནགས་རི་འུ་གཅིག་ལྟ།
- བྱ་ལ་གྲགས་སའི་ནགས་རི་མ་གཅིག་ན།
- བྱ་གྲགས་སའི་ནག་ལོང་གཅིག་ག་འཇོག།
- ཡང་ལ་སྡེ་རི་ཡག་གི་ཁ་སྒང་གི།
- ཁྱོད་ལ་ཕ་བཟང་བུ་ཁ་འབུད་འབུད་བྱས།
- ཡང་ལ་སྡེ་ཉུང་ཡག་གི་དོས་ཁུག་གི
- ང་ལ་ཞང་བཟང་ཚ་ལོ་འབུད་འབུད་བྱེད་།
- ཁྱིམ་ལ་གཅིག་ལ་འཕུར་ཕྱོགས་འུ་གཅིག་ལྟ།
- ཁྱིམ་ལ་གཅིག་ལ་འཁོར་ཕྱོགས་མ་གཅིག་ན།
- མིག་ལ་ཁྲ་ཆུང་ལྟ་ཕྱོགས་གཅིག་གི་འཇོག